ཕ་ཡུལ་གྱི་ཞིན་ཧྭ་དཔེ་ཁང་།

      ཕ་ཡུལ་ཐེམ་ཆེན་གྱི་ཞིན་ཧྭ་དཔེ་ཁང་གླེང་འོང་ཚེ། ངའི་བློ་ངོར་དབྱི་ཏ་ལིའི་གློག་བརྙན《ལྷ་ཡུལ་གློག་བརྙན་ཁང》ཞེས་པ་དེ་འཆར་ཡོང་། ངས་རང་ཉིད་ཀྱང“གློག་བརྙན་ཁང” གཞན་ཞིག་བོར་ཟིན་པའི་བྱིས་པ་ཏོ་ཏོ་ཡིན་པར་སྙམ་ཡོད། ངས་རང་ཉིད་ཕ་ཡུལ་དང་ཐག་རིང་ས་ཞིག་ཏུ་ཡིབ་སྟེ། སེམས་ཆུང་ངང་ལྕགས་སྒམ་ཆུང་ཆུང་དེའི་ཁ་དབྱེས་ནས། དེའི་ནང་གི“གསང་བའི་རྭ་ཤེལ”དག་ཕྱིར་ཕྱུང་སྟེ་རང་གི་བྱིས་དུས་ལ་ཕྱིར་དྲན་བྱེད་ཀྱིན་ཡོད་པ་མཐོང་།  རང་གི་མི་ཚེ་ལ་མནོ་བསམ་གཏོང་གིན་ཡོད་པ་མཐོང་། 

      དེ་རིང་ཕྱིར་དྲན་བྱས་ན། བརྒྱ་ལོ་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་གི་ང་ཚོའི་ཞིན་ཧྭ་དཔེ་ཁང་དེའི་ཆེ་ཆུང་ན་ཧ་ལམ་སྨི་ལྷམ་པ་ཉིས་བརྒྱ་ལྷག་འདུག ཏག་ཏག་རྫོང་གི་རྒྱ་ལམ་བཞི་མདོ་ཁར་ཡོད་པས་རྐང་གཟས་ཏེ་མ་ཕྱིན་རུང་། ལམ་འགྲོ་བ་ཁོ་དཔེ་ཆར་དགའ་མཁན་ཞིག་ཡིན་ཚེ་འགྲོ་བདེ་ལ་རྙེད་སླ་བ་ཞིག་ཡིན། མ་ཟད་དེ་ནི་རྫོང་ཆུང་འདིའི་ཆེས་ཆེ་ཞིང་འཕྱོར་བའི་ཚོང་ཁང་གི་གྲས་ཡིན། ཐ་ན་སྐབས་དེར་རྒྱས་སྤྲོས་ཞེས་ཀྱང་བཤད་ཆོག་སྙམ། ནམ་རྒྱུན་གྱོ་མཐིལ་གཙང་མར་ཕྱགས་ཏེ་ཆུ་སྲབ་བུ་གཏོར་ཡོད་ལ། ཤེལ་སྒྲོམ་ནི་ཕྱི་གསལ་ནང་གསལ་སྒོས་གཙང་མར་ཕྱིས་ཡོད། དེ་བས་ཀྱང་དེའི་ནང་དུ་གྲལ་དག་མོར་བསྒྲིགས་ཡོད་པའི་བོད་ཡིག་དང་རྒྱ་ཡིག་གི་དཔེ་དེབ་དག་ནི་ཡིད་དུ་འོང་བ་ཞིག་ཡིན། དང་བ་འདྲེན་པ་ཞིག་ཡིན། དེ་རིང་གི་ངའི་དཔེ་སྒམ་ནང་གི་དེབ་མི་ཉུང་བ་ཞིག་དེ་དུས་ཉོས་པ་ཡིན། མ་ཟད་དེབ་སྐོར་ཞིག་དེ་རིང་ཏག་ཏག་ཉོ་ཁག་པའི་གྲས་སུ་འདུག

      དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པར་ཀུན་གྱིས་ཕུགས་བསམ་ཀྱི་ལོ་རབས་ཞེས་དེ་རིང་ཡང་སྨྲ། དོན་དུ་ཡང་སྤྱི་ཚོགས་འབྲེལ་བ་དེ་འདྲའི་རྙོག་དྲ་མིན་ཁར་མི་ཡི་གཤིས་ཀ་ཡང་ལྟོས་བཅོས་ཀྱིས་བབ་ཆགས་པོར་ཡོད་པས། ང་རང་སློབ་ཆུང་དགེ་རྒན་བྱེད་སྒང་གི་ལོ་ཞིག་ལ་ཟླ་བ་བཅུ་གཅིག་རིང་རྫོང་ཡོངས་ལ་ཟླ་ཕོགས་སྟེར་ཐུབ་མ་བྱུང་རུང་། དེ་ལ་འཁང་ར་ཕྲན་བུ་རེ་མ་གཏོགས་ཅུང་རྣོ་བའི་བསམ་འཆར་བཤད་མཁན་ཞིག་ཡོད་པ་ཡང་ཡིད་ལ་མི་དྲན། སོ་སོས་ལག་སྣེ་ཡི་ལས་ཀ་དེ་ནི་ཏག་ཏག་ལས་བསྐོས་ཀྱི་འགན་འཁྲི་ཞིག་ཏུ་སེམས་ཀྱིན་ཧུར་བརྩོན་བྱེད། རྩོམ་འདིའི་གླེང་གཞི་སྟེ་སྐབས་དེའི་ཞིན་ཧྭ་དཔེ་ཁང་ཡང་དེ་ལྟའི་དྭངས་གཙང་གི་ལོ་ཟླའི་ཐོན་དངོས་རིན་ཐང་ཅན་ཞིག་ཡིན་པར་དུས་རྒྱུན་བདག་གིས་སེམས། དེས་དེ་ལྟར་མངོན་ཆུང་སྒོས་མི་རྣམས་ལ་དངུལ་ལོ་མ་ཡིན་པའི་རིན་ཐང་གཞན་ཞིག་མཁོ་སྤྲོད་བྱེད།  དེ་ནི་རིག་པའི་ལྡེ་མིག་དང་ཤེས་བྱའི་ས་བོན་ནོ། །

      རྗེས་སོར་དཔལ་འབྱོར་འཕེལ་རྒྱས་དང་བསྟུན་ཏེ། ཐེམ་ཆེན་རྫོང་གི་ཁང་རྩེག་ལོ་རེ་བཞིན་ཆར་རྗེས་ཀྱི་སྨྱུག་གསར་བཞིན་ཐོལ་ཐོལ་དུ་ག་སར་སྐྱེས་ཡོང་། ཤར་ལྷོ་ནུབ་བྱང་བརྟོལ་བའི་གཞུང་ལམ་དྲ་རྒྱ་ཡང་ཇེ་ཆེ་ཇེ་མང་དུ་སྦྲེལ་ཞིང་བསྣོལ་བྱུང་། ཐེམ་ཆེན་རྫོང་རྒྱལ་ཡོངས་ཀྱི་དཔལ་འབྱོར་རྫོང་བཙན་ལྔ་བརྒྱའི་གྲས་སུ་ཡང་ཚུད་སྐད། ལོ་རེར་ཟླ་བ་བཅུ་བཞི་ཡི་ཟླ་ཕོགས་ཡང་སྟེར་རབས། འདི་ནི་ངོམ་དུ་རི་བའི་དཔལ་འབྱོར་གྱི་འབྲས་བུ་ཞིག་རེད། འདི་ལ་མི་དགའ་ཟེར་ན་ངེས་པར་ཕྲག་དོག་གི་སྐད་ཆ་རེད། འོན་ཀྱང་བསམ་བློའི་རྒྱགས་ཕྱེ་དང་ཤེས་བྱའི་གཟུང་སྣོད་ཡིན་པའི་ཞིན་ཧྭ་དཔེ་ཁང་དེ་ཁ་བར་ལག་བར་ནས་རིམ་བཞིན་བོར་སོང་འདུག དོན་དུ་དེ་ནི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡལ་སོང་བ་རེད། དེ་བས་བདག་གིས་བལྟས་ན་དཔལ་འབྱོར་ལས་རིག་གནས་མི་དགོས་མཁན་གང་དེ་ཀེ་རི་སེའི་ལྷ་སྒྲུང་ནང་གི་གྱད་ཆེན་མིག་གཅིག་མ་དེ་དག་དང་འདྲ་སེ་བ་ཞིག་འདུག

       ཡ་ཧོ་ཏཱ་པའི་མི་རིགས་ཀྱི་ཕ་མ་ཚོས། དཔེ་དེབ་ཀྱི་ཤོག་བུའི་ངོས་སུ་སྦྲང་རྩི་བསྐུས་ཏེ་བྱིས་པར་ལྡག་ཏུ་འཇུག་གིན། སྐབས་བསྟུན་སྒོས་བྱིས་པར་དེ་ནི་ཡི་གེའི་བྲོ་བ་རེད། ཤེས་བྱའི་བྲོ་བ་རེད་ཅེས་དཔེ་ཀློག་གི་སྤྲོ་སྣང་ཆུང་དུས་ནས་སྐྱེད་སྲིང་བྱེད་པ་ཡིན་ཟེར། འོན་ཀྱང་ངའི་ཕ་ཡུལ་གྱི་དཔེ་དེབ་ཀྱི་ཤོག་བུའི་ངོས་སུ་དུས་ནམ་ཞིག་ནས་བཟུང་ཙོང་སྒོག་གི་དྲི་མ་ཁ་བོ་ཞིག་གིས་ཁྱབ་ཡོང་། ངས་བཤད་འདོད་པ་ནི། ལོ་རབས་དགུ་བཅུའི་སྨད་ཙམ་ལ། ངེད་ཚོའི་དཔེ་ཁང་དེའི་གྱན་ཕྱེད་ཁ་ཆེའི་ཟ་ཁང་ཞིག་ལ་གླས་འདུག  དེའི་ཡང་རྗེས་ཁང་པ་ཧྲིལ་པོ་ཞིན་ཧྭ་དཔེ་ཁང་ནས་ཞོན་ཧྭ་ཟ་ཁང་དུ་བསྒྱུར་འདུག དཔེ་ཁང་ནི་གཞི་ནས་ཉིས་ཐོག་གི་ཁང་སྦུག་ཅིག་ཏུ་བརྫངས་འདུག འདྲི་རྩད་མ་བྱས་ན་རྙེད་དཀའ་བ་ཞིག་རེད།  དེའི་ཡང་རྗེས་གབ་ཚིག་མ་རབས་ཤིག་གམ་ཀུ་རེ་ནག་པོ་ཞིག་དང་འདྲ་བར། ཁང་མིག་དེར་ནམ་རྒྱུན་སྒོ་ལྕགས་ཆེན་པོ་ཞིག་བསྣར་ཏེ་འགྲུལ་མཚམས་ཆད་འདུག སྒོ་ཁར་ས་སོར་མོ་གང་ཆགས་འདུག བྲག་ལ་ཕུར་བ་འདེབས་མཁན་གཏེར་སྟོན་བཙན་པོ་ཞིག་བྱོན་རྒྱུ་མེད་ན། ཁུ་ཚུར་ཞིག་དང་འདྲ་བའི་ཟྭ་ལྕགས་བཙའ་རོ་མ་དེ་ལེན་ཐུབ་མཁན་ཡོད་ཚོད་མི་གདའ། འོན་ཀྱང་གཏེར་སྟོན་མ་བསླེབ་གོང་ལམ་སྟོན་སུ་ཞིག་ཐོན་ཏེ། ད་ཆ་གནས་དེའི་ཁང་པ་ཡོད་ཚད་པོ་ས་ཁ་ནས་ཡོངས་སུ་གཞར་ཏེ་ཤུལ་ནས་རྩེག་རིམ་བདུན་ཅན་གྱི་ཐོག་ཁང་ཆེན་པོ་ཞིག་ལས་ཀྱིན་འདུག གོ་ཐོས་སུ་དེ་ནི་ཚོང་འགྲུལ། གཞིས་སྡོད། རྩེད་འཇོ། གསོལ་སྟོན། ལྗོངས་རྒྱུ་སོགས་འདུ་བའི་དེང་རབས་སྤྱི་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ཆེན་པོ་ཞིག་ཡིན་ཟེར།

       ངས་ན་ནིང་ལོ་མཇུག་ལ་ཆེད་དུ་དཔེ་ཁང་དེར་སྔོན་ཆད་དཔེ་ཆ་འཚོང་མྱོང་མཁན་གྱི་ཤ་ཉེ་ཨ་ཅག་ཅིག་ཡོད་པ་དེར་ཁ་པར་བཏང་སྟེ་རྩད་གཅོད་བྱས། ཁོ་མོས་ཟེར་ན་ལོ་མང་རིང་སྒོ་བརྒྱབ་སྟེ་བཞག་པའི་རྫོང་རིམ་པའི་ཞིན་ཧྭ་དཔེ་ཁང་གི་ཆོག་མཆན་ཡི་གེ་སོགས། ཞིན་ཧྭ་དཔེ་ཁང་མཚོ་སྔོན་ཞིང་ཆེན་སྤྱི་གཉེར་ཀུང་སིས་གཞེས་ནིང་ནས་ཕྱིར་སྡུད་ཀྱིན་འདུག་ལ། ད་ནས་བཟུང་རྫོང་རིམ་པར་ཞིན་ཧྭ་དཔེ་ཁང་གཉེར་རྩིས་མ་རེད་ཟེར། ལར་ལས་གཞི་ཟེར་བ་མ་འགྲུབ་ན་མར་བཏང་བའི་དངུལ་སྒོར་འབོར་ཆེན་ལོ་མཇུག་ལ་ཐོན་དུས་སླར་ཡང་གོང་རིམ་ནས་ཕྱིར་སྡུད་འགྲོ་ཟེར་ལ། དེ་ལ་འགོ་ཁྲིད་དང་ལས་བྱེད་མང་མང་གིས་ཕངས་སེམས་བླ་ལྷག་སྟོན་པ་ངས་མཐོང་མྱོང་། འོན་ཀྱང་དངུལ་གྱི་ཁེ་སྤོགས་མེད་པའི་ཞིན་ཧྭ་དཔེ་ཁང་ལྟ་བུ་ཞིག་གོང་ནས་ཕྱིར་བསྡུས་སོང་བར། ཡུལ་ཉི་ཚེ་བ་འདིའི་ལམ་འགྲོ་བ་ལྟ་བུའི་སྐྱེ་བོ་འདི་དག་གིས་སེར་སྣ་ཕྲན་བུ་བྱེད་སྲིད་དམ།

        དེ་ལྟར་སྔོན་ཆད་ཀྱི་ཞིན་ཧྭ་དཔེ་ཁང་དེ། རགས་པ་ཕྱི་གཟུགས་ཀྱི་རྟེན་དང་བརྟེན་པ་ནས་ཞིབ་པ་མི་རྣམས་ཀྱི་དྲན་འཛིན་བག་ཆགས་ངོས་ནས། རིག་རྒྱུ་མེད་རུང་ལྡོག་ཐབས་བྲལ་བའི་སྟོབས་ཤུགས་ཆེན་པོ་ཞིག་གིས་ཅི་མི་སྙམ་པའི་ངང་གཏན་ནས་གཏན་དུ་བསུབས་སོང་བ་རེད། ནམ་རྒྱུན་རིག་གསར་སོགས་ཀྱིས་དགོན་སྡེ་བརླགས་སོང་ཞེས་རྒན་པོ་ཚོས་ད་དུང་ཡང་མགོ་འདར་འདར་ཕམ་མདོག་སྟོན་རུང་། མིའི་རིགས་ཀྱི་རིག་གནས་དཔལ་ཡོན་གྱི་བསྡུས་གཟུགས་ཤིག་མིན་མི་སྲིད་པའི་དཔེ་ཁང་ཞིག་བོར་སོང་བར། ངས་དེ་རིང་བར་ཡུལ་མི་སུ་ཞིག་གིས་སྙམ་མེད་དུ་ཕངས་སེམས་ཙམ་སྟོན་པ་ཡང་མཐོང་མ་མྱོང་། ངས་ལན་རེར་ངེད་ཐེམ་ཆེན་རྫོང་གིས་ལོ་རེར་སློབ་ཆེན་ལ་རྒྱུགས་འཕྲོད་པའི་ཚད་ཐིག་ནི། མཚོ་སྔོན་ཞིང་ཆེན་གྱི་རྫོང་ཡོངས་ཀྱི་མར་ཞབས་སུ་ལྷུང་ཡོད་པ་དྲན་ཐེངས། དཔེ་ཁང་སྒམ་ཆུང་ཙམ་ཞིག་ཆགས་སའི་གནས་མེད་པའི་ཡུལ་འདིར། སློབ་གྲྭ་ཆེན་མོའི་བསོད་ནམས་ཀྱི་ཉག་ཕྲ་བ་ནི་ཇི་འདྲའི་རྒྱུ་མཐུན་གྱི་འབྲས་བུ་ཞིག་རེད་ཨང་ཞེས་མཁོ་མེད་ཀྱི་འཁང་ར་ཕྲན་བུ་འདོན་ཞོར། མི་ཚེ་ཕྱི་ཡོལ་དུ་སོང་རུང་ད་དུང་ཡི་མུག་མུག་སྒོས་ཡི་གེ་འགའ་རེ་ནན་ཏན་ངང་ཀློག་ཅིང་ཞིབ་ཚགས་སྒོས་བྲིས་པ་ཡིན། འོན་ཀྱང་འདི་ནི་ཕ་ཡུལ་སེམས་ལ་བརྣག་ཚུལ་ཙམ་ལས་ཕན་ཏིལ་ཙམ་མི་ཐོགས་པ་ཡང་ངས་ཤེས་ཡོད།

     “ཁྱོད་ཚོའི་ཕ་མ་ཚོས་ཁྱོད་ཚོའི་སློབ་སྦྱོང་ལ་ཤ་མི་ཚ། ཁོ་ཚོས་སྒོར་མོ་མང་ཙམ་འཚོལ་ཕྱིར། ཐ་ན་ཁྱོད་ཚོར་སློབ་དེབ་གཡུག་ཏུ་བཅུག་སྟེ་འཁལ་འཐག་བཟོ་གྲྭར་ལས་གླ་རྒྱག་པར་མངགས་འགྲོ། ང་ལ་ཡང་སྐྱོན་ཆ་མེད་པ་ག་ལ་ཡིན། ངས་ནམ་རྒྱུན་སློབ་ཐུན་བསྐྱུར་ཏེ་རང་གི་ཚབ་ཏུ་ཁྱོད་ཚོར་མེ་ཏོག་ནང་ཆུ་གཏོར་དུ་འཇུག་པ་མིན་ནམ། ད་དུང་ཉ་འཛིན་དུ་འགྲོ་བའི་ཕྱིར་ཁྱོད་ཚོར་རང་སྣང་སྒོས་གནང་བ་གཏོང་བ་མིན་ནམ……”

         ཞིན་ཧྭ་དཔེ་ཁང་གཡུགས་ཏེ་ཤུལ་དུ་ཚོང་ལས་ཐོག་ཁང་ལས་ཀྱིན་པའི་ཕ་ཡུལ་དུ་ལོག་ཐེངས་རེར། ངའི་རྣ་ལམ་དུ་ཏུའུ་ཏེ་ཡི《མཇུག་མཐའི་སློབ་ཐུན》ནང་གི་དགེ་རྒན་ཧམ་མེར་གྱི་སྐད་ཆ་འདི་དག་གསལ་ལྷང་ལྷང་འཁོར་ཡོང་།

                                                                                                                                2016.3འུག་ཚང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་གྱི་ཞིན་ཧྭ་དཔེ་ཁང་།

2016-03-23 མི་ལ་ཙི་ཙི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།