གྱོ་མ་རྒྱ་རས་མ།

  གྱོ་མ་ནི་ཤིང་ཏོག་གྲོ་མ་ཡི་ཁ་སྐད་རེད། འདི་ནས་ལུ་གུ་ཞིག་ལ་གོ་དགོས། དོན་དུ་ད་ལོའི་དགུན་ཁར་ངེད་ཚང་གིས་ཁ་གསོ་བྱས་པའི་མོ་ལུག་ཅིག་ཡིན། ཁོ་མོ་ཁ་གསོ་བྱེད་དོན་ནི། ཁོ་མོའི་ཨ་མ་ལག་མོ་སོ་གཉིས་ཤིག་ཡིན་པར་མ་ཟད། བཙའ་ཐེངས་གཅིག་ལ་ལུ་གུ་གཅེན་གཅུང་གཉིས་མཚེ་རུ་བཙས་བྱུང་བས། ངེད་ཚོས་ཁོ་མོའི་ཨ་ཅེ་རང་གི་ཨ་མས་གསོ་རྒྱུ་དང་ཁོ་མོ་འབྲི་མོའི་འོ་མ་ཡིས་གསོ་རྒྱུར་ཐག་བཅད།  

  མིག་ཀོང་གཉིས་དང་མཆུ་ཏོ། རྐང་ལག་གི་སྣེ་མོ་བཅས་རག་སེར་ཡིན་པའི་ལུག་ལ་འབྲོག་པས་ལུག་རྒྱ་རྒྱ་ཟེར། དེ་བས་ངེད་ཚང་གིས་གསོ་ཁོ་མ་འདི་ལ་གྱོ་མ་རྒྱ་རས་མ་ཞེས་གཅེས་མིང་ཞིག་བཏགས་པ་ཡིན། གློ་བུར་འབོད་དགོས་ཚེ། གྱོ་མ་གྱོ་མའམ། ཡང་ན། རྒྱ་རས་མ་རྒྱ་རས་མ་ཞེས་སྐད་བརྒྱབ་ན། ཁོ་མོས་ཀྱང་དེ་མ་ཐག་མགོ་བོ་ཀྲོག་ཀྲོག་གོ་མཐའ་ནས་ཡར་ལངས་ཏེ་གཅིན་དང་རིལ་མ་གཏོང་ཞོར་ཁྱིམ་གྱི་སྟོད་སྨད་ཀུན་ལ་འབའ་རྒྱངས་ལྷང་ལྷང་ཡར་རྒྱུག་མར་རྒྱུག་བྱེད། སྨོས་མ་དགོས་ཏེ། ཁོ་མོས་རྭ་ནུ་འཚོལ་བ་རེད། ཡང་ན་རྭ་ནུ་འཛིན་པའི་བདག་མོ་འཚོལ་བ་རེད།

  “ཁོ་ལག་ག”

  “ཁོ་ལག་ག”

  སྤུན་ཆུང་གིས་མ་མོ་སྣུན་པའི་སྐད་དང་བསྟུན། དམར་ད་དུང་སྲད་མེད་པའི་ཚ་རུ་རློན་པ་ཞིག་རྒྱབ་ལ་བཀབ་ཡོད་པའི་གྱོ་མ་རྒྱ་རས་མས། རྔ་མ་ཐུང་ཐུང་ཡུག་ཡུག་གཡུག་གིན་མ་མོ་ཞིག་གི་ལྟོ་ཞབས་ནས་འོ་མ་སྒོག་སྒོག་མིད་ཀྱིན་འདུག ཚར་ཤུན་དེའི་སྟེང་ལ་སྣོམ་སྣོམ་བྱེད་ཀྱིན་མ་མོ་དེས་ཀྱང་བུ་དུངས་ཀྱི་སྐད་སྒྲ་ཡང་མོར་འབྱིན་ཡོང་། དེ་ནི་མི་སེམས་ལ་བཤད་མི་ཤེས་པའི་སྨྲེང་བ་སློང་བྱེད་ཅིག་རེད། རྣ་བ་བླགས་ཏེ་ཉན་ན་སྐད་སྒྲ་དེ་ནི་མགྲིན་པའི་གཏིང་ནས་ཡོང་གིན་འདུག ཤ་དང་རུས་པའི་གསེང་ནས་ཡོང་གིན་འདུག དེ་ནི་གཉུག་མའི་བག་ཆགས་ཁྲོད་ཀྱི་མ་དྲིན་མོ་ཆེའི་སྐད་སྒྲ་རེད། དེ་བས་དུད་རྔོག་ཆགས་ལ་སེམས་མེད་ཅེས་སུ་ཞིག་སྨྲ་བར་མི་སྤོབས། ཁ་བས་གཡོགས་པའི་སྲིབ་ངོས་ནས་གྲིབ་སོ་དག་གྲང་ངར་དང་ལྷན་དུ་ལྷེབ་དང་ཟུར་གྱིས་རྒྱུག་ཡོང་གིན་འདུག་རུང་། གནས་སྐབས་འདི་འདྲ་ནི་རྫི་བོ་ཞིག་ལ་མཚོན་ན་ཆེས་དྲོ་སྐྱིད་ལྡན་པའི་དུས་ཚོད་ཅིག་རེད་ཨང་། ལྟོས་དང་། ལུག་དྭ་ཞིག་ལ་ཨ་མ་ཞིག་རྙེད། བུ་སྟོར་བའི་ཨ་མ་ཞིག་སྡུག་བསྔལ་ལས་གྲོལ། ད་དུང་གསོ་ལུག་ཆུང་ཆུང་ཞིག་ཁྱིམ་ནས་སྒོར་བུད་དེ་གཡང་དཀར་ངོ་མ་ཞིག་ལ་འགྱུར་བའི་མགོ་བརྩམས་པ་རེད།

  “ཉིན་ལ་མི་འབབ། མཚན་ལ་མི་འབབ། ཏག་ཏག་ནམ་ལངས་ཁར་བར་མཚམས་མེད་པར་འབབ་པའི་ཁ་བ་འདི། འོང་འཕྱིས་པའི་ཁྱོད་ཀྱི་བུ་ལོན་ཡིན་ནམ། ཡོང་སྔ་བའི་ང་ཡི་ལན་ཆགས་ཡིན་ནམ།”

  གྱོ་མས་ནུ་རྡེབ་ཅིག་བྱས་པས་དྲན་པ་གཡེལ་ཏེ་ཡོད་པའི་ངའི་ལག་གི་རྭ་ནུ་ཤོར་ཏེ་འོ་མ་དཀར་ཆིལ་ལེར་ས་ལ་གཏོར།

“དབྱེ་བྱེད་རྒྱུ་མ།”

  དམོད་ཚིག་ངན་པ་ཞིག་ཁ་ནས་ཤོར་བ་མ་ཟད། བློས་སློང་བྱེད་ཀྱིན་པའི་རྩོམ་ཐུང་དེ་ཡང་ཁྲོག་གེར་ཆད་སོང་། ཏག་ཏག་མཚམས་དེར་སྒོ་ཕྱི་ནས་མི་ཁྱི་གཉིས་ཀ་འུར་ཟིང་ངེར་གྱུར་ཡོང་། ལ་ངོས་ཀྱི་ལུག་ཁྱུ་དུམ་བུ་འགའ་རུ་འཐོར་འདུག  སྤུན་ཆུང་ནི་བྱ་འཕུར་བ་ལྟར་ཀི་རིང་ཀི་ཐུང་འདེབས་ཞོར་ལུག་ཁྱུའི་ཕྱོགས་སུ་རྒྱུག་གིན་འདུག

  “ཁྱི་ལྡོམ་དེ་རེད།”

  སྤུན་ཆུང་ཕྱིར་ཡོང་སྟེ་ལུག་རོ་མགོ་མེད་ཅིག་སྒོ་རྩར་གཡུགས་ནས་དེ་ལྟར་བཤད་དུས་ང་རང་ཧད་དེ་སོང་། དེའི་མུར་ཁ་སང་ཚ་བོ་ཚང་གི་ལོ་སར་ལ་འགྲོ་དུས་ལུག་ཁྱུའི་ཉེ་སའི་ན་སྤང་མཚམས་ན་སྤུ་མདོག་རྒྱ་དཀར་ཡིན་པའི་ཁྱི་ཞིག་གིས་རྔ་རྡོག་སྒོར་སྒོར་བ་ཞིག་བཅོས་ཏེ་ཧང་འགྲོས་ཀྱིས་འགྲོ་བ་དེ་དྲན་བྱུང་། ཚ་བོས་དེ་ནི་ཁྱི་ལྡོམ་ཞིག་རེད་ཟེར་རུང་རྣར་འགྲོ་དཀའ་བ་ཞིག་ཏུ་འདུག དེའི་སྤུ་གྲ་ཚེར་མ་བཞིན་འོད་ཁྱུག་ཁྱུག་ཏུ་འདུག་ཅིང་། བདག་པོ་ཡོད་པའི་སྒོ་ཁྱི་ལས་ཀྱང་ལུས་ཤ་རྒྱགས་ཤིང་ཚོན་པོར་ཡོད་པ་ཞིག་རེད།  དོན་དུ་དེས་སྒོ་ཁྱི་ཞིག་གི་རྒྱུ་འབྲས་ལས་འདས་པའི་ལྟོ་ལ་བག་མེད་རོལ་གྱིན་ཡོད་པ་སུས་ཤེས། མྱི་ཁོག་མྱིས་མི་ལོན་ན། རྡོ་ཁོག་ཁྱིས་མི་ལོན། ད་རུང་ཚིག་གཅིག་ཁར་སྣོན་དགོས་ཚེ། ཁྱི་ངན་གྱི་ཁོག་ནི་མྱི་ངན་བཞིན་དེ་བས་ཀྱང་ལོན་དཀའ་འོ། །

 སྤུན་ཆུང་གིས་ཐག་ཉེ་རིང་གི་ཁྱིམ་མཚེས་ཚོར་ཁ་པར་བཏང་སྟེ་ཁྱི་ལྡོམ་དེ་སུ་ཚང་གི་ཡིན་པར་རྩད་བཅད། འོན་ཀྱང་མཐར་དེའི་བདག་པོ་སུ་ཡིན་མ་ཤེས་རུང་ཏག་ཏག་སྔ་དྲོ་དེར་ལུང་པ་འདི་ནས་ལུ་གུ་གཞན་བཞི་ཡི་མགོ་ཡང་འཐོག་སོང་ཞེས་རུ་སྐོར་ཚོས་ཁྱི་ལྡོམ་དེ་ལ་འབར་གྱིན་འདུག་ཟེར། ཡང་ན་ལྟས་ངན་དེས་ཤ་བཟའ་འདོད་མ་ཡིན་པར་ལུ་གུའི་མགོ་བོ་འཐོག་པ་ཏན་ཏན་རྩེད་འཇོ་ཞིག་ཏུ་འཛིན་གྱིན་ཡོད་འདྲ། དཔེར་ན། མི་རྣམས་ཀྱིས་རི་སྐྱེས་ཀྱི་རྭ་ཅོ་པགས་པ་སོགས་བླངས་ཏེ་ཏན་ཏན་རང་གི་ལུས་དང་ཁང་ཁྱིམ་ལ་རྒྱན་སྤྲས་བྱེད་པ་དེ་ཇི་བཞིན། ལན་གྲངས་མི་ཉུང་བར། མི་དང་ཁྱི། ཡང་ན་མི་དང་གཅན་གཟན་གྱི་བར་མཚམས་ནི་དེ་ལྟར་མག་མོག་ཏུ་གྱུར་ཏེ་སྐྱ་འགེར་དཀའ་བ་ཞིག་རེད།

  “གདོན་ཁྱི།”

  “ཁ་ས་ལ་གཏད་རྒྱུ།”

  “འགག་པ་མགོ་སྐྲང་གིས་འཆི་རྒྱུ།”

  འབྲོག་པས་ཁྱི་ལ་དམོད་པའི་ཚིག་འདི་དག་རེ་རེ་བཞིན་ངའི་ངག་སྒོར་འཐོན་ཡོང་། འོན་ཀྱང་ཕྱུགས་ཡོད་ས་ན་གོད་ཟེར་བ་བཞིན། ནང་མི་ཚོས་དེ་ལ་ཚད་ལས་བརྒལ་བའི་རྣམ་འགྱུར་མི་སྟོན་པར་མ་ཟད་གོམས་ལོབ་ཀྱི་ཚུལ་དུ་སྡོད། རང་གི་ངང་ཐུང་ལ་ཅུང་དོགས་མི་བདེ་བར་གྱུར་རུང་ལུག་རོ་ཡི་འཁྲིས་ལ་འགྲོ་བར་རྩོམ་པའི་གྱོ་མ་འུབ་བཏབ་སྟེ་སྒམ་ཚུགས་མ་ཤོར་བའི་ངང་།

  “ཡུལ་ཚོའི་མངག་གཏོང་ཁང་ལ་ཁ་པར་བརྒྱབ་ན་འགྲིག”ཅེས་བཤད།

  ནུ་བོས་དེའི་ལན་གྱི་ཚུལ་དུ་ངས་ཀྱང་ཐོས་མྱོང་ཡོད་པའི་ན་ནིང་དབྱར་ཀའི་དོན་དེ་བསྐྱར་དུ་བཤད་བྱུང་། དེ་ཡང་དུས་ཡུན་མི་ཐུང་བ་ཞིག་གི་རིང་ལ་ཡུལ་ཚོ་མངག་གཏོང་གི་མགོ་བས་ངེད་ཚོའི་ཕ་ཡུལ་གྱི་རི་སྐྱེས་སྣ་ཚོགས་གསོད་ཀྱིན་ཡོད་པ་ཡུལ་མིས་གོང་རིམ་ལ་ཞུ་གཏུགས་བྱས་པས། ཁོ་རང་ཅང་མ་འགོར་བར་འཛིན་བཟུང་བྱས་སོང་ལ། དེ་ནས་བཟུང་མངག་གཏོང་ཁང་གི་མེ་མདའ་ཡང་མདེའུ་དང་ལྷན་དུ་ཀླད་ནས་ཕྱིར་བླངས་སོང་ཟེར། མེ་མདའ་མེད་པར་ཇག་རྐུན་ལ་འཕྲད་ན་འབྲོག་པ་ཚོར་ཀུ་རེ་ཞིག་ཤོད་རྒྱུ་ཡོད། དེ་ནི་ཨོང་ཤའི་ནང་ལ་རིལ་མ་བཞག་སྟེ་རྒྱག་རྒྱུ་ལས་འོས་མེད་ཟེར་བ་དེ་རེད། དེ་བས་རི་ཁྱི་དེ་ལ་རང་གིས་བག་ཟོན་བྱ་རྒྱུ་ལས་མངག་གཏོང་ཁང་གི་ཨོང་ཤ་ལ་རེ་བ་ཅི་ཡང་བཅོལ་རྒྱུ་མི་འདུག དེ་ལྟར་ལུ་གུ་ཚོ་ནར་སོན་པའི་བར། ལུང་བ་འདིའི་རྫི་བོ་ཚོས་མིག་གཡས་པས་སྤྱང་ཀི་ལ་དོགས་ཟོན་བྱེད་དགོས་པ་མ་ཟད། མིག་གཡོན་པས་ཁྱི་རྐུན་ལ་ཡང་གཟབ་གཟབ་བྱེད་དགོས་འདུག དེ་ནི་རྒྱབ་ཁུར་བོའི་སྟེང་ལ་རྩིབས་འདོགས་ཀྱི་དཔེ་རེད།

  ཕྱིར་ལོག་པའི་ནངས་མོ་དེར་ང་རང་ལུག་ཁྱུ་རུ་ཆེད་དུ་གྱོ་མ་རྒྱ་རས་མ་ལ་བལྟ་བར་སོང་། གྱོ་མ་རྒྱ་རས་མས་རྒྱབ་ལ་རྫུས་ཏེ་བཀབ་ཡོད་པའི་ཚ་རུ་དེ་ཡང་གཡུགས་ནས་བུས་པ་ངོ་མ་དེ་ཇི་བཞིན་མ་མོ་འབྲི་འདྲ་བ་དེ་ལས་འོ་མ་ངོམས་མེད་ནུ་ཡིན་འདུག མ་ཟད་མངོན་གསལ་སྒོས་ལག་ཆགས་འདུག ཐ་ན་ངས་རྭ་ནུ་རྡུང་བཞིན་གྱོ་མ་གྱོ་མའམ། ཡང་ན་རྒྱ་རིས་མ་རྒྱ་རིས་མ་ཞེས་བོས་ཀྱང་། དང་ཐོག་སྐེ་སྐྱོག་སྟེ་ཕྱིར་ལྟ་རུང་། ཉེ་སར་བཅར་རྩིས་བྱས་ཚེ་རི་དྭགས་ཆུང་ཆུང་ཞིག་དང་འདྲ་བར་ཨ་མ་སོ་མ་དེའི་རྗེས་མི་གཏོང་བར་ལུག་ཁྱུ་ལ་འབྲོ་བར་བྱེད། 

  ལམ་བར་ནས་ངས་ཡང་བསྐྱར་གྱོ་མ་རྒྱ་རས་མ་དང་ཁོ་མོའི་ཨ་མ་སོ་མ་དེ་དྲན་ཡོང་། ད་དུང་ཀླད་ཁྱེམ་གཟན་ལ་ཤོར་བའི་ལུ་གུ་ལས་ངན་དེ་དྲན་ཡོང་། མ་ཟད་ལྟས་ངན་གྱི་ཁྱི་ལྡོམ་དེ་ཡང་དྲན་ཡོང་། དྲན་གྱིན་དྲན་གྱིན་ངས་མཐོ་སྒང་གི་ཚེ་སྲོག་དེ་ཚོའི་བར་ལ་འབྲེལ་བ་ཇི་ལྟར་འཇོག་དགོས་པ་མ་ཤེས། ཐ་ན། ངས་རང་གི་འདོར་དཀའ་བའི་ཆགས་སྡང་འདི་དག་དང་ཕ་ཡུལ་གྱི་བར་ལ་ཡང་འབྲེལ་བ་ཇི་ལྟར་འཇོག་དགོས་པ་མ་ཤེས།  ཡང་ན། ང་རང་ཉིད་ཀྱང་ལུག་པགས་གཡོགས་པའི་རྨིག་ཐོགས་གཉོམ་ཆུང་ཞིག་རེད། ཡང་ན། གདོང་འབག་རྒྱབ་ཀྱི་གཅན་གཟན་གཏུམ་པོ་ཞིག་རེད། སུས་ཤེས།

                                                                                                                          2016、2、25འུག་ཚང་།  

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྱོ་མ་རྒྱ་རས་མ།

2016-02-25 མི་ལ་ཙི་ཙི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།