འཆི་བ་ནི།༼རང་མོས༽

ཇོ་མོ་གླང་མའི་རྩེ་མོར་བཙུགས་པའི་དར་ལྕོག་རལ་བོ་དེས
རླུང་གི་ལག་པ་གཡར་ནས་གཡབ་གཡུག་ཐེངས་འགར་བྱས་ཚེ
སྐྱེ་བོ་རེ་རེའི་རྨི་ལམ་ནང་གི་སྐར་མདའ་དེས
བར་སྣང་སྟོང་བ་ནས་མེ་སྟག་ལན་འགར་གཙུབས

དེ་ལ་འབྱར་བའི་ཁ་བའི་འདབ་མ་དང་
འདི་ཡི་སྦུབས་སུ་ཉལ་བའི་ཕྱེ་མ་ལེབ་དང་
དེ་དག་བརྟོལ་ནས་གཏིང་རིམ་དུ་ཟུག་བཞིན་པའི་དུས་ཚོད་ཀྱི་མདའ་རྩེ་རྣམས
ང་ཡིས་ཁྱོད་ལ་རིན་པོ་ཆེའི་མེ་ཏོག་ཅིག་བཞིན་སྟོན་འདོད་ནའང
འཆི་བ་ནི་འུ་གཉིས་ཀྱི་བར་དུ་ལྡང་བའི་རླུང་འཚུབ་ཅིག་དང
གཙང་བོ་རབ་མེད་ཅིག་དང  བར་སྣང་གི་ཤིང་ཟམ་ཞིག་དང
ནང་ཁྲོལ་མ་ལུས་མེ་ཕུང་ཞིག་ཡིན་པའི་ཁྱི་སྨྱོན་ཞིག་ཡིན་པའི་ཕྱིར་ན
ཁྱོད་རང་ཡོང་གིན་པའི་དུས་སུ
ངས་ཁྱོད་རང་མི་མཐོང་བའི་ཁུལ་གྱིས
གཞན་ཞིག་ལ་ལྟ་ཁུལ་བྱ་དགོས་བྱུང

དོན་དུ་ངས་ལྟ་ས་དེ་ནི་འཇིག་རྟེན་གྱི་སྐྱེ་བོ་རེ་རེས་རང་གི་སེམས་ངོས་སུ་ལོ་ངོ་སྟོང་ལ་བྲིས་པའི
རྩིག་པ་ནག་པོ་དེ་ཡིན
                Sunday, October 9, 2011
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།