རྩེད་གྲོགས་སྐྱིད་པོ་ཞིག
ལག་པ་རྣོན་པོས་ལྟེ་ཐག་བཅད་པ་དང
ལུག་ཤ་རློན་པ་བཞིན་དུ་ས་ལ་ལྷུང
གྲིབ་མའི་གདོང་ལ་འགྲམ་རུས་ཕྱེད་ཀ་ཞིག
སོ་སྒྲ་འཆའ་བཞིན་སྐྲ་དང་བ་སྤུ་སྐྱེད
མེ་ལྕེའི་ནང་གི་ངུ་སྐད་དེ
མདེའུ་ཤོར་མས་རྒྱང་དུ་བསྐྱུར
དུས་ཚོད་སྒྲིམ་མཁན་འདི་ནི་ངས་མཐོང་འདོད
སྟོང་བ་རྩིག་མཁན་འདི་འང་ངས་མཇལ་འདོད
མཚན་མ་བརླག་ཀྱང་ཆགས་པའི་གྲ་མ་ཆག
གཉིད་དུ་ཡུར་ཀྱང་འཁོར་བའི་གྲུ་མ་ཞིག
རྩྭ་ནང་གི་རྒྱ་ཁབ
དབྱངས་ནང་གི་དུག
འཆི་བདག་ཁྱོད་ནི་རྩེད་གྲོགས་སྐྱིད་པོ་ཞིག
ང་ཡི་ཐེ་ཀེ་མ་སྦེད་ཚུར་ཁྱེར་ཤོག
2014 11 19
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།