མཐོང་སྣང་ཞིག༼རང་མོས༽

གངས་རིའི་རྔམ་ཟིལ་དང་མཚོ་མོའི་ཞི་དུལ་གྱིས་བཟོས་པའི

ཆུ་ཡི་ཐིགས་པ་ཆུང་ཆུང་ཤིན་ཏུ་ལྕི་བ་ཞིག་གིས
ང་ཡི་བྲང་ཁོག་གི་སྙིང་ཉིད་གློ་བུར་གདན་དུ་བྱས
གནམ་ས་གཉིས་སྦྲེལ་མཚམས་ཀྱི་སྤྲིན་དམར་དག་ཀྱང་དུམ་བུར་ཆད་ཅིང
འབྲོང་གཡག་གི་དཔུང་ཚོགས་ཤིག་ཤར་ལེར་གཤར་བས
རྡུལ་འཚུབ་དང་འདྲེས་པའི་ཁ་བ་མཐུག་པོ་དེ
ཅི་ཞིག་གི་པགས་པ་བཤུ་བ་བཞིན་ཞི་བར་བྱེད་པ་མཐོང

ཉི་འོད་ཀྱི་ཀློང་དུ  པད་མ་དམར་པོ་རེ་གཉིས
འཁྱུག་ཙམ་འཁྱུག་ཙམ་བྱེད
ལག་པས་མི་ཟིན་པའི་མཛེས་པ་དེ་དག
ཨ་ཡིག་ཆེན་པོ་ཞིག་གི་རྩིབས་རུས་ཀྱི་ངོས་སུ་གསལ་ལེར་བཀྲ

ཞིབ་ཏུ་བལྟས་ཚེ
རྨ་ཁ་ཅན་གྱི་རྨི་ལམ་དེ་ནི
དར་ཅིག་མགོ་བོ་འཁོར་ནས་རྨིས་པ་ཉིད་དང
ཁྲག་དང་འདྲ་བའི་འཇིགས་སྣང་དེའང
དུག་སྦྲུལ་ཞིག་རང་གི་མཇུག་མ་ལ་བྲོས་པ་ཙམ་མོ།།

              ༢༠༡༢ལོའི་ཟླ་༣པའི་ཚེས་༦ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།