"ཤམ་བྷ་ལའི"ཁྱི་རྒན།

                                    -----གློག་བརྙན《ཁྱི་རྒན》གླེང་བ།
                                                                                                                    
                                 སྣ་རྡེའུ།
 
  “ཁྱི་རྒན”རྒྱང་རིང་ནས་སྒྱིད་ལུག་ངང་ལན་འགར་ཟུག་ཡོང་བ་དེས། ཟི་ལིང་གྲོང་ཁྱེར་གྱི་ནམ་ཟླ་སྐྱ་བོའི་གཤམ་གྱི་བྱིང་ཞིང་རྨུགས་པའི་དཔྱིད་མགོ་འདི་དང་། དེ་མཚུངས་ཨ་རག་ལྡོམ་པོ་ཡི་སྐྱུག་རོ་དང་རྨི་ལམ་བདག་མེད་ཀྱི་ཟགས་ཁུ་ལྟ་བུའི། ཤོག་ལྷེའི་ལྟེབ་ཆག་དང་སྙུག་ཆུའི་སྐེམ་ཤུལ་ན་ཉོབ་ཅིང་ཞུད་དེ་ཡོད་པའི་བདག་གི་སེམས་ཁམས་འདི་ལ་ཡང་གཟེར་འགྱུ་ཁ་ཤས་ཐོན་དུ་བཅུག དུས་མཚུངས་སུ་ཚ་གྲང་མ་སྙོམ་པའི་གཅོང་ནད་ཀྱིས་སྦེབ་སྟེ་ཡོད་པའི་དེ་རིང་གི་བོད་སྤྱི་ཚོགས་ཀྱི་མཚེར་བའི་གསེབ་ལ་བསྣུན་ཡོད་པའི། བོད་ཀྱི་གློག་བརྙན་སྒྱུ་རྩལ་གྱི་རིག་ལམ་གསར་བའི་སྙུང་བུ་འདི་ལ་ཚིག་འགའ་ཡང་བྲི་འདོད་སྐྱེས་བྱུང་།  
  དབྱིན་ཇིའི་སྒྲུང་གཏམ་རྩོམ་པ་པོ་རྗམ་སི•ཧེལ་ཐན(詹姆斯·希尔顿)གྱིས་དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུའི་ནང་རྩོམ་གནང་མཛད་པའི《ཡལ་ཟིན་པའི་ས་ངོས་སྙོམ་ཐིག》གིས། ཐུ་བྷོད་ཅེས་པའི་གཡའ་གངས་ཁྲོད་ཀྱི་དུས་མཐའི་ཡུལ་གྲུ་ཉི་ཚེ་བ་འདི། རྟོག་བཏགས་ཀླུང་དུ་འབྱམས་པའི“ཞང་ཀི་ལེ་ལའི”འཇའ་གཟུགས་རབ་རིབ་དང་སྣང་བ་ཟ་ཟིའི་ཁྲོད།  ཡོ་རོབ་པའི་མཚར་འཛིན་མིག་གི་ཨ་ལོང་ལྗང་གུའི་གཏིང་ལ་ལྷ་སྒྲུང་གི་ཟིལ་ཆུ་བཞིན་ཡང་ཡང་འཐིག་པར་བྱས། འཛམ་གླིང་ཤིག་ཤིག་བསྒུལ་བར་བྱས་པའི་བཟོ་ལས་གསར་བརྗེ་ལ་དོགས་སློང་དང་ཕྱིར་རྟོག་བྱེད་མགོ་རྩོམ་པའི་ཁོ་ཚོས། དུས་དེ་ནས་བཟུང་ཉི་མ་ཤར་གྱི་གངས་ཧྲག་ཅིག་ན་བློ་ཡིད་ལས་འགོངས་པའི་མི་ཡུལ་གྱི་དག་ཞིང་ཞིག་ཡོད་པ་དྲན་གྱིན། གར་ཡོང་མི་ཤེས་པའི་ལག་མཐིལ་གྱི་བཟོད་མི་ཚུགས་པའི་ཟ་འཕྲུག་དེ་ལ་ཡང་ཡང་སྦར་འབྲད་བརྒྱབ།
  དེ་དག་ལས་ཆེས་བློ་ཡིད་ལས་འགོངས་པ་ནི་ནཱ་ཙིའི་མགོ་པ་ཧེ་ཐུ་ལེས། རྨི་ལམ་ལྟ་བུའི་“ཞང་ཀི་ལེ་ལ”འཚོལ་དུ་ལན་གྲངས7ལ་རྩད་ཞིབ་མི་སྣ་དངོས་སུ་མངགས་པས་མི་ཚད། ཨར་ཡན་མི་རྒྱུད་ཀྱི་དྭངས་གཙང་རུས་ཁུངས་ངོ་མ་ཡང་མདོ་དབུས་མཐོ་སྒང་ན་ཡོད་པར་རློམ་སྟེ། བོད་མིའི་ཕུང་ཁམས་སྐྱེ་མཆེད་ལ་ཚན་རིག་ལག་ཐབས་སྤྱད་དེ་བརྟག་དཔྱད་རབ་དང་རིམ་པ་བྱས་སྐད། ཐ་ན་ཨ་རིའི་སྲིད་འཛིན་རོ་སུབ་ཀྱིས་རང་གི་ཁམས་གསེང་བཞུགས་སྒར་གྱི་མིང་དུ་ཡང“ཞང་ཀི་ལེ་ལ”རུ་བཏགས་མྱོང་སྐད། གང་ལྟར་འཛམ་གླིང་སྒང་གི་རྩིང་ཞིང་རགས་པའི་བག་ཆགས་ཁྲོད། འུ་ཚོ་རང་གི་གོ་བ་ལེན་སྟངས་ལྟར་ན། བོད་ཅེས་པ་དེ་ནི་འཚེ་མེད་ཞི་བའི་ཀླུང་གི་ཞིང་མཆོག“ཤམ་བྷ་ལའོ”། །
  དེ་ལྟ་མོད་ཀྱི། གློག་བརྙན་གྱི་ལམ་ནས་རྒྱལ་སྤྱིའི་སྒང་ལ་བོད་ཀྱི་གདོང་བ་སྨུག་པོ་སྟོན་པར་བརྩོན་པའི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས། གློག་བརྙན《ཁྱི་རྒན》བརྒྱུད།  ནུབ་ཕྱོགས་རྒྱལ་ཁབ་ཀྱི་དཔྱད་ལ་མི་སྤྲོ་བ་མང་མང་གིས་དེ་རིང་བར་ད་དུང་ས་ན་གནས་པའི་ལྷ་ཡུལ་དུ་རློམ་ཞིང་། ཡང་ན“ཨ་མ་གཅིག་གི་བུ་མོར”གསུངས་མཁན་གང་དེས་རང་གི་ཁེ་ཕན་གྱི་ཕྱིར་བསམ་བཞིན་ལྷ་ཡུལ་དུ་འུད་སྒྲོག་བྱེད་པའི། འུ་ཚོའི་སྙིང་ཉེ་བའི“ཤམ་བྷ་ལའི”ནང་མཚང་དུམ་བུ་ཞིག ལྷམ་འཇའ་ཆེན་སྦུག་གི་སྣས་མི་ཚུགས་པའི་རྐང་རུལ་ཇི་བཞིན་འཛེམ་བག་མེད་པར་ཕྱིར་ཕྱུང་ཐོན།
                                                                   
                                                         གཅིག འགོང་རྡོ།

  ཐེ་ཆིའུའམ་སྟེགས་རྩེད་ལྒང་ལི་ཟེར་བའི་རྩེད་ཆས་འདི། བརྒྱ་ལོ་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་བོད་ལ་དར་བ་ནས་དེ་རིང་བར་ད་དུང་བསྟན་པ་མ་ནུབ་པར་ཡོད། བར་སྐབས་ཤིག་ནས་བཟུང་། དེའི་ནུས་པ་ཡང་ཐོག་མའི་རྩེད་ཆས་རྐྱང་རྐྱང་ནས་རྒྱན་པོ་སྐུག་བྱེད་དུ་གྱུར། དཔྲལ་ཀོ་སྣུམ་པོ་སོར་གྱིས་མི་བསླེབ་པའི་འབྲོག་པ་ལ་ལས་དབྱུག་གཙགས་གཅིག་གི་ལམ་ནས་ཟོག་ལུག་མང་པོ་འབའ་ངུར་དིར་དིར་ཤིང་སྟེགས་དེའི་ཁུག་མ་ཞབས་བརྡོལ་ནང་ལ་བླུགས་སོང་བའི་གཏམ་རྒྱུད་ཀྱང་ཐོས་རྒྱུ་ཡོད། དེ་མིན་སྒོར་རྡོག་ཆ་རེའམ་ཆང་རྒྱ་ལི་འགའ་རེ་ཕར་སྟེར་ཚུར་ལེན་བྱེད་པ་ནི་རྩེད་མོ་ཁོ་ནར་ངོས་འཛིན།  དུས་ཉི་མ་ནམ་ཞིག་གི་ཚེ། ཨ་ཕོ་ལུག་རྫི་སུ་ཞིག་གི་ཕ་རྒན་བསོད་སྐྱབས་སམ་ཆུང་མ་སྒྲོལ་ཁོས། ལྟས་ངན་ལྟར་ཤི་རྒྱུ་མེད་པའི་རྩེད་ཆས་སམ་རྩོད་ཆས་འདི་ལ་གཡར་མིང་འཕྲོད་པོ་ཞིག་བཏགས་སོང་། “འགོང་རྡོ”།
  དོན་དུ“འགོང་རྡོ”འདིས་བོད་པ་ཚོའི་སློག་པའི་རུམ་ཁུགས་ནས་ཤ་རྡོག་ཚིལ་ལིང་ག་ཙམ་འཁུར་སོང་བ་ཡང་དོན་གྱི་གཙོ་བོ་མ་རེད། གཙོ་བོ་ནི་འབུ་གྲོག་མའི་ཚུན་ཆོད་ཀྱི་སྲོག་ལྡན་ཡོད་རྒུ་བོ། ཞག་སྐར་མའི་ཁོམ་ལོང་མེད་པར་རང་རང་ཐད་སོ་ཡི་འཚོ་བའི་ཕྱིར་བྲེལ་བྲེལ་འཚུབ་འཚུབ་ངང་འདུར་ཞིང་རྒྱུག་གིན་པའི་དུས་འདིར། ལོ་ངོ་སྟོང་ཕྲག་རིང་གི་ཆང་སེར་ར་རིའི་ཁྲོད་ཀྱི་ཤོ་ཕོར་ཁྲོག་ཁྲོག་གམ་ཉི་མར་འདེ་བའི་ཞོར་གྱི་སྣ་ཐ་ཤུར་ཤུར་ཇི་བཞིན། འུ་ཚོས་ཡང་བསྐྱར་དུས་ཚོད་ཀྱི་འདུ་ཤེས་འཐོམ་སྤྱད་ལ། མཱ་ཅང་མིག་མངས་ཕུད། སྨད་ཙི་ནའི་ཡུལ་ནས་ལྡོམ་ཡོང་བའི་ཤིང་གི་བོང་རྒན་འདིའི་རྒྱབ་ཀྱི“འགོང་རྡོ”འདི་ཚོ་རྙེད་བྱུང་བ་དེ་རེད། དེ་བས། དལ་བྲེལ་ཅི་ཡང་མེད་པར“འགོང་རྡོ”རྩེད་མཁན་འགའ་གློག་བརྙན་གྱི་མགོར་སྣང་བྱུང་བ་དེས། རང་གི་ལེ་ལོ་དང་གཞན་གྱི་སྣང་ཆུང་ནས་བེད་མེད་དུ་བོར་ཡོད་པའི་བོད་ཀྱི་འཚོ་བའི་རྣམ་པ་ཞིག་མི་འདོད་བཞིན་དུ་མིག་ལམ་ལ་ཙར་ཙར་ནར་ནར་འཆར་བར་བྱེད།
  གློག་བརྙན་མགོ་བརྩམས་མ་ཐག སྦག་སྦག་འཁོར་ལོ་དང་ཁྱི་རྒན་གཉིས་ཀྱི་རྗེས་སུ་འབྲང་སྟེ། འུ་ཚོ་འདམ་མྱག་ལྗན་ལྗིན་གྱིས་ཁེངས་པའི་ཞང་ངམ་ཡུལ་ཚོ་ཆུང་ཆུང་དེའི་སྲང་ལམ་དུ་ཐོན། སྐྱུག་མེར་སློང་བའི་འདམ་རུལ་རྫོབ་ཉོག་དེ་དག་ནི། འཕྲུལ་ཆས་འདྲ་མིན་གྱི་ལྷུ་ལག་རྙིང་རལ་སྣ་ཚོགས་རྡོ་ཆག་བཙན་སྒྲིག་སྒོས་ལྷན་དུ་སྤུངས་པ་དང་འདྲ་བའི། གཞུང་ལམ་གཡས་གཡོན་གྱི་ཁང་པ་མཐོ་དམན་སོ་རྙིང་དེ་དག་ཁ་ཁ་སོ་སོར་མི་འཐོར་བའི་ཕྱིར་ཆེད་དུ་དཀྲུག་བཟོ་བྱས་པའི་སྤྱིན་འབག་དང་འདྲ། ཡང་ཆ་ཁ་ཡ་རྡེབ་ཀྱི་ཁང་པ་དེ་དག་གི་མཆན་ཁུང་དང་བརླ་བར་སོགས་ནས་ཕྱི་ཚོར་བལྟས་ན། རི་བོ་ལྗང་གུ། ནམ་མཁའ་སྔོན་པོ། སྤྲིན་པ་དཀར་པོ་སོགས་རང་བྱུང་བཀོད་པ་སྙིང་རྗེ་བོ་དག་གནའ་གདོད་མ་ཇི་བཞིན་མཛེས་སྡུག་ཁོ་ནར་མངོན། དེས་ནི་ལྷག་པར་དུ་འདི་འདྲའི་ཡུལ་ལྗོངས་ལ་གཞིས་ཆགས་པའི་ཞང་ངམ་ཡུལ་ཚོ་ནི། ཨ་ཅག་འབྲོག་མོའི་འོ་ཟངས་ནང་ལ་ལྷུང་བའི་ཙིག་རོ་ཞིག་དང་འདྲ་བར་རང་དབང་མེད་པར་མི་ཡི་ཡི་ག་འཆུ་བར་བྱེད།
  འོན་ཀྱང་ཁོར་ཡུག་འདི་ལ་འཕྲོད་པའི་ལོ་ཝང་ཚོ་ཕྱོགས་ཕྱོགས་ནས་བཀུག་ཡོང་།
  ཡང་གཅིག་བཤད་ན། ཡུལ་ཚོ་ཟེར་བའི་འདུས་སྡོད་སྒྲིག་གཞི་འདིའི་མ་ལག་ཁྲོད་ཀྱི་སློབ་གྲྭ། སྨན་ཁང་། མངག་གཏོང་ཁང་སོགས་ཀྱི་སྤྱི་ཚོགས་ཞབས་ཞུའི་བེད་ནུས་ནི་དེང་གི་འཚོ་བར་མེད་དུ་མི་རུང་། འོན་ཀྱང་ཐུན་མོང་གི་ཁེ་ཕན་འདི་དག་ལ་ངེས་པར་མི་སྒེར་པའི་གྱོང་གུད་སྔོན་དུ་གཏོང་དགོས་པ་ཞིག་ཡིན་ན། དཔྱིད་དཔལ་གྱི་རླུང་བུ་དང་བསྡོངས་ཏེ་ཡོང་བའི་རུལ་སྐྱུར་གྱི་དྲི་མ་ཁ་བོ་འདི་དག་ལ་གཉོམ་ཆུང་གི་མི་རྣམས་ཀྱིས་ཇི་ལྟར་འཁང་ར་བྱེད།
  དེ་ལྟར་ངག་ལྐུག་གེར་རང་གི་རྡོག་སྣེ་འཚོ་བཞིན་ག་ཙམ་འགོར་བ་ཡང་མ་ཤེས་མོད། ཉིན་ཞིག་འུ་ཚོས་ཚོར་ཡོང་བ་ནི“འགོང་རྡོ”ཡི་བསྟན་དོན་ཏེ། མཐོང་རྒྱུ་མེད་པའི་ཡི་དྭགས་བསེ་རག་གྲངས་མེད་རྐང་འཇབ་ལག་འཇབ་སྒོས“ཤམ་བྷ་ལའི”སྒང་ལ་ལུད་འོང་སྟེ། མཐར་ཐུག་ལྷས་འདབས་ཀྱི་ཁྱི་རྒན་ཚོ་དང་ལྷན་དུ། འགྲོ་མིའི་ཀུན་ཁྱབ་རིན་ཐང་ལ་སྨན་པའི་སྲོལ་རྒྱུན་རིག་གནས་རྫོགས་མེད་ཅིག ཤ་བཟས་རྗེས་མཆུ་ཏོ་འབྱིད་རྒྱུར་མི་དགའ་བའི་བོད་པ་ཚོའི་ཁ་ལག་བར་ནས་བལྡགས་སོང་བ་དེ་རེད།
  དེ་ལྟར་ར་མིན་ལུག་མིན་གྱི་ཚོགས་སྤྱི་ཡ་མ་བརླ་ཞིག་ཏུ་གྱུར་བའི་ཡང་འཕྲོ་ཞིག་ལ། འུ་ཚོར་བླ་འཁྱམས་པ་ལྟར་ཧ་ནེ་ཧོ་ནེར་ལུས་ཡོད་པའི་འབྲོག་པ་མགོན་པོའི་མིག་མདངས་དེ་འདྲ་ཐོན། ཐོས་ཚོར་སྦྲིད་པའི་རྣ་ལམ་དུ་འཁོར་ཡོང་བའི་བོད་ཀྱི་གླིང་སྒྲུང་དང་གཞས་མ་གཏམ་དེ་དག་ཀྱང་། ཉན་གྱིན་ཉན་གྱིན་འུ་ཚོ་རང་གི་སྐད་དང་ཡི་གེ་ཟེར་བ་དང་ལར་ནས་འབྲེལ་བ་མེད་པ་དང་འདྲ། ཐ་ན་དེ་དག་ཀྱང་ཕ་བུ་ཚོའི་ཁང་པ་སྐྱ་ལེབ་སྦུག་གི་བརྙན་འཕྲིན་ལས། མི་ལ་སུན་གཙེར་ཡོང་བའི་བར་སྐད་ངག་འཛེར་འཛེར་སྒོས་རིན་གོང་སླ་བའི་གསེར་ཉོ་རྒྱུ་ཡོད་རབས་ཡོད་ཚུལ་འུད་སྒྲོག་པའི་ཚོང་འཕྲིན་དེ་ནང་བཞིན། རྣམ་ཤེས་དག་ཞིང་ལ་འདྲེན་མཁན་དུ་རློམ་པ་སུ་ཞིག་གིས། མགོན་མེད་སྐྱབས་མེད་ངང་ཚེ་ཕྱི་མའི་བར་དོར་འཁྱམས་ཏེ་ཡོད་པའི་གཤིན་པོ་གང་ཞིག་ལ་བཏབ་པའི་བླ་འགུག་རྫུན་མ་ཞིག་དང་ཡང་འདྲ། དེ་བས་ཏན་ཏན་སྲང་ལམ་གྱི་སྐྱིབས་ཤིག་ནས་ཐུ་བ་ཡར་གཟེད་དེ་གཅིན་པ་ཤག་ཤག་གཏོང་བ་དེ་ཡང་རྒྱུན་ཆགས་སུ་ཡོད་པའི་སྤྱོད་པ་རང་ག་བ་ཞིག་ཏུ་མཐོང་།
                                                                   
                                 གཉིས།  “མི་འཐེན།” “མི་འཚོང་།”      
  
  ཐ་མག་གཏུལ་མཁན་དང་ཁྱི་རྒན་ཚོངས་ཟེར་མཁན་ཚོར་སྟེར་བའི་ལན་སྟབས་བདེ་འདི་ནི། མགོན་པོའི་ཕ་རྒན་གྱི་གཤིས་ཁའི་ནང་གི་གཡག་རྭ་ལྟར་གུག་ཡོད་པའི་ཨུ་ཚུགས་གྱོང་བོ་དེ་རེད་ཟེར་ཆོག་ལ། དེ་བས་ཀྱང་གནའ་མི་བགྲེས་པོ་ཞིག་གིས་ཤི་འཕྲོ་གད་རྩར་ཐུག་པའི་དཔའ་རྟུལ་ཞིག་དང་འདྲ་བར། མེས་པོའི་བཙན་རྫོང་སྨུག་པོ་འཇིག་ཤུལ་གྱི་གཡའ་ལེབ་རེ་གཉིས་ད་དུང་སྲོག་བསྡོས་སྒོས་སྲུང་བའི་གཏན་ཚིགས་རིགས་ཤིག་རེད་ཅེས་ཀྱང་བཤད་ཆོག  ཁ་ཚོན་གཅད་ཐུབ་པ་ནི། སྐབས་འདིར་སྒམ་མདོག་གི་ལོ་ཝང་ཚོས་ལྐོག་ན་ཁ་ལག་པས་བཀབ་སྟེ་རྒད་པོར་ཁོང་དགོད་ལྷུག་ལྷུག་རྒྱག་གིན་ཡོད་པ་དེ་རེད།
  དེ་བས་ཀྱང་བཟོད་དཀའ་བ་ནི། བུ་མགོན་པོ་ཡང་དེ་ཚོའི་མཐོང་རྒྱུ་མེད་པའི་གཡོ་འོག་ཏུ་ཚུད་དེ་ཁྱི་རྒན་བཙོང་མྱོང་ལ། དེ་བས་ཀྱང་ཐད་ཀར་ཁྱི་ཚོང་ནང་འདྲེས་ཡོད་པའི་རྔོན་པའི་བུས་ནི་མངོན་ལྐོག་གཉིས་ནས་ཁྱི་རྒན་ལ་རྐུན་ལག་ཡང་ཡང་བསྲིངས། འོན་ཀྱང་ཁ་ཕྱིར་འཁོར་ནས་བཤད་ན། ཁྱི་མོ་མི་ཟུག་ཀ་མེད་ལ། རྐུན་མས་སྐེ་སོ་བྱས་པ་རེད། ཝ་མོ་མི་བརྒྱལ་ཀ་མེད་ལ། འདྲེ་མོས་ནག་འབུར་བརྒྱབ་པ་རེད་ཟེར་བ་ལྟར། མི་རབས་རྗེས་མའི་ཀུན་སྤྱོད་ཡ་མ་གཟུགས་འདི་དག་ལ་ཡང་རྒྱུ་མཚན་མེད་པ་ཞིག་གཏན་ནས་མ་རེད། དེ་ལ་སོ་སོས་བསམ་བློ་བཏང་ན་ངེས་པར་ཡིད་ལ་འཆར་ཡོང་བ་ཐུབ་པ་ཞིག་ཀྱང་རེད།
  གློག་བརྙན་ལ་ཕྱིར་འདང་བརྒྱབ་ན། ཕར་འགྲོ་ཚུར་འོང་གི་རླངས་འཁོར་ཆེ་མ་ཆུང་གསུམ་དང་། གད་སྙིགས་འཚོལ་གྱིན་སྲང་ལམ་ན་རྒྱ་ཡན་དུ་ལྡོམ་པའི་ར་ཕག་ཁྱི་གུ་སོགས་ལ་ཅེར་རེར།  མགོན་པོས་སྦག་སྦག་གི་གོང་ནས་ཆུང་མའི་ཨ་ཅེར་སྒུག་སྡོད་པའི་སྐབས་དང་། ཡང་བཀག་བསྐྱིལ་བྱས་རྗེས་མངག་གཏོང་ཁང་གི་ཉིས་ཐོག་གི་ཤེལ་ཁྱམས་ནས། འགབ་ཀྱི་སྲང་ལམ་རྫོབ་པོ་དེར་དྲན་པ་ཐོར་བ་བཞིན་ཧད་དེ་བལྟས་སྡོད་པའི་སྐབས་ཀྱི་མིག་མདངས་དེ་ནི་བརྗེད་ཐབས་མེད་པ་ཞིག་རེད། དེ་ནི་རང་ཉིད་བོར་སོང་བའི་མིག་མདངས་མག་མོག་ཅིག་རེད། སང་ཉིན་ལ་གཏད་སོ་བྲལ་བའི་མིག་མདངས་སྟོང་ཧང་ཧང་ཞིག་རེད། དེ་བས་ཀྱང་ཡུལ་སྐྱིད་པོ“ཤམ་བྷ་ལ”དང་འབྲེལ་བ་ཅི་ཡང་མེད་པའི་མིག་མདངས་ཆ་མེད་རྒྱུས་མེད་ཅིག་རེད། ཡང་དེ་དང་ལོ་ཝང་གིས་རྒྱ་ལྭ་གཡང་ཤམ་བྱས་ཤིང་ལག་ཏུ་ཇ་ཕོར་ཐོགས་ཏེ་ཡུལ་ཉི་ཚེ་བའི་དཔོན་ཆུང་ཞིག་ལྟར། རང་རློམ་དང་བཅས་རྣམ་རིག་ཀྲོང་ཀྲོང་ཁྱི་ཚོང་གཏམ་པའི་བཟོ་ལྟ་གཉིས་ལ་གཤིབ་བསྡུར་ཞིག་བྱས་ན། མ་མཐར་ཡང་མི་རབས་ཤིག་རང་གི་སྲོལ་རྒྱུན་གྱི་ཕྲེང་ཐག་ནས་རང་དབང་མེད་པར་ས་ལ་འཐོར་འགྲོ་བའི་རྒྱུ་མཚན་སྣ་གཅིག་འུ་ཚོས་རྙེད་ཐུབ། དེ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་བཟའ་དཔོན་དང་མ་བོས་མགྲོན་པོ་གཉིས་གོ་ལྡོག་ཏུ་སོང་བས་རེད། དེ་བས་ཀྱང་ཤོག་ལོར་ཁོ་ན་དྲན་མཁན་དེ་ཚོས་ཁྲེལ་བག་ལས་འདས་པའི་ཤོ་རྫིག་ཤོས་དག་ཕུ་ཐུང་ནང་བསྐུངས་བཞག་སྟེ། དེ་རིང་ད་དུང་བབ་ཆགས་པའི་མི་ཡི་རྩ་བའི་ཀུན་གཤིས་འགའ་རེ་སྲུང་མཁན་ཚོར་རྒྱན་པོ་འཛུགས་པས་རེད། གཡོ་ཚོང་རྒྱག་པས་རེད། ལྐོག་བསླུ་བྱེད་པས་རེད།
  གང་ལྟར“མི་འཐེན”དང“མི་འཚོང”ཟེར་མཁན་གྱི་རྒན་རབས་པ་དང་། “བརྐུ་ལ་འཆོར་བ་ལས་འཚོང་ན་དགའ”ཟེར་མཁན་གཞོན་རབས་པ་གཉིས་ནི། དཔེར་ན་སྲོལ་རྒྱུན་རིག་གནས་ཀྱི་དོང་ཙེའི་ངོས་གཉིས་རེད། ཉིན་ལ་རི་མོ་དང་སྲིབ་ལ་ཡི་གེ་འཁུར་བའི་དངོས་པོ་སྣུམ་ཀྲིག་གེ་བ་དེ།  ཨ་ཅེ་ཝ་མོས་གླུ་བ་ཁྭ་ཏའི་ཁ་ནང་གི་ཤ་རྡོག་ལེན་པ་ཇི་བཞིན ནམ་ཉི་མ་ཞིག་ལ“ཤམ་བྷ་ལའི”ཁྱི་རྒན་གྱི་ལྕགས་ཐག་འཐོར་བའི་སིང་སྒྲ་དང་ལྷན་དུ། ལོ་ཝང་ཚོའི་གཏིང་མི་མཐོང་བའི་ཁུག་མའི་ནང་ལ་ལྷུང་འགྲོ་བར་སུ་ཞིག་གདོན་ཟ། དེ་བས་ཇི་སྲིད“ལོ་ཝང”འཚོ་བ་དེ་སྲིད་དུ། ས་བཤིག་པའི་གྲོག་མ་དང་རྩྭ་འཇོམས་པའི་ཨ་བྲ་གར་ཡོང་མི་ཤེས་པ་བཞིན། མགོན་པོ་དང་ཁོའི་ཕ་རྒན། དེའི་ཁར་མནའ་མ་བཞག་སྟེ་ལོ་ཐོག་ཟླ་བརྩེགས་ལ་ཉིན་སྲུང་མཚན་སྲུང་བྱས་རུང་ཁྱི་རྒན་གྱི་མགོ་ཁེབས་མི་སྲིད།
                                        
                                གསུམ།“ཁྱི་རྒན་བཙོང་བ་ལས་ང་བཙོང་འཇོག་མོད།”

  རབ་འབྱམས་ས་ཡི་གོ་ལའི་སྐམ་ས་ཆེན་མོ་དང་རྒྱ་མཚོ་ཡོད་དོ་ཅོག ཐ་ན་བསྐལ་བའི་འཁྱགས་རོམ་ཡང་ཤོ་མིག་ཇི་བཞིན་མིའི་རིགས་ཀྱིས་གཏུབས་བགོ་བྱས་ཚར་བའི་ཉིན་མོ་འདིར། བོད་ཀྱི་འབྲོག་པ་ཚོར་ཡང་རང་མོས་གང་འདོད་ལྟར་རྩྭ་ཆུ་སྙེག་ཆོག་པའི་འཚོ་གནས་བདག་མེད་དམ་རྟེན་གཞི་ལྷག་མ་ཞིག་ཡོད་མི་སྲིད། དེ་བས་མགོན་པོའི་ཕ་རྒན་གྱི་གཏམ་དཔེ་སྟེ། “ཤྭ་ཤོད་ལ་འཕབ་མཁན་ཁྱི་རེད། ཁྱིར་ལ་དཀར(གཉོར་སྐྱོང)གཏོད་མཁན་མི་རེད”ཟེར་བའི་རྒྱ་ཡན་གྱི་རྔོན་པའི་དུས་སྐབས་སམ་རྔོན་པའི་རིག་གནས་ནི་ལོ་རྒྱུས་སུ་གྱུར་སོང་བ་མ་ཟད། ཐ་ན་ཁོས“ཕྱུགས་ཀྱི་རྒྱབ་རྟེན་ཁྱི་ཡིན”ཞེས་གདོད་མའི་འབྲོག་ཐང་གི་ཕྱུགས་འཚོ་སྟངས་ཤིག་མཐའ་གཅིག་ཏུ་ཨུ་ཚུགས་སྐྱེལ་ཡོང་རུང་། ཕྱུགས་སྐྱུར་རྩྭ་གསོ། སྐྱེས་ཁམས་སྲུང་སྐྱོབ། མཉམ་ལས་ཁང་སོགས་སྐྱིད་པོ་ཁོ་ན་ཡིན་འདྲའི་འཚོ་སྟངས་གསར་བ་དེ་དག་གིས། ཆུང་ནས་ཆུང་དུ་སྐུམ་གྱིན་པའི་འབྲོག་རུ་རིག་གནས་སྤྱི་ལ་གཤགས་བཅོས་བྱེད་དང་བྱེད་མུས་སུ་ཡོད་པས་ན། ཕྱིའི་རྣམ་པའི་ཆ་ནས་བེད་མེད་དུ་ལུས་པའི་ཁྱི་རྒན་ཚོ་ཚར་བཞིན་པ་ཡང་གླེང་རིན་མེད་པ་ལྟར་དུ་སྣང་། འོན་ཀྱང་རྒད་པོས“ངོ་ཚ་རྒྱུ་མེད་པའི་ཁྲེལ་མེད་ཁྱོད། ཁྱི་རྒན་བཙོང་བ་ལས་ང་བཙོང་འཇོག་མོད”ཟེར་འོང་དུས། ངའི་ཚོར་སྣང་ལ་ཁྱི་རྒན་ལྟ་ཞོག འུ་ཚོས་ཕ་ཡུལ་ཧྲིལ་པོ་ལས་ཀྱང་མི་ཚད་པ་ཅི་ཞིག་གཞན་ལ་འཚོང་གིན་འདུག  ཡང་ན་རིན་མི་དགོས་པར་གཞན་ལ་སྟེར་གྱིན་འདུག  དེ་ནི་ཅི་ཞིག་ཡིན་ནམ།
  རང་གི་སྡེར་མའི་ནང་ནས་ཤ་རྡོག་ཅིག་དང་གོ་རེ་ལྷག་འཕྲོ་ཞིག་བླངས་ཏེ། རྒད་པོས་ཟ་ཁང་གི་སྒོ་ཁར་བཏགས་ཡོད་པའི་ཁྱི་རྒན་དང་རྟ་རྒན་གཉིས་ལ་ལྟོ་སྐལ་བྱིན། དེ་ནི་ཚུལ་འཆོས་ཅི་ཡང་མ་འདྲེས་པའི་གནའ་མི་ཞིག་གི་ཀུན་སྤྱོད་སྤྱིར་བཏང་བ་ཞིག་རེད། དེར་མ་ཟད། དུས་དེ་རིང་ལ་ཐུག་གི་བར། འབྲོག་པས་མི་རྟ་ཁྱི་གསུམ་ནི་རྔོན་པའི་དུས་རབས་ནས་བཟུང་མནའ་བཅད་ཡིན་ཟེར་ལ། ཁ་དཔེར། ལོ་རྒས་རུང་ཕ་རྟ་ཇག་ལ་མི་བཙོང་། ཧོན་ལོག་རུང་སྒོ་ཁྱི་མཚེར་ནས་མི་བསྐྱུར་ཟེར། འདི་འདྲའི་བབ་ཆགས་ཀྱི་མི་ཚེའི་མཚན་ཉིད་དང་འཚོ་བའི་བརྩེ་དུངས་ཀྱིས་མཚོན་པའི། སྲོལ་རྒྱུན་ངོས་ཀྱི་གཏན་ཚིགས་ཟེར་བའི་གནམ་ལྕགས་ཕུར་བ་དེ། དབང་ཆེན་ས་གཞིའི་མཐིལ་ལ་སྒུལ་མེད་ཚུགས་མེད་ངང་གདབ་ཡོད་པའི་མཛེས་པ་དེ་སྣང་མེད་དུ་བསྐྱུར་ཕོད་མཁན་ག་ཙམ་ཡོད། མཐར་གཏུགས་ན་འཇིག་རྟེན་འདོད་ཡོན་ལས་རིང་དུ་ཐོད་བརྒལ་བྱས་ཡོད་པའི་གཤིས་ཀ་འདི་འདྲ། མིའི་རིགས་ཡུན་རིང་འཚོ་ལ་ཕན་པའི་རླབས་ཆེན་གྱི་ཨུ་ཚུགས་ཤིག་མ་རེད་ཟེར་ཐུབ་མཁན་ཡང་ག་ཙམ་ཡོད།
                                                           
                                བཞི། ར་མདའ།

  རྟ་རྒན་བཞོན་ཏེ་ཁྱི་རྒན་ལེན་དུ་ཡོང་ལུགས་འདི་ལ། ངས་ཀྱང་ཨུ་ཚུགས་སྒོས་དཔའ་བོའི་དུས་རབས་ཀྱི“ར་མདའ”ཞེས་པའི་ཐ་སྙད་འདི་སྦྱོར་ན་འདོད། འོན་ཀྱང་ལོ་ཝང་གི་ཕུ་རུང་ནང་ལ་སྔ་མོ་ནས་ཨ་ཁུ་ཁྲོ་ཐུང་གི་མདའ་ཡིག་འབྱོར་ཡོད་པས། འུ་ཚོའི་དཔའ་རྟུལ་བགྲེས་པོ་འདིས་ཡང་བསྐྱར་བུ་མགོན་པོ་ཇི་བཞིན་ཉེན་རྟོག་པ་རྡོ་རྗེ་བཙལ་ཏེ། རང་ཉིད་ཚ་སྣར་ལེན་མཁན་ལོ་ཝང་ལ་ངོ་ཆེན་མི་ཞུ་ཀ་མེད་བྱུང་། དེའི་ཡང་རྗེས། བུ་མགོན་པོ་ཡང་ཁྱི་རྒན་གྱི་ར་མདར་ཐེངས་གཅིག་རྒྱུག་མྱོང་། མ་ཟད་རང་གི་རྣོ་ལྕགས་ཤིག་ཡིན་བསམ་ཡོད་པའི་ཁུ་ཚུར་རྡོག་རྡོག་དེ་མཐུར་ལས་གློད་སོང་། འོན་ཀྱང་མཐའ་མཇུག་གི་དྲག་ཆས་དེ་གཞུ་ས་ལོ་ཝང་ཡིན་རུང་འཁེལ་ས་རང་ཉིད་དུ་གྱུར། སྐབས་དེ་འདྲར། ངོ་མཚར་སྟོང་གིས་སྤྲས་པའི“ཤམ་བྷ་ལའི”ཚོགས་ཞིང་ཧྲིལ་པོས་ཀྱང་། འབྲོག་པ་མགོན་པོ་དང་ལྷན་དུ་མངག་གཏོང་ཁང་གི་ཤེལ་ཁྱམས་ལས་ཕྱི་ཚོར་ཧོན་ཐོར་རེར་བལྟས་སྡོད་པ་ལས། ཐ་ན་འཁང་ར་བྱེད་ཡུལ་ཞིག་ཀྱང་རྙེད་ཀྱིན་ཡོད་ཚོད་མི་གདའ།
  འོན་ཀྱང་མགོན་པོས་ཁྱི་རྒན་གྱི་ཕྱིར་ལོ་ཝང་ལ་ཁུ་ཚུར་ཞིག་བརྒྱབ་པའི“བུ་རྟགས”དེ་ཙམ་པོ་བས། གནའ་མིའི་རྒོད་གཤིས་ཀྱི་མོས་པ་མི་འདོར་བའི་ཕ་རྒན་གྱིས་ཁོར་ལེ་འདེད་ལྟ་ཞོག་ཐ་མག་ཉོས་ཏེ་སྐོར་རྒྱག་ཏུ་ཕྱིན། ཐ་ན་ཉེན་རྟོན་པར་གསང་སྟེ་ཆང་རག་ཉོས། དེ་བས་ཀྱང་། བུ་ཡི་རང་དབང་རེ་ཞིག་ཤོར་བའི་ཁོར་ཡུག་དམིགས་བསལ་བ་དེ་ནས་དུ་བ་འཐེན་རེས་དང་མེ་ཆ་གཡོར་རེས་ཙམ་གྱི་བར་ནས། གཉེན་སྒྲིག་སྟེ་ཡུན་རིང་སོང་རུང་མནའ་མར་ད་དུང་ཕྲུ་གུ་མ་འཁོར་བའི་སེམས་གདོས་སོགས། ཉིན་རྒྱུན་འཚོ་བའི་འགལ་ཟླ་ཕྲན་ཚེགས་ཀྱིས་རྒྱུ་བ་འགགས་ཏེ་ཡོད་པའི་ཕ་བུ་གཉིས་ཀའི་སེམས་ཀྱི་རྩ་མདུད་དེ་ཡང་རང་ཤུགས་ཀྱིས་གྲོལ་བར་གྱུར།
འོན་ཀྱང་ལོ་ཝང་ཚོའི་དྲི་མ་ཁ་བོ་འཁྱེར་བའི་རླུང་དང་རྩྭ་ཐང་གི་བར་ན་གཤགས་པར་གྱུར་ཡོད་པའི་དགུ་མདུད་ནག་པོ་དེ་ཅི་ཞིག་གིས་འགྲོལ་ཐུབ་བམ།
  ལྟོས་དང་། ལོ་ཝང་ནི་ཁྱི་རྐུན་བསྙོན་མེད་ཅིག་ཡིན་པ་གསལ་ཐིང་ཐིང་ཤེས་རུང་། ཕ་མ་ངན་པ་བུས་ཕྲུག་ལང་ཤོར་ལ་འཕྲད་པ་བཞིན་མིག་ཡ་ཞར་བ་དང་རྣ་ཡ་འོན་པ་བྱེད། འོན་ཀྱང་མགོན་པོའི་འུ་ཐུག་པའི་ཧོལ་རྒྱུག་སྟེང་ཐོན་དུས། ད་གཟོད་ཁྲིམས་ཟེར་བའི་གཉའ་ཤིང་རྫིག་པོ་དེ་མི་རིག་ཞྭ་མོ་ནག་བཙོག་གི་ཞབས་ནས་ཕྱིར་འཁྱེར་ཡོང་། འདི་ནི་འབྲོག་པ་ཚོ་དཔལ་ཡོན་དུ་འབོད་པའི་སྤྱི་ཚོགས་འདི་ནས་ཕྱིར་རྔོན་པའི་དུས་རབས་ཀྱི་ཡང་གོང་གི། གནའ་སྔ་མོའི་ཇག་པའི་ལོ་ཟླར་བཙན་འདེད་བྱེད་པའི་ཁ་སྤྲུགས་དང་ཡོབ་རྡུང་ཡིན་ནམ།
                                                                      
                                ལྔ། ཤི་གསོན།

  རྩོམ་ཡིག་མགོ་བརྩམས་པ་ནས་སེར་སྣ་སྐྱེས་ཏེ་ཚིག་འབྲུ་ཙམ་ཡང་མ་བྲིས་པའི་དོན་དེ་འདི་ནས་གླེང་བར་བྱེད།
  མཐའ་མཇུག་རྒད་པོས་ལག་དངོས་ཀྱིས་ཁྱི་རྒན་བསྒགས་གསོད་བཏང་སོང་།
  “མི་འཐེན” དང “མི་བཙོང”ཇི་ལྟར་སྐྱར་ཟློ་བྱས་རུང་། ཉིན་གྱི་སོ་བའི་སྟེང་མཚན་གྱི་མེལ་ཚེ་བསྣན་རུང་། ཡུལ་གྱི་བཏགས་ཁྱི་ནས་རི་ཡི་བཏང་ཁྱི་བྱས་རུང་། དོན་དུ་རྒད་པོའམ“ཤམ་བྷ་ལའི”ནམ་མཁའ་ཧྲིལ་པོ་ལོ་ཝང་ཚོའི་ཁ་ཆེན་པོ་དེ་ཡིན་པས་ན། དེ་ཚོས་ཡང་བསྐྱར་འུ་ཚོར་འཕྱ་དགོད་མི་བྱེད་ཀ་མེད་རེད།
  འོན་ཀྱང་ཇ་ཡུན་ཐ་མའི་གཏུག་རེས་ཁྲོད། འུ་ཚོའི་དཔའ་རྟུལ་རྒས་པོ་དེས་གནའ་མི་སྨུག་པོ་ཚོ་ལས་བསླབ་ཡོང་བའི། ཧབ་ལྷ(ཕ་ལྷ)རྒྱ་ལ་མི་བཙོང་། སྟག་ཤ་ཁྱི་ལ་མི་འཕེན་ཞེས་པའི་སོ་སོའི་རྩིས་ཐང་སྲུང་བའི་ཤོ་རྫིག་ཤོས་དེ་འཕངས་བྱུང་། རེབ་འདིར་ལོ་ཝང་ཚོའི་མིག་མདངས་དར་ཅིག་སྐྱ་མག་མོག་ཏུ་བཏང་ཡོད་སྲིད། ཐ་ན་རྐང་རྡིག་དང་བྲང་རྡུང་བྱེད་ཀྱིན་མེད་ལས་ཆེ། དེའི་རྒྱུ་མཚན་ནི་འཆི་བའི་བར་ཁོ་ཚོས་དེའི་ཧ་གོ་མི་སྲིད་ལ། དེ་བས་ཀྱང་གྱོག་ཁ་ནང་ལ་ཡོང་བ་སྣ་ནང་ནས་ཤོར་བ་བཞིན། མི་དམངས་ཤོག་སྒོར་རྐྱལ་བ་གང་ལྕགས་དྲའི་ཁར་གཟེད་དེ་བེད་མེད་དུ་རུལ་སོང་བའི་སེར་སྣ་དེ་ཁོ་ཚོས་ཅི་སྟེ་བཟོད་དུ་ནུས། བཟོད་མི་ནུས་སོ། །
                                                                   
                                 གཞུ་གུ།

  རྒད་པོས་ལོ་བཅུ་གཉིས་རིང་གི་མནའ་ཡ་དེ་དེ་ལྟར་ལྕགས་ཐག་གི་སྒག་ལ་བཏང་རྗེས་བློ་ཐག་རྦད་ཆོད་ངང་གཅུ་སྐོར་ཞིག་བརྒྱབ་སྟེ་ཁ་ཕྱིར་འཁོར་བའི་སྐད་ཅིག་མ་དེར། ཉེ་རིང་གི་མི་རྣམས་ཀྱིས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ངང་། བོད་ཅེས་པ་ནི་ན་ཚ་སྐྱོ་ངལ་དང་རེ་དོགས་ཆགས་སྡང་གང་ཡང་མེད་པར། དུས་དང་རྣམ་པ་ཀུན་དུ་ཉིན་དཀར་སྐོར་བྲོ་རྩེ་ཞིང་མཚན་མོར་དཀོན་མཆོག་མཆོད་མཁན་འབའ་ཞིག་ཏུ་འདོད་པའི་བག་ཆགས་དེ་ལ་སྐྱོམ་འདར་ཕྲན་བུ་རེ་སྟེར་ཐུབ་ན་ཅི་མ་རུང་།
  ལྕགས་ཐག་གི་སིལ་སྒྲ་ཕྲན་བུ་འཇགས་སོང་། རྒད་པོས་ཕྱིར་མིག་ཅིག་བལྟས། སྐབས་དེའི་ཁོའི་གདོང་གི་རྣམ་འགྱུར་དེ་ནི་ཡི་གེས་མཚོན་ཐུབ་པ་ཞིག་ལར་ནས་མ་རེད། མཇུག་མཐར་རྒད་པོ་ཕྱིར་བལྟས་མེད་པར་རི་ངོས་ཤིག་ལ་འགོས་ཏེ་ཕྱིན་སོང་།  མཚམས་འདི་ནས་བཟུང་ང་ལ་རྨི་ལམ་ལྟ་བུའི་ཚོར་སྣང་ཞིག་སྐྱེས་ཡོང་། རྒད་པོའི་མདུན་ངོས་ཀྱི་གནམ་ས་གཉིས་ཀ་ནི་ཧ་ཅང་གུ་དོག་པོར་སྣང་ལ། ཡང་ཤིན་ཏུ་གཏིང་རིང་བར་ཡང་མངོན། ནང་སྒོས་སུ་རྗེས་འདེད་གཏོང་མཁན་སུ་ཞིག་གིས་རྒད་པོའི་རྒྱབ་གཟུགས་མིག་གིས་མི་གཏོང་བར་ཡོང་གིན་ཡོད་པ་དང་འདྲ། དེ་ནི་འ་ཅག་བོད་མིས་མི་ལུས་འཐོབ་ཁར་ཁྱི་ལུས་ལེན་ཟེར་བ་བཞིན། ཁྱི་རྒན་གྱི་རྣམ་ཤེས་སྦྲང་མ་འདྲ་བོ་དེས་བདག་པོའི་རྗེས་སྙེག་གིན་ཡུལ་དུ་ལོག་གིན་ཡོད་པ་ཡིན་ནམ།
  དེ་ལྟར་ཡིན་པར་སྨོན།  “ཤམ་བྷ་ལར”སེམས་ཡོད་ན་ཁོས་ཀྱང་ང་དང་འདྲ་བར་དེ་ལྟར་དྲན་གྱིན་ཡོད་སྲིད།                            
                                                                                                                2015.3 འུག་ཚང་།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

"ཤམ་བྷ་ལའི"ཁྱི་རྒན།

2015-10-30 མི་ལ་ཙི་ཙི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།