ཉོན་མོངས།༼བཅད་མ༽


ལུས་པོ་ཅི་ཙམ་བཀྲུས་ཀྱང་།།
སེམས་ལ་ས་རྡུལ་བབབ་པས།།
རྨི་ལམ་འཁྲུག་པར་དོགས་ནས།།
གཉིད་སྨན་ཡང་ཡང་བཏུང་སོང་།།

ལག་ཕྱིས་དཀར་པོ་ཞིག་ལས།།
རྙོག་ཆུ་ནག་པོ་བཙིར་ཏེ།།
མེ་ལོང་ཁྲ་ཁྲ་ཕྱིས་ནས།།
ཕྱི་དྲོ་མང་པོ་འདས་སོང་།།

གླེགས་བམ་མཐུག་པོ་ཞིག་ལ།།

རྩིས་ཁྲ་སྣ་ཚོགས་བཀོད་ཅིང་།།

ཡན་ལག་ཉིང་ལག་སྡོམ་པའི།།

ཐ་གུར་མདུད་པ་བརྒྱབ་བཞག།

ན་ནིང་བཙུགས་པའི་ཟམ་པ།།
ད་ལོ་བརྒལ་དགོས་མི་འདུག།
ཆུ་མོ་ཟམ་པ་བསྐྱུར་ནས།།
གོ་ལ་གཞན་དུ་བཞུར་སོང་།།

གཉིད་ལས་སད་འདུག་སྙམ་ནས།།
ལག་པ་ཕར་ལ་བསྲིངས་ཀྱང་།།
མཛུབ་སྣེ་ཐོགས་སའི་རྡོ་བ།།
ངོ་བོ་གཞན་དུ་འགྱུར་སོང་།།

རི་མོའི་ངོས་ཀྱི་མཛེས་མར།།
ཤི་གསོན་མེད་པར་འདུག་ཀྱང་།།
འདྲིས་པའི་སྙིང་གི་བྱམས་པ།།
རྒས་ནས་གོ་བ་ལོག་སོང་།།

ཁྱི་དེ་སྐར་མར་ཟུག་ནས།།

ནམ་གུང་ཕར་ལ་འདས་སོང་།།

སྨག་རུམ་ཁྲོད་ཀྱི་གླུ་བ།།
བསྒུགས་ཀྱང་བསླེབ་རྒྱུ་མ་བྱུང་།།

སྲེད་པས་བརྩིགས་པའི་མཁར་གྱང་།།

རང་གི་རྩིབས་མར་གྱུར་སོང་།།
རང་གིས་རང་ལ་བཟོས་པའི།།
ལུས་ཀྱི་བཙོན་ཁང་འགྲུབ་སོང་།།

མ་ཅིག་ལབ་ཀྱི་སྒྲོན་མས།།
རྐང་གླིང་ཅི་ཙམ་བུས་ཀྱང་།།
དུར་དུ་སྦས་པའི་མགོ་བོ།།
ནམ་ཡང་སད་ཐབས་མ་བྱུང་།།
 

ངོས་གཅིག་ཁྱོད་རང་ཡིན་ཞིང་།།
གཞན་དེ་ང་རང་ཡིན་པའི།།

གསེར་གྱི་དོང་ཙེ་དེ་ཉིད།།

ཕུག་པ་ནག་པོར་ལྷུང་བས།།


བར་ཐག་ཅི་ཙམ་ཉེ་ཡང་།།
ཕན་ཚུན་མཐོང་ཐབས་བྲལ་བ།།
མི་གསལ་འཁོར་བའི་མིག་འདིས།།

འུ་གཉིས་སྡུག་ལ་སྦྱར་སོང་།།

           ༢༠༡༢ལོའི་ཟླ་༣པའི་ཚེས་༣༠ཉིན་སྦྱར་བའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉོན་མོངས།༼བཅད་མ༽


ལུས་པོ་ཅི་ཙམ་བཀྲུས་ཀྱང་།།
སེམས་ལ་ས་རྡུལ་བབབ་པས།།
རྨི་ལམ་འཁྲུག་པར་དོགས་ནས།།
གཉིད་སྨན་ཡང་ཡང་བཏུང་སོང་།།

ལག་ཕྱིས་དཀར་པོ་ཞིག་ལས།།
རྙོག་ཆུ་ནག་པོ་བཙིར་ཏེ།།
མེ་ལོང་ཁྲ་ཁྲ་ཕྱིས་ནས།།
ཕྱི་དྲོ་མང་པོ་འདས་སོང་།།

གླེགས་བམ་མཐུག་པོ་ཞིག་ལ།།

རྩིས་ཁྲ་སྣ་ཚོགས་བཀོད་ཅིང་།།

ཡན་ལག་ཉིང་ལག་སྡོམ་པའི།།

ཐ་གུར་མདུད་པ་བརྒྱབ་བཞག།

ན་ནིང་བཙུགས་པའི་ཟམ་པ།།
ད་ལོ་བརྒལ་དགོས་མི་འདུག།
ཆུ་མོ་ཟམ་པ་བསྐྱུར་ནས།།
གོ་ལ་གཞན་དུ་བཞུར་སོང་།།

གཉིད་ལས་སད་འདུག་སྙམ་ནས།།
ལག་པ་ཕར་ལ་བསྲིངས་ཀྱང་།།
མཛུབ་སྣེ་ཐོགས་སའི་རྡོ་བ།།
ངོ་བོ་གཞན་དུ་འགྱུར་སོང་།།

རི་མོའི་ངོས་ཀྱི་མཛེས་མར།།
ཤི་གསོན་མེད་པར་འདུག་ཀྱང་།།
འདྲིས་པའི་སྙིང་གི་བྱམས་པ།།
རྒས་ནས་གོ་བ་ལོག་སོང་།།

ཁྱི་དེ་སྐར་མར་ཟུག་ནས།།

ནམ་གུང་ཕར་ལ་འདས་སོང་།།

སྨག་རུམ་ཁྲོད་ཀྱི་གླུ་བ།།
བསྒུགས་ཀྱང་བསླེབ་རྒྱུ་མ་བྱུང་།།

སྲེད་པས་བརྩིགས་པའི་མཁར་གྱང་།།

རང་གི་རྩིབས་མར་གྱུར་སོང་།།
རང་གིས་རང་ལ་བཟོས་པའི།།
ལུས་ཀྱི་བཙོན་ཁང་འགྲུབ་སོང་།།

མ་ཅིག་ལབ་ཀྱི་སྒྲོན་མས།།
རྐང་གླིང་ཅི་ཙམ་བུས་ཀྱང་།།
དུར་དུ་སྦས་པའི་མགོ་བོ།།
ནམ་ཡང་སད་ཐབས་མ་བྱུང་།།
 

ངོས་གཅིག་ཁྱོད་རང་ཡིན་ཞིང་།།
གཞན་དེ་ང་རང་ཡིན་པའི།།

གསེར་གྱི་དོང་ཙེ་དེ་ཉིད།།

ཕུག་པ་ནག་པོར་ལྷུང་བས།།


བར་ཐག་ཅི་ཙམ་ཉེ་ཡང་།།
ཕན་ཚུན་མཐོང་ཐབས་བྲལ་བ།།
མི་གསལ་འཁོར་བའི་མིག་འདིས།།

འུ་གཉིས་སྡུག་ལ་སྦྱར་སོང་།།

           ༢༠༡༢ལོའི་ཟླ་༣པའི་ཚེས་༣༠ཉིན་སྦྱར་བའོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།