ས་རྡམ་①གྱི་འཇིག་རྟེན་ལ་བལྟས་པ།༼རང་མོས༽

ཆམས་ནད་ཀྱིས་ཉོབ་ཉོབ་པོར་བཏང་བའི་ལུས་པོ
དབང་ཤུགས་ཀྱིས་ར་རོ་བར་བཏང་བའི་སེམས་པ
བདག་མོ་དེའི་ཡལ་ཀར་སྨིན་པའི་ཀུ་ཤུ   རུལ་བའི་ཀུ་ཤུ
དུས་ཚོད་ཀྱིས་རླུང་གིས་ཟགས་པའི་ཚེ་སྲོག་གི་ཀུ་ཤུ
ཀླད་ནས་མ་འཕུར་བར་ཐོད་པར་ཕོག་པའི་མདེའུ
ལག་པ་དམར་པོ ཆགས་སྲེད་ཀྱི་ཆེད་དུ་བྱས་པའི་རི་མོ
རི་མོའི་ཐོག་གི་མཛེས་མ  མཛེས་མ་ཉིད་སྡིག་པར་སྦྱོང་བྱེད་ཀྱི་སྨྱུ་གུ
ལྕགས་ཀྱི་སྨྱུ་གུ ཤ་ཁྲག་གི་སྨྱུ་གུ  རྡུལ་ཕྲ་རབ་ཀྱི་སྨྱུ་གུ
ཡང་སྟེང་ནས་གཡུག་པའི་ལག་པ
ལག་པའི་ཕྱོགས་སུ་གཡུག་པའི་ལག་པ་གཞན་ཁྲི་འབུམ
དེ་དག་གི་བ་སྤུར་འཐམས་པའི་འབུ་སྲིན་དང་དུག་རྫས

ཆར་བ ཆར་བ ཆར་བ ཆར་བ
འབབ་མཚམས་ཆད་རྗེས་ང་ལ་སྐྲག་སྣང་ཞིག་བྱུང་བས
ཇོ་མོའི་གླང་མའི་རྩེ་མོར་འགོ་འདོད་ནའང
དགོས་པའི་ལྷམ་དེ་ཇི་ལྟར་བཙལ་ཀྱང་རྙེད་མ་བྱུང
                                        2009/10/3
                   ས་རྡམ་ཧུག་སེལ་(صدام حسين عبد المجيد التكريتي‎)ནི་༡༩༧༩ལོ་ནས་༢༠༠༣བར་གྱི་དབྱི་རག་གི་སྲིད་འཛིན་ཏེ། ༢༠༠༣ལོའི་དབྱི་རག་གཡུལ་འགྱེད་ཀྱི་སྐབས་སུ་ཨ་རིའི་དམག་གིས་ཁོའི་སྲིད་དབང་རྨེག་མེད་དུ་བཏང་བ་དང་ཁོ་རང་བཙོན་དུ་བཅུག་སྟེ་༢༠༠༦ལོའི་ཟླ་༡༡པའི་ཚེས་༥ཉིན་བསྒགས་གསོད་བཏང་། ཁོས་དབྱི་རག་གི་སྲིད་དབང་བཟུང་བའི་རིང་ལ། རང་དང་ལྟ་བ་མི་མཐུན་པའི་ཆོས་ལུགས་པ་དང་ཆབ་སྲིད་པ་མང་པོ་མངོན་ལྐོག་གང་རུང་ནས་བསད་པར་མ་ཟད།  ཉེས་པ་མེད་པའི་ཁོར་རྡིའི་མི་ཁྲི་ཕྲག་དུ་མ་དམར་གསོད་བཏང་། རང་གི་གཉེན་ཚན་དང་བུ་ཕྲུག་གིས་རྒྱལ་ཁབ་ཡོངས་ལ་ཁ་ལོ་སྒྱུར་བའི་སྲིད་ཇུས་ལག་ཏུ་བསྟར་བ་དང་“བདག་གིས་ཤོག་བུ་དཀར་པོའི་ངོས་སུ་བྲིས་སོ་ཅོག་ཐམས་ཅད་ནི་ཁྲིམས་ལུགས་ཡིན”ཞེས་པའི་ཚིག་ཀྱང་བཤད་མྱོང་བས་དུས་རབས་གསར་བའི་ལམ་ལུགས་སྒེར་གཅོད་པའི་མཚོན་དཔེར་འོས་པ་ཞིག་ཡིན།
   གོང་གི་སྙན་ངག་དེ་ནི་དབྱིན་ཇིའིbbcབརྙན་འཕྲིན་ཁང་གིས་བཟོས་པའི་ས་རྡམ་གྱི་བྱུང་བ་བརྗོད་པའི་གློག་བརྙན་ལེའུ་བཞི་ཅན་ཞིག་ཡོད་པ་དེར་བལྟས་རྗེས་ཀྱི་ཚོར་བ་བྲིས་པ་ཡིན་ལ་དབང་ཤུགས་ཀྱིས་མི་ཉིད་བླུན་པོར་གཏོང་བ་དང་། ཧམ་པ་དང་རང་ལྟ་མཆོག་འཛིན་གྱིས་མི་ཉིད་ཕམ་པར་གཏོང་བའི་གནས་ལུགས་དེ་གཞིར་བྱས་ནས་མིའི་རིགས་སྤྱིའི་ཕམ་ཉེས་ཤིག་དང་སྡུག་བསྔལ་ཞིག་ཀྱང་ཞོར་དུ་ཚོར་བྱུང་བའོ།།
   སྐབས་དེར་བདག་གི་ལུས་པོ་ནི་ཧ་ཅང་གནོད་པའི་ཆམས་ནད་ཀྱིས་མནར་བར་གྱུར།
   ཆར་བ་ནི་བདག་མ་ཟད་སྙན་ངག་པ་མང་པོའི་ཚིག་ཚོགས་བར་གྱི་ཡིད་བརྙན་གསོན་པོ་ཞིག་ཡིན་པས་དེང་ཡང་དེ་ལས་གཞན་པའི་གསར་བ་ཞིག་རྙེད་ཐབས་མ་བྱུང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།