སྐྱེ་བོ་གཅིག་ལ་གྲིབ་མ་གཉིས།༼རང་མོས༽


ང་རང་འཆམ་འཆམ་ལ་འགྲོ་སའི་ནགས་ཀྱི་ཀློང་དུ
འཆི་བ་ཁོ་ན་ཉི་འོད་བཞིན་གསལ

གཡུལ་འཁྲུག་དང་ཟིང་ཆ་མེད་ལ
བསིལ་རླུང་ཡང་ཅི་ཞིག་ལ་འཇབ་པ་བཞིན་ལྷིང་འཇགས་སུ་གནས་མོད
ལུས་སྟེང་གི་སྲིན་འབུ་དང
སེམས་ནང་གི་འཆར་གཞི་དེ་དག
མིག་མེད་པའི་ཀེང་རུས་དག་གིས་འཚང་ཁ་རྒྱག་པ་འདྲ

ལོ་ངོ་དུ་མའི་སྔོན་གྱི་གཉེན་སྟོན་ཞིག་ཏུ
མི་ཚོགས་ཀྱི་གཡང་འབོད་ཁྲོད་ནས
བག་ལྭ་གསར་བ་གྱོན་པའི་བུ་མོ་དེས
བགྲེས་མོ་ཞིག་གི་ངོ་གདོང་འབག་ཏུ་གྱོན་ཏེ
རང་གི་ཚ་བོ་དང་ཚ་མོར་སྐྲག་སློང་གིན་འདུག

ནགས་ཀྱི་མཐའ་རུ་བྲོས་ཏེ
ནད་ཡམས་ཀྱིས་བསྙལ་བའི་འདམ་མྱགས་སུ་མཆོངས་པར་རྩོམ་དུས
ང་རང་ལ་གྲིབ་མ་གཉིས་འདུག
གཅིག་ནི་ནམ་ཡང་རྗེས་སུ་དྲུད་ཡོད་པ་དེ་རེད
ཅིག་ཤོས་དེ་གཏན་ནས་མཐོང་མ་མྱོང་བ་ཞིག་རེད
               
          ༢༠༡༢ལོའི་ཟླ་༦པའི་ཚེས་༢༩ཉིན།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱེ་བོ་གཅིག་ལ་གྲིབ་མ་གཉིས།༼རང་མོས༽


ང་རང་འཆམ་འཆམ་ལ་འགྲོ་སའི་ནགས་ཀྱི་ཀློང་དུ
འཆི་བ་ཁོ་ན་ཉི་འོད་བཞིན་གསལ

གཡུལ་འཁྲུག་དང་ཟིང་ཆ་མེད་ལ
བསིལ་རླུང་ཡང་ཅི་ཞིག་ལ་འཇབ་པ་བཞིན་ལྷིང་འཇགས་སུ་གནས་མོད
ལུས་སྟེང་གི་སྲིན་འབུ་དང
སེམས་ནང་གི་འཆར་གཞི་དེ་དག
མིག་མེད་པའི་ཀེང་རུས་དག་གིས་འཚང་ཁ་རྒྱག་པ་འདྲ

ལོ་ངོ་དུ་མའི་སྔོན་གྱི་གཉེན་སྟོན་ཞིག་ཏུ
མི་ཚོགས་ཀྱི་གཡང་འབོད་ཁྲོད་ནས
བག་ལྭ་གསར་བ་གྱོན་པའི་བུ་མོ་དེས
བགྲེས་མོ་ཞིག་གི་ངོ་གདོང་འབག་ཏུ་གྱོན་ཏེ
རང་གི་ཚ་བོ་དང་ཚ་མོར་སྐྲག་སློང་གིན་འདུག

ནགས་ཀྱི་མཐའ་རུ་བྲོས་ཏེ
ནད་ཡམས་ཀྱིས་བསྙལ་བའི་འདམ་མྱགས་སུ་མཆོངས་པར་རྩོམ་དུས
ང་རང་ལ་གྲིབ་མ་གཉིས་འདུག
གཅིག་ནི་ནམ་ཡང་རྗེས་སུ་དྲུད་ཡོད་པ་དེ་རེད
ཅིག་ཤོས་དེ་གཏན་ནས་མཐོང་མ་མྱོང་བ་ཞིག་རེད
               
          ༢༠༡༢ལོའི་ཟླ་༦པའི་ཚེས་༢༩ཉིན།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།