འཕྲུལ་འཁོར་དམར་བོའི་གསང་བ།

    སྒེའུ་ཁུང་ལས་འཕྲོས་པའི་ཟླ་འོད་ཀྱི་འཁྲི་ཤིང་དེས་ལོ་རྒྱུས་ཀྱི་ཤིང་རྟ་ཆེན་པོ་ཞིག་ཟང་ཟིང་གི་འཇིག་རྟེན་ཞིག་ནས་ཁུ་སུམ་མེར་ཁུར་ཡོང་བ་དེ་བཞིན། མི་ཡི་གཤིས་སུ་གྲུབ་པའི་ཤེས་རབ་ཀྱི་ཏིང་སྙོམས་ལ་ཚོར་བ་གཞན་ཞིག་སྟེར་ངེས་ན་ཡང་།  རྡུལ་ཕྲན་གྱིས་རྡུལ་ཕྲན་བརླགས་པའི་མཐོང་སྣང་གི་དངོས་པོ་ཡོད་ཚད་ད་ལྟ་བསམ་ན་ནམ་མཁའ་ཞིག་གི་ཁ་གཏད་དུ་གནས་པའི་སྐར་ཚོགས་དང་ཡང་ཁྱད་མེད་པར་འཁོར་བ་ཆུང་ཆུང་ཞིག་གི་གྲུབ་ཀྱིན་པའི་ངོ་བོར་གྱུར་བ་ནས་མི་རྣམས་ཀྱི་འདོད་ཞེན་བཏེགས་པའི་ལྗོན་ཤིང་ཆེན་པོ་ཞིག་ཏུ་གྲུབ་ཚར་འདུག
    འདི་ནི་ཁྱོད་ཀྱི་དཀྱུས་རིང་ལ་ཞེང་ཕྲ་བའི་ད་ལྟའི་རང་ཉིད་ཀྱི་འཚོ་བ་ཡིན་ཞིང་། འདི་ཡི་དབང་གིས་ཁྱོད་རང་ལ་གཏོགས་ངེས་པའི་འཇིག་རྟེན་གྱི་ཡོད་ཚད་ཅིག་ཀྱང་ད་ལྟ་གནས་པ་ནས་འཇིག་པའི་དབང་དུ་གྱུར་ཡོད་ལ། ཁྱོད་ལ་བསྐྱུར་ངེས་པའི་ཁྱིམ་རྒྱུད་ཀྱི་ནོར་བུ་དེ་ཡང་རང་ཉིད་ཀྱི་རྨི་ལམ་ལས་གཞན་གང་ཡང་མི་སྣང་བའི་དུས་སུ། ཁྱོད་ཀྱིས་ཐོད་གཉེར་གྱི་བརྩེགས་མའི་ཤུར་མོ་རེ་ལས་ཀྱང་ཡོངས་སུ་མཚོན་བརྗོད་ཐུབ་པའི་མི་སྣ་རེ་ཡི་གཏམ་རྒྱུད་འཆད་ཐུབ་ལ། རྩྭ་ཐང་དུ་བག་མེད་ངང་ཕན་ཚུན་གྱི་མགོ་བོ་ཀྲོག་ཀྲོག་གིས་དབྱར་རྩྭ་ཟ་བཞིན་པའི་རྐྱང་དང་དགོ་བ་དག་ལ་བལྟས་ནའང་ཁྱོད་ཀྱི་དྲན་ཚུལ་དེ་རྩ་བ་ནས་འདས་ལོག་བྱེད་དགོས་པ་མཁྱེན་ཐུབ་པས།ཁྱོད་ཀྱིས་སྔར་བཞིན་སོང་ཟིན་པའི་ལམ་ཁ་དེའི་དངོས་བདེན་གྱི་གཏམ་རྒྱུད་རེ་གཉིས་ཤིག་ཞིབ་ཏུ་ཚར་གཅིག་མི་ཀློག་ག་མེད་བྱུང་།
     ཁྱོད་ལ་མཚོན་ན་མུན་ནག་གི་འཇིག་རྟེན་གྱིས་སྔར་གྱི་ནས་རང་ཉིད་བཙན་བཟུང་བྱས་ཚར་བའི་བཙོན་ཁང་འདིའི་ནང་དུ་གཞི་སྡོད་བྱས་པའི་དུས་ཡུན་དེ་གཏན་འཁེལ་མེད་པ་དང་། ཐ་ན་རང་ཉིད་ཀྱིས་ནག་ཉེས་ཅི་ཞིག་བཟོས་པའང་གསལ་བོར་དྲན་གྱིན་མེད་པས་ན། ཁྱོད་ཀྱི་གཏད་ཡུལ་དུ་གྱུར་བའི་མིའམ་དངོས་པོ་གང་ཞིག་ལ་འཁོན་སེམས་མི་འཆང་ཞིང་ཞེ་སྡང་བའི་སེམས་ཀྱི་རྨ་ཁ་དེ་ཡང་རྩ་བ་ནས་ཞི་ཚར་འདུག
འདི་ནི་ཁྱོད་ཀྱི་འཚོ་སྡོད་ཀྱི་ཚེ་སྲོག་ངོ་མ་བོ་དེ་ཡིན་ཞིང་མཐར་གཏུགས་ན་འབྱུང་དུས་ཀྱི་འཆི་བའང་འདི་ལས་དམན་མི་སྲིད།
ཁྱོད་ལ་མཚོན་ན་རྨི་ལམ་ལས་ལོགས་སུ་གྱེས་པའི་འཚོ་བ་དག་ནི་རང་ཉིད་ཀྱི་བརྒྱུད་ཚར་བའི་འདས་དོན་དག་ཡིན་ཞིང་། དེ་ཡིས་སྐྱེད་པའི་མནར་སྤྱོད་དམ་རྟོགས་སད་རེ་ཡིས་ཁྱོད་རང་འཇིག་རྟེན་འདི་དང་གཏན་བྲལ་བྱེད་མི་སྲིད་ལ་རང་ཉིད་ལ་རང་གི་གཞུང་ལུགས་ཤིག་ཀྱང་གྲུབ་འདུག 
    ནམ་རྒྱུན་དང་འདྲ་བར་ཁྱོད་ཀྱིས་སྔར་བཞིན་འཕྲུལ་སྣང་དང་དངོས་ཡོད་གང་ཡིན་མི་ཤེས་པའི་འདས་བྱུང་གི་བྱ་བ་རེ་ལ་ཕྱིར་དྲན་བྱེད་དུས་སུ། ཁྱོད་ཀྱི་ལྟ་བུའི་སེམས་བྱུང་གི་སྨྲ་སྒོ་ཞིག་ནམ་ཡང་མི་གཞན་ཞིག་གི་བློ་ངོས་སུ་ཕྱེ་ཡོད་པས་ཁྱོད་རང་སྤྱི་མཚོན་ཐུབ་པའི་མི་ཡི་བྱ་གཞག་ཅིག་ལས་དངོས་མིང་གང་རུང་གིས་མཚོན་བརྗོད་ཐུབ་པའི་མི་ཞིག་ལ་ཁྲུན་ཐག་གཅོད་ག་ལ་རུང་།      
      
                                                                     དང་པོ།
     དམག་སྤྱི་དེས་ཁྱོད་ཀྱི་ཕྱོགས་སུ་མེ་མདའ་ཞིག་འཕངས་པས་ཁྱོད་ཀྱི་བརྩེ་དུང་མཚོན་འོས་ལ་རྒྱལ་ཁའང་མཚོན་རུང་བའི་ལྡིར་ལྡིར་གྱི་བྲང་ཁ་དེ་ལས་ཁྲག་དམར་ལྷོག་ལྷོག་ཏུ་བཞུར་བའི་མགོ་བརྩམས། སྐབས་འདིར་རྣ་བར་སྙན་པའི་སང་སང་གི་དུང་སྒྲ་ཞིག་གིས་ཁྱོད་ཀྱི་མི་ཚེ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་འབྱུང་དུ་བཅུག་ཅིང་། རྒྱུ་རྐྱེན་དེ་ཡིས་བསྐྲུན་པའི་ཁེ་ཕན་གྱིས་ཁྱོད་ད་ལྟ་དམག་མི་ཁྲི་གཅིག་གི་ཚེ་སྲོག་སྲུང་མཁན་གྱི་དཔའ་རྒོད་ཅིག་དུ་གྱུར་ཡོད་ཅིང་། དམག་མི་རྣམས་ཁྱོད་ཀྱི་མདུན་སར་ཐོན་ནས་ལག་པ་འགྲམ་ངོས་སུ་བཞག་སྟེ་ལུས་ཟུང་དྲང་བོའི་ངང་གུས་འདུད་ཞུ་ཟེར་དུས་ཤིག་ལ་ད་གཟོད་ཁྱོད་ཀྱིས་རང་ཉིད་ནི་མི་རང་ག་བ་ཞིག་མིན་པ་གཏན་ཁེལ་ཐུབ་ཡོད་ལ། གཞུང་ཡིག་རྩེག་མ་རེ་དང་ས་ཁྲ་ཆེན་པོ་རེ་ཁྱོད་ཀྱི་མདུན་སར་བཀྲམས་དུས་ཁྱོད་ཀྱིས་གཞི་ནས་མིའི་རིགས་ཀྱི་ཚེ་སྲོག་ཕྲ་མོ་དག་ཁྱོདཀྱི་རྐང་བ་སྤོ་མིན་ལ་རག་ལས་ཡོད་པ་ཤེས། ཡིན་ནའང་ཁྱོད་ཕ་ཡུལ་ནས་ལོག་ཁ་མར་ཕ་གཞིས་ཀྱི་སྙིང་སྟོབས་ལས་བསྐྲུན་པའི་བསང་ཁྲི་ཆེན་པོ་དེ་ལས་རང་ཉིད་ཀྱི་ཤེས་རབ་ལྟ་བུའི་མནའ་ཚིག་གྲངས་མེད་བསང་མེ་དང་ལྷན་དུ་སྦར་ཡོད་ན་ཁྱོད་ཀྱིས་ཀླད་རུས་སུ་སུམ་པའི་བློ་གྲོས་ཐ་དག་ཀྱང་ཞི་བདེ་དང་སྙིང་རྗེ་ཡི་དབང་དུ་གྱུར་ཡོད་པས་ཁྱོད་ཀྱིས་སྔར་བཞིན་རང་ས་སྲུང་བ་ལས་ཕར་རྒོལ་གྱི་བཀའ་རྒྱ་གང་ཡང་མ་བསྒྲགས་པར་ལུས།
དེ་ལྟར་ལོ་ངོ་བཅུ་ཕྲག་འགའ་སོང་ནའང་ཁྱོད་ཀྱི་མགོ་བོ་དེ་གཡུལ་སའི་དུང་ཁར་ལན་གཅིག་ཀྱང་བུད་མ་མྱོང་བས་དམག་མི་རྒན་པ་དག་གི་ནག་ཅིང་སྦོམ་པའི་རལ་བ་དེའི་གསེབ་ལའང་སྐྲ་དཀར་གྱི་མེ་ཏོག་འཚོས་མགོ་བརྩམས་ཤིང་། ལམ་བྲོ་ཁུར་བའི་བྱིས་པ་དག་ཀྱང་གནམ་གྱི་སྐར་མ་ལེན་པའི་རྩལ་ཆེན་པར་གྱུར་ཏེ་གློག་དམར་འཁྱུག་པ་ལྟ་བུའི་མིག་ཟུང་འབུར་ཚུགས་སུ་བགྲད་བཞིན།
“མདའ་གཞི་དག་བུད་ཤིང་བྱས་ཏེ་སྦར་ཚར་ཞིང་། མཚོན་ཆ་དག་ས་བརྐོ་བྱེད་ཀྱི་འཇོར་དང་ཁེམ་བུར་གྱུར་ཡོད་པའི་ད་ལྟ། མདེའུ་དག་ཀྱང་བྱིས་པའི་རྩེད་ཆས་སུ་གྱུར་ཡོད་ན། ང་ཚོའི་གཡུལ་ལས་རྒྱལ་བའི་དགྲ་དཔུང་སུ་ཞིག་གི་གཤན་གྲི་སྐེ་ལ་བཟེད་པ་ཡིན། ང་ཚོ་འཇིག་རྟེན་འདིར་སྐྱེ་པ་ནས་དགྲ་བོ་ཞེས་པ་སེམས་ཅན་ཇི་ལྟ་བུ་ཞིག་ཡིན་པའང་རྩ་བ་ནས་བརྗེད་ཚར་ཡོད་པས་ང་ཚོ་ངེས་པར་དུ་གཡུལ་སའི་དོང་ཁར་བུད་དེ་ཕྱི་ངོས་ཀྱི་འཚོ་བ་ལ་སྔོགས་གཤེར་བྱེད་དགོས། ”ཞེས་བརྗོད་བཞིན་གཡུལ་སའི་དོང་ཁར་མཆོངས་ཏེ་ཕྱིར་ཤོར། སྐབས་འདི་ལ་དེར་ཡོད་ཀྱི་དམག་མི་གཞན་རྣམས་དང་འདྲ་བར་ཁྱོད་ཀྱིས་ཀྱང་ཁྱིམ་མི་དང་། བཟའ་ཟླ། བྱིས་པ་དག་དྲན་པས་དོང་ཁར་བུད་དེ་འཚོ་བ་གསར་བ་ཞིག་ལ་གོམ་འགྲོས་བསྒྱུར་མགོ་བརྩམས། ཡིན་ནའང་ཁྱོད་དོང་ཁར་བུད་དུས་སུ་ཁྱོད་དང་བཅས་པའི་མི་ཚོགས་རྣམས་ཧ་ལས་སོང་། མཐའ་མེད་པའི་མྱ་ངམ་ཐང་ཆེན་པོ་ཞིག་གི་སྒལ་སྟེང་ཧྲིལ་བོ་དུར་ཁྲོད་ཀྱི་སྒང་འབུར་ཁོ་ནས་ཁེབས་ཡོད་ཅིང་། མདུན་གྱི་རྡོ་རིང་ཆེན་པོ་དེའི་ངོས་སུ་བརྐོས་པའི་མིང་བྱང་དག་ལས་ཁྱོད་ཀྱི་ཁྱིམ་མི་དང་བཟའ་ཟླ། བྱིས་པ་དག་གི་རུས་མིང་ཡང་མཐོང་བས། དཔའ་ངར་གྱིས་ཁེངས་པའི་འཇིག་རྟེན་ཧྲིལ་བོ་དེ་གནམ་ས་འགད་པའི་ངུ་སྒྲའི་ཁེངས་ཤིང་། ཡོད་ཚད་ཇི་ལྟར་འཇིག་པའང་མ་ཤེས་པར་འཇིག་རྟེན་དེ་དེ་ལྟར་འཇིག་སོང་བར་བློ་འགྱོད་སྐྱེས། སྐབས་དེ་ལ་དེར་གནས་ཀྱི་གསར་བུ་ཞིག་གིས་“རྒྱང་རིང་ན་སྲོག་ཆགས་ཆེན་པོ་ཞིག་ང་ཚོའི་ཕྱོགས་སུ་ལོག་ཡོང་གིན་འདུག”ཟེར་བས། མི་རྣམས་ཀྱིས་གཅིག་བསྡུས་ཀྱི་མིག་ཟུང་དེ་ཡི་ཕྱོགས་ལ་ཅེར་དུས། དངོས་ནས་འཇིགས་སུ་རུང་བའི་འཕྲུལ་འཁོར་ཆེན་པོ་ཞིག་གིས་ས་གཞི་དང་བཅས་པའི་རི་རབ་ཁང་ཁྱིམ་ལ་སོགས་པ་ཁྱུར་མིད་གཏོང་བཞིན་ཁྱོད་ཀྱི་ཕྱོགས་སུ་རྒྱུག་ཡོང་བ་མཐོང་བས། ཁྱོད་ཀྱང་དམག་སྤྱི་ཞིག་གི་གནས་བབ་ཏུ་འགྲེང་མ་ཚུགས་པར་ཁ་ཕྱིར་འཁོར་ཏེ་བྲོས་པས། ཁྱོད་ཀྱི་དམག་དཔུང་དག་ཀྱང་ཁྱོད་ཀྱི་རྗེས་ལ་འབྲངས་བཞིན་བྲོས། ས་མཚམས་ཤིག་ལ་ཐོན་རྗེས་ཁྱོད་ཀྱིས་མདུན་དུ་སྤོ་བའི་གོམ་མཚམས་མི་འཇོག་ག་མེད་བྱུང་།  སྤྱན་ཤེལ་གྱོན་པའི་མི་སྣ་སྐོར་ཞིག་གིས་ཁྱོད་ཀྱི་མདུན་ནས་བཀག་སྟེ་ཡ་མཚར་བའི་མིག་གིས་མི་རེ་རེའི་གདོང་ལ་ཞིབ་བལྟ་ཞིག་བྱས་རྗེས་དགའ་སྤྲོ་ཆེན་པོའི་ལག་པ་ཡར་འདེགས་བཞིན་ང་ཚོས་ལོ་ངོ་བརྒྱ་ཕྲག་རིང་ལ་བཙལ་བའི་པུར་སྒྲོམ་དེ་ད་ལྟ་ཆ་ཚང་བོར་ཪྙེད་པས་ང་ཚོ་དངོས་ནས་རྒྱུ་ཐོག་ལ་བརྒྱབ་བྱུང་། ཞེས་སྐད་ཐོན་པོར་བརྗོད་པར། སྔར་ཞིག་ནས་ནགས་ཚལ་ཆེན་པོའི་གསེབ་ཏུ་སྐུང་བའི་ཇག་དཔོན་དེས་མི་དེས་གདོང་ལ་མེ་མདའ་ཞིག་འཕངས་ཏེ་གློ་བུར་ཁ་སྦུབ་ཏུ་སྒྱེལ་ཞིང་། དེར་ཡོད་ཀྱི་མི་རེ་རེའི་སྐེ་སྒོ་རྩ་བ་ནས་བྲེགས་ཏེ་རེ་རེ་བཞིན་ཆུ་ལ་བསྐུར།  ཁྱོད་ཀྱིས་མིག་ལ་མི་བཟོད་པའི་སྡུག་རྩུབ་ཀྱི་སྦྱོར་བ་འདི་དག་མཐོང་རྗེས་རང་གི་དམག་དཔུང་ལ་བཀའ་བསྒྲགས་ཏེ་འཛིན་བཟུང་བྱེད་རྒྱུའི་བརྡ་རྒྱག་དགོས་སྙམ་རུང་། རང་ཉིད་དང་བཅས་པའི་དམག་དཔུང་རྣམས་སྔར་གྱི་ནས་ས་འབག་དང་རུས་གོག་ཁོ་ནར་གྱུར་བ་རྟོགས་ཤིང་། ཉམ་ཞན་གྱི་མཐོང་སྣང་དེ་ལས་འཕྲོས་པའི་རྐང་གླིང་གི་སྒྲ་སྐད་སྙན་པོ་ཞིག་ཀྱང་ཁྱོད་ཀྱི་རྣ་བའི་བུ་ག་རྒྱུད་དེ་ཀླད་རུས་ཀྱི་ཀློང་དུ་འཐིམས་པར་བཟོས། 
འདི་ནི་ཁྱོད་རང་འཇིག་རྟེན་འདིར་ཐོན་ཉིན་ནས་ཧ་ཅང་བྲེལ་བ་ཆེ་མདོག་གི་རྨི་ལམ་འཚུབ་པོ་ཞིག་ཡིན་ལ། ཟིང་ཆ་དོད་པའི་དངོས་ཡོད་ཀྱི་འཚོ་བ་ཞིག་ལའང་ཅི་ལྟར་བརྩིས་མི་རུང་། 
 
                                                           གཉིས་པ།
  དམག་སྤྱི་དེས་ཁྱོད་ལ་འཕངས་པའི་མེ་མདའ་དེའི་ཤུལ་རྗེས་ད་ལྟའང་ད་དུང་ཁྱོད་ཀྱི་བྲང་ཁར་ཟུག་ཡོད་ནའང་། ཁྱོད་རང་སྔར་གྱི་ནས་མི་གཞན་ཞིག་ཏུ་གྱུར་ཡོད་ཅིང་། གཞར་གྲི་རྣོན་པོ་ཞིག་གིས་རང་ཉིད་ཀྱི་སྐེ་སྒོ་འབྲེག་པའི་མི་སྣ་ཐ་ཤལ་བ་ཞིག་དུ་གྱུར་ཡོད་འདུག
    སྐབས་འདིར་ཁྱོད་ཀྱི་སེམས་ཁུངས་སུ་ཉར་བའི་རེ་བ་ཉག་ཅིག་ནི་སྐྱེས་འབྲས་ལེགས་པའི་བུད་མེད་ཁ་བཟང་ཞིག་གིས་ཁྱོད་ལ་ཤ་མར་ཐུ་གསུམ་གྱིས་ཁེངས་པའི་དཀར་ཡོལ་ཆེན་པོ་ཞིག་གཏད་ཀྱིན་“བཟའ་ཟླ་ལེགས། འདི་བཞེས་དང་། ཁྱོད་ཀྱིས་མིའི་རིགས་ལ་བཅིང་བའི་བརྩེ་སེམས་དེ་ལས་ང་རང་ཁྱོད་ཀྱི་ཆུང་མ་ཡིན་ལ། གཞར་གྲི་དེ་དེ་ལྟར་ཆུད་ཟོས་སུ་གཏོང་ག་ལ་རུང་། ངེད་གཉིས་ཀྱི་ཕན་ཚུན་ལ་བཅངས་པའི་བརྩེ་དུང་དེས་སྐྱེས་སྟོབས་ལས་བུ་ཕྲུག་ཅིག་སྐྱེས་ན་གཞར་གྲི་ཞིག་དགོས་དངོས་སུ་གནང་བས་ཁྱོད་ཀྱིས་གཞར་གྲི་དེ་གཙང་མར་ལྷ་མདུན་དུ་སྦ་རོགས”ཞེས་བརྗོད་རྒྱུ་དེ་ཡིན་མོད། བུ་ཡུག་གི་རྒྱུ་བ་རྩུབ་པའི་ཕྱི་རོལ་གྱི་ནམ་ཟླ་དེས་ཁྱོད་ཀྱི་ཞེ་སྨྲེང་ནས་དྲན་པའི་རྨི་ལམ་གྱི་ཚོར་བ་དེ་གར་སོང་ཆ་མེད་དུ་བཟོས། 
 སྤྱིར་ན་ཁྱོད་ལའང་རང་དང་འཚམ་པའི་རྒྱུ་བྱིན་གྱི་ཆུང་མ་ཞིག་དང་སྙིང་དུ་སྡུག་པའི་བུ་མོ་ཞིག་ཡོད་ནའང་ད་ལྟ་དེར་བྱུང་གི་གཏམ་རྒྱུད་ཡོད་ཚད་ནི་ཁྱོད་ཀྱི་ཚེ་སྲོག་འདི་ལ་མཇུག་ཤད་འགོད་པའི་གཞུང་ཡིག་གི་བཀའ་བརྒྱ་ལྟ་བུ་ཞིག་ཏུ་གྱུར་ཡོད་ཅིང་།  ཆུང་དུས་སུ་རང་ཉིད་ལ་དགའ་ཞིང་མགུ་བའི་བརྩེ་གྲོགས་མ་དེ་ཡང་མཆེ་བ་དམར་ལྷུག་ལྷུག་གིས་གད་མོ་སྐག་སྐག་དགོད་མཁན་གྱི་འདྲེ་གདོན་མ་ཞིག་དུ་གྱུར་ཡོད་པས་ན། ཁྱོད་ལ་རང་བྱུང་གི་བཀོད་པ་དང་དོ་མཉམ་པའི་འཇིག་རྟེན་གྱི་བྱུང་ལུགས་ཤིག་ཆགས་མ་ཐུབ།  འདི་ནི་ཁྱོད་ལ་མཚོན་ན་ཆེས་སྤྱིར་བཏང་གི་དཔེ་མཚོན་ཞིག་གམ་ཡང་ན་གླེང་རིན་མེད་པའི་དོན་གྱི་བྱུང་བ་ཞིག་ཀྱང་ཅི་ལ་མིན།  དེ་དུས་སུ་ཁྱོད་ལ་ལྡེ་མིག་མེད་པའི་དངངས་སྐྲག་གིས་ནམ་ཞར་ཡང་སྨད་འཚོང་མའི་སྒོ་ཁ་སྙེགས་དགོས་ལ། བརྩེ་བ་མོད་ཅིང་ངང་རྒྱུད་ཐུང་བའི་བུ་མོ་དེ་ཚོ་ནི་ཁྱོད་ཀྱི་ཆེས་ཐོག་མའི་འཇིག་རྟེན་གྱི་འཚོ་བའི་མངར་ཁ་ཡིན་ལ། དེ་ཡི་ཕྱིར་ན་གཅན་གཟན་གྱི་ར་བ་དང་ཡང་འདྲ་བའི་མི་ཡུལ་གྱི་གྲུ་ཁ་གང་ཞིག་ལའང་ཁྱོད་ཀྱི་རྐང་རྗེས་མ་བཞག་པའི་གནས་ཤིག་གང་ན་ཡོད། ཁྱོད་ཀྱིས་རང་ལུས་ཀྱི་གྱོན་གོས་ཐ་དག་གཙང་མར་ཕུད་ནས་མི་གཞན་ཞིག་གི་ཤ་དྲོད་མྱངས་དུས་ཤིག་ལ་འབུ་སྲིན་སྡུག་ཅན་ཞིག་དང་དབྱེར་མེད་པའི་རང་ཉིད་ཀྱི་བེམ་རོ་དེ་དེ་ལྟར་མངལ་ཁྲག་གི་བྲོ་བ་འཐིབ་པའི་ཉལ་ཁྲི་ཞིག་གི་སྟེང་ན་རུལ་གྱིན་པ་ཚོར་ཞིང་།རླུང་བུའི་ཉམ་ཞན་གྱི་ཟེགས་སྒྲ་དེ་ལས་མདངས་ལོག་པའི་དར་ལྕོག་ཁྲ་ཁྲ་ཞིག་ཀྱང་དྲན་ཡོང་། དར་ལྕོག་དེའི་རྐྱེན་པས་ཁྱོད་ཀྱི་མིག་ཟུང་ནམ་ཡང་གནའ་བོའི་དུར་ཁྲོད་ཅིག་ལ་ཅེར་ཡོད་ཅིང་།བྱ་རྒོད་ཀྱིས་ཡོངས་སུ་བརླག་པའི་རུས་གོག་གི་སྒྲིག་གཞི་ཚང་མའང་ཁྱོད་ཀྱི་སྤྱི་གཙིགས་ལ་འགྲེང་མྱོང་བའི་ཨ་ཕའམ་ཡང་ན་མེས་པོ་དག་གི་རྣམ་ཤེས་ཡིན། 
       དེ་ནི་ལོ་རྒྱུས་ཀྱི་གོད་ཆག་ཅིག་མ་ཡིན་ལ་དུས་བབ་ཀྱི་ཤ་འོད་བརྡོལ་བའང་མ་ཡིན་པར་ཁྱོད་རང་འཇིག་རྟེན་འདིར་ཐོན་པའི་ཉིན་ནས་བཟུང་སྟེ་ཨ་མ་ཞེས་པའི་དགའ་ས་ཞིག་དང་འབོད་ས་ཞིག་ཅི་ནས་ཀྱང་མ་ཪྙེད། འདི་ནི་ཁྱོད་ཀྱིས་འཇིག་རྟེན་ནས་བཟོས་པའི་ནག་ཉེས་གཉིས་པ་ཡིན་ལ་གཞར་གྲིའི་སྐེ་རྩ་གཅོད་པ་དེ་དང་བསྡོམས་ན་གསུམ་པ་བོ་ཡང་ཡིན། སློབ་བུ་རྣམས་ཀྱིས་ཁྱོད་ཀྱི་རྒྱབ་ཕྱོགས་ནས་སྐད་འཛེར་འཛེར་དུ་ད་ཕྲུག་ཅེས་འབོད་དུས་ཤིག་ལ། ཁྱོད་ཀྱིས་གདངས་གསལ་བའི་ཨ་ལན་ཞིག་གིས་ཡོད་ཚད་མཇུག་རྫོགས་པར་བྱེད་མོད། ན་ཚོད་ཀྱིས་བཟོས་པའི་བསླུ་བྲིད་དེ་ལས་ད་ལྟ་ཁྱོད་རང་བྱིས་པ་ལས་ཆེན་པོ་ཆགས་ཡོད་ཕྱིར་རྒྱལ་ཕམ་གྱི་དབྱེ་བ་ཆོད་རག་ཅིག་ལ་ཁྱོད་ཀྱིས་བུ་ད་ཕྲུག་གི་ལ་རྒྱ་རྩོད་ངེས། ཡིན་ནའང་འདི་དག་ནི་བྱུང་ཟིན་པའི་གཏམ་རྒྱུད་ཀྱི་བརྗོད་བྱ་ཙམ་ལས་ད་ལྟ་ཕལ་ཆེ་བ་ཞིག་བརྗེད་དངོས་ཆོམ་པོའི་འཁྱེར་ཚར་ནའང་ཁྱོད་རང་དངོས་ནས་ཡིད་མི་ཆེས་པ་ཞིག་ནི་རྨི་ལམ་གྱིས་བཟོས་པའི་མནར་གཅོད་དག་སྟེ། དངོས་ཡོད་ལྟ་བུའི་བྱུང་ཚུལ་ཞིག་གིས་ཁྱོད་རང་འཇིག་རྟེན་འདི་དང་ཁ་མི་འབྲལ་ཐབས་མེད་བྱུང་། དེ་ནི་ནམ་སྟོད་ཅིག་ལ་རྨིས་པའི་རྨི་ལམ་ཞིག་སྟེ། ནམ་མཁའི་ལྷ་མོ་དང་ཡང་འདྲ་བའི་བུ་མོ་ཞིག་གིས་ཁྱོད་ཀྱི་དཔྲལ་བར་འོ་ཞིག་བྱས་རྗེས།“ཤེས་རབ་ཀྱི་བུ། ཁྱོད་ཀྱི་བསམ་རྒྱུན་གཙང་བོ་སྔོན་མོའི་འབབ་རྒྱུན་ལྟར་མུ་ནས་མུ་མེད་ནའང་། ཤེས་རབ་ཀྱིས་ནོག་པོར་འགྱུར་བའི་བྱས་ཉེས་ཤིག་གིས་ཁྱོད་ལ་སྙན་ངག་པའི་ཆོ་ལོ་མི་ཐོབ། དེ་ཡང་རྐང་རྗེན་མར་མེ་ཏོག་གི་བསིལ་བའི་ཚལ་ན་རྒྱུག་དུས་ནས་བཟུང་སྟེ་མི་ཞིག་གི་དབུགས་རྒྱུན་འགག་རག་ཅིག་ལ་ཁྱོད་ཀྱིས་འཇིག་རྟེན་འདི་ནས་ཉེས་པ་གནམ་ལ་མི་ཤོང་བའི་ནག་ཉེས་ཅི་འདྲ་ཞིག་བཟོས་ཨང་། ཁྱོད་དངོས་ནས་ལྷ་ཡུལ་དུ་ཐོན་པའི་བར་དུ་ཨ་མ་དང་ཞལ་མཇལ་མི་ཐུབ་པའང་རྒྱུ་མཚན་མེད་པ་ག་ལ་སྲིད། ”ཟེར།  
སྐབས་འདིར་ཁྱོད་ལ་སྨྲ་མི་ཤེས་པའི་ཚོར་བ་ཡ་མཚན་ཞིག་གིས་རང་ཉིད་ལྐུག་པར་འགྱུར་བའི་རྣམ་རྟོག་སྐྱེས་ཤིང་། འཇིག་རྟེན་གྱི་ནོར་བུ་ཆེན་པོ་ཉི་མ་དེ་ཡང་མར་མེ་རླུང་ཁ་ན་ཟད་པའི་ངང་ཚུལ་གྱིས་དལ་བུར་གཟིམ་ལ་ཉེ་བའི་འཇིགས་སྐྲག་ཅིག་སྐྱེས་ཡོང་།
 
                                                                   གསུམ་པ།
      ཁྱོད་དངོས་ནས་ཤི་སོང་།དམག་སྤྱི་དེས་འཕངས་པའི་མེ་མདའི་མདེའུ་སྙིང་ཁ་ལ་ཟུག་པས་ཁྱོད་རང་འཇིག་རྟེན་འདིའི་མི་གཞན་ཞིག་དང་ཡང་འདྲ་བར་ལྔ་བའི་ལམ་ལ་ཞུགས། ཁྱོད་ཀྱིས་མཛེས་སྡུག་ལས་སྙེམས་པའི་ལྷ་མོ་ཞིག་གི་འོད་ཟེར་མཐོང་རག་ཅིག་ལ་ཐོག་མ་ནས་ངེས་པར་བཞུད་དགོས་པའི་ལམ་ཁ་ཞིག་ལ་བསྐྱོད་བྱུང་།        ཐུན་མིན་གྱི་སྒྲིག་གཞི་ཅི་ཡང་མེད་པར་ཁྱོད་ཀྱིས་མཐེབ་མོ་སྟོན་གྱིན་ལག་པ་ཡར་བཀྱགས་ཏེ་ཤམ་པ་ལའི་ཕོ་བྲང་སྙེག་གིན་པའི་རླངས་འཁོར་དག་བཀག་ན་ཡང་། སྒེའུ་ཁུང་ལས་བབས་པའི་རེ་འདོད་ཀྱི་ཆར་བ་དག་ནི་ཚིག་མཚོན་དང་མཐོང་ཆུང་། ཟུར་ཟ་དང་འགྲམ་ལྕག་དག་གི་མཚོན་དོན་ལ་རུང་བའི་སྐད་ངག་དག་ལས་ཡིད་སེམས་བདེ་ལ་འབབ་པའི་ཐོལ་བྱུང་གི་ཕན་འབྲས་ཅི་ཡང་མ་ཐོབ། དེ་ལྟར་ནའང་ཁྱོད་ཀྱིས་རྐང་བ་ས་ངོས་སུ་འཐིམ་ནས་བརླ་རྐང་བར་དུ་རུལ་བའི་དུས་སུའང་མཐེབ་མོ་སྟོན་གྱིན་ལམ་ཁར་སྙེག་པའི་རླངས་འཁོར་དག་འདུག་རྒྱུའི་རེ་བ་བཟུང་མོད། མེ་ཏོག་གི་རྒྱན་ཆ་ཐོར་བཞིན་འཇའ་ཚོན་གྱི་གུར་ཁྱིམ་བསྙེག་པའི་སྤྱི་སྤྱོད་རླངས་འཁོར་དེ་དག་རྡུལ་འཚུབ་བེར་འཇའ་གོར་དུ་འཐིམ་པའི་བར་ལ་ཁྱོད་ཀྱི་ཐམས་ཅད་སྟོང་བར་གྱུར་ཅིང་མཐེབ་མོ་དང་བཅས་པའི་རང་ཉིད་ཀྱི་ཡོད་ཚད་ཅིག་ཀྱང་འུར་འུར་རྒྱུག་པའི་རླུང་ནག་གི་རྦ་རླབས་ལ་འཐིམ་སོང།
ཁྱོད་རང་གཉིད་སད་པ་བཞིན་ཞིང་ཁམས་ཤིག་ནས་དགྱེས་དུས་ཤིག་ལ། ད་གཟོད་རང་ཉིད་ས་རིམ་པ་དགུའི་སྟེང་འོག་གིས་བཅད་པའི་དམྱལ་བའི་ཡངས་མཐའ་བཅུ་དགུ་བར་ལྷུང་ཡོད་པ་རྟོགས། གནས་འདི་ནི་གཞུང་ལུགས་ཀྱིས་མ་བཟུང་ཞིང་དཀོན་མཆོག་གིས་ཀྱང་མ་མཐོང་བ་ཞིག་ཏུ་འདུག་པས། ཁྱོད་ཀྱིས་ཁྱོད་ཀྱི་བསོད་ནམས་ལ་ཡི་རང་བྱས་ཤིང་། འཇིག་རྟེན་འདི་དང་གཏན་དུ་གྱེས་མི་སྲིད་པའི་དམ་བཅའ་སྙིང་ལ་བརྐོས། འཇིག་རྟེན་དེ་ནས་ཁྱོད་ཀྱིས་སྒྲོལ་མ་ཞེས་པའི་བུ་མོ་གསར་བ་ཞིག་ངོ་ཤེས་ཤིང་། རྟོག་བཏགས་མ་ཡིན་པའི་རྒྱུ་མཚན་ཅན་གྱི་འཚོ་བ་གསར་བ་ཞིག་ལའང་བསྐྱར་དུ་རོལ་མགོ་བརྩམས། ཡང་མཚན་མོའི་རྨི་ལམ་ཁ་ཤས་སུ་སྒྲོལ་མ་ཟེར་མཁན་གྱི་བུ་མོ་དེ་སྐལ་བ་དུང་ཕྱུར་དགུའི་རིང་ལ་བརྫིས་པའི་འཇུམ་བག་གི་ས་དུང་ཞིག་ཏུ་གྱུར་འགྲོ་བ་རྨིས་ཤིང་། རང་ཉིད་ནི་བྲན་གཡོག་སྤྱི་ཚོགས་ཀྱི་དུས་བབ་ཏུ་འཁྲུངས་པའི་བྲན་གཡོག་པ་དཀྱུས་མ་ཞིག་ཡིན་ཚུལ་རྒྱུན་དུ་རྨིས་ནའང་། ཁྱོད་ཀྱིས་ཐོབ་དཀའ་དོན་ཆེ་མི་ལུས་རིན་པོ་ཆེ་དེ་དེ་ལྟར་ཚེ་གཅིག་རིང་ལ་འཇུམ་བག་གི་མི་རུ་བསྒྱུར་འདོད་མེད་པས་ནམ་ཡང་རྨི་ལམ་དེས་སྐོར་ལ་ཞིབ་འཇུག་བྱེད་ཅིང་། ནམ་ཉི་མ་ཞིག་ལ་འཇུམ་བག་བརྫི་མཁན་གྱི་སྐྱེས་པ་དེས་དྲུང་དུ་ཐོན་ནས་ད་ཁྱོད་ཀྱིས་རང་ཉིད་དང་བཅས་པའི་ཡོད་ཚད་ཅིག་མཚམས་བཞག་ན་རེད་ཅེས་ཤོད་འདོད་ཡོད་མོད། སྒྲོལ་མའི་རྫུལ་འཕྲུལ་གྱིས་ཁྱོད་རང་སྐྱེ་བ་གསུམ་ལ་གཉིད་ཐུབ་རྒྱུའི་བཟི་སྨན་ཞིག་འཐུང་དུ་བཅུག་ཡོད་ཕྱིར་ཁྱོད་ཀྱིས་ཀྱང་གླིང་རྗེ་གེ་སར་རྒྱལ་བོའི་རྟུལ་ཞུགས་བཟུང་སྟེ་བདུད་ཡུལ་ནས་མུན་འཐོམ་དུ་འདུག་པའི་དུས་ཡུན་དེ་འདྲ་ཞིག་རང་སེམས་ལ་གཏན་འཁེལ་བྱས་ཡོད། ཁ་དབུགས་བཙོག་པའི་གནས་ས་དེ་ནས་ཁྱོད་ཀྱིས་ཤེས་རབ་དང་བློ་སྤོབས་ཀྱི་དོན་དུ་འབར་བའི་མེ་ལྕེ་དག་གཟིམ་པས། རང་ལ་སྔར་བྱུང་མ་མྱོང་བའི་ནད་ཡམས་ཤིག་གི་བྲོ་བ་མྱང་མགོ་བརྩམས། ནད་གཞི་དེས་ཁྱོད་ཀྱི་ཡོད་ཚད་རུལ་སུངས་སུ་བཟོས་ཤིང་དོན་ལྔ་སྣོད་དྲུག་དང་བཅས་པའི་རང་ཉིད་ཀྱི་དབང་བོ་ཐ་དག་ཤ་སྦྲང་གི་རིགས་ལ་དབང་བར་བྱས་པས། དོད་རྟགས་ཙམ་དུ་ཁྱེད་ཉིད་འཇིག་རྟེན་འདིའི་ས་གཞི་ཆེན་པོ་དང་ཡང་འདྲ་བར་སེམས་ཅན་ཇི་སྙེད་ཅིག་གི་འཚོ་བ་རོལ་སའི་བྱ་བའི་ཡུལ་ལ་གྱུར་སོང་། འབུ་སྦྲང་གི་ཤི་གོད་ཀྱི་ཟེགས་སྒྲ་དེ་ལས་བསྩལ་བའི་ཉམས་སྣང་གིས་ཁྱོད་ཀྱིས་སོང་ཟིན་པའི་འཇིག་རྟེན་གྱི་ཟང་ཟིང་གི་འཚོ་བ་དག་བསྐྱར་དུ་བློ་ངོར་འཆར་བར་བཟོས་པས། ཁྱོད་ཀྱི་ཡོད་ཚད་གཡོ་འོག་ཏུ་ཐེབས་པ་ཤེས་ཤིང་རང་ཉིད་ལ་བདུད་ཀྱི་ཆོ་འཕྲུལ་སྟོན་པར་ཁ་གཡར་ཏེ་བུ་མོ་དེ་དང་གཏན་བྲལ་བྱེད་འདོད་ནའང་། ནད་ཡམས་ཀྱིས་བཟུང་བའི་རང་གི་ལུས་པོ་དེ་རླུང་ཁ་ན་ཟད་པའི་དར་ལྕོག་ཅིག་གི་རང་བཞིན་ལྟར་རྒུད་པ་ནས་རྒུད་པའི་ལམ་དུ་བསྙེགས་ཡོད་ན། ཁྱོད་ཀྱིས་སྐྱོ་ཉམས་ཀྱིས་བཏོན་པའི་གླུ་ངག་གི་འདོད་གཞས་ཐུན་གཅིག་བླངས་རྗེས་སྔ་མལ་དུ་མིག་ཟུང་བཙུམ་པའི་བར་ལ་གཉིད་འདུག་རྒྱུའི་སེམས་ཐག་བཅད།
གཉིད་ལས་སད་རྗེས་ཁྱོད་ཀྱིས་ལུས་འབྲེལ་བཞག་མྱོང་བའི་བུ་མོ་དེ་ཡི་འགྲམ་པར་འོ་ཞིག་བྱས་རྗེས།“འགྲོ་བ་དག་གི་བྱམས་སེམས་ཀྱིས་བཏེགས་པའི་སེམས་པ་འདི་ལ། སྙིང་བརྗེ་ཞེས་པའི་གོ་འཁྲབ་དེ་མེད་ན། ཁྱོད་ཀྱི་ཤ་ཁྲག་གདོས་བཅོས་ཀྱི་ཕུང་བོ་དེ་ཡང་། དམག་འཁྲུག་བརྒྱབ་རྗེས་ཀྱི་མཁར་ཤུལ་ཪྙིང་བ་ཞིག་གམ་ཡང་ན་ཞིག་རལ་དུ་གྱུར་བའི་གྱང་གོག་ཅིག་ལ་བརྩིས་དང་ཅི་ལ་མི་རུང་། ངེད་ནི་མཐོ་བ་གནམ་དང་དམའ་བ་ས་ཡི་རྒྱན་དུ་གྲུབ་པའི་ཉི་ཟླ་ཟུང་གི་འོད་སྣང་དེ་རང་གི་ལུས་སུ་གྱོན་ནས། འཇིག་རྟེན་འདིའི་གཞུང་ལུགས་ཀྱི་ཆུ་རྒྱུན་རིང་མོ་ཞིག་གི་རབ་ཁ་བརྒལ་བཞིན། སྐྱབས་གནས་གཞན་ཞིག་ལ་རེ་བ་དང་བཅས་མགོ་འབུལ་བྱེད་རྩིས་ཡོད་པས། བདག་གི་རུས་གོག་རླུང་བུ་དང་ལྷན་དུ་གྱར་རག་བར་ལ་ཁྱེད་ནས་ཁྱོད་རང་བདག་གི་ཆུང་མ་ཡིན་ཞེས་འཇིག་རྟེན་གྱི་ཕྱི་ནང་ཀུན་ལ་གྲགས་སུ་མཇུག་རྒྱུ་དང་། མཁར་རྫོང་ལྟ་བུའི་མི་གཤིས་ཀྱི་འཚུལ་ཆོས་ཡོད་དོ་ཅོག་གི་སྒོ་མོ་ཆེས་ཆེར་ཕྱེ་སྟེ་བདག་ཉིད་འཆི་བའི་དུས་སུའང་། པུས་བཙུགས་ཏེ་ཞུ་བ་མ་བྱེད་རོགས། ”ཞེས་ཡབ་མེས་ཀྱི་སྙིང་སྟོབས་མཚོན་པའི་ཁ་གཡང་དེ་ཙམ་ཞིག་བསྒྲགས་རྗེས་བཙོན་ཁང་གི་ཕྱོགས་སུ་གཟས་ཏེ་སོང་།
 
                                                                                           བཞི་བ།
        ཁྱོད་ཀྱི་སྒེའུ་ཁུང་ལས་འཕྲོས་པའི་ཟླ་ཟེར་གྱི་འཇམ་ཤ་མྱང་བས་ཁྱོད་རང་མི་སེམས་ཀྱི་དུང་བ་བརྗོད་པའི་སྙན་ངག་པ་རྣལ་མ་ཞིག་གི་ཚད་གཞི་ལྟར། སྣ་ལ་གཟན་པའི་ཆང་དྲི་སྟུག་པོ་ཞིག་གིས་གོམ་པ་ཁྱ་ཁྱོར་ངང་ཚོན་སྣ་མང་པོའི་གློག་སྒྲོན་བཀར་འདུག་པའི་མགྲོན་ཁང་དེའི་སྒོ་རྩར་ཐོན།  ཞབས་ཞུ་མས་རྣམ་ཤེས་ཀྱི་དབང་བོ་བརྐུ་བར་སྙམ་པའི་མིག་མདངས་ཤིག་ཁྱོད་ཀྱི་ཕྱོགས་སུ་འཕངས་པས། ཁྱོད་ཀྱིས་རང་ཤག་གི་ལྡེ་མིག་སྤར་གང་བོ་དེ་ཚུར་ལེན་པའི་གོ་སྐབས་དང་བསྟུན་ནས་ཁོ་མོར་དམ་དུ་འཁྱུད་དེ་འཁྱུད་སྦྱོར་བྱས། མེ་ཏོག་ཚལ་གྱི་བསིལ་བ་དག་གཏོར་བར་བྱེད་པའི་སྤྱང་མོ་ཞིག་གི་ངུ་རྒྱང་ཁོ་ནའི་ཁྱོད་ཀྱིས་བུ་མོ་དེ་ངང་ཆུང་དང་། སྡར་མ། བྲན་གཡོག་དག་གི་དོད་རྟགས་ཤིག་ཏུ་གློ་ས་བརྒྱབ་ཅིང་། དེ་ཡི་རིགས་རྒྱུད་ལ་གཏོགས་པའི་སེམས་ཅན་དག་ཀྱང་དམྱལ་བ་མི་ཡུལ་དུ་མྱངས་འདུག་མཁན་ཞིག་ལ་ཁྲུན་ཐག་བཅད། ཁྱོད་ཀྱིས་བདེ་མྱོང་གི་ལོངས་སྤྱོད་ཧྲིལ་བོ་དོན་དུ་གཉེར་རྗེས་སུ། ཚེ་གང་རིང་གི་ངལ་བ་སེལ་བའི་གཉིད་ཐུན་གཅིག་གི་འཚོ་བའང་ལོངས་སུ་སྤྱོད་མགོ་བརྩམས།  རྨི་ལམ་ལས་རྣ་ལ་གཟན་པའི་བུའུ་སྐད་ཅིག་གྲགས་པ་དང་མཉམ་དུ་ཁྱོད་ཀྱི་བྲང་ཁ་ནས་དམར་ལྷོག་ལྷོག་གི་ཟུངས་ཁྲག་བཞུར་མགོ་བརྩམ་ཞིང་། ཐག་རིང་གི་ཕ་ཡུལ་ལྟ་བུའི་ས་ཕྱོགས་ཤིག་ནས་ཁྱོད་ཀྱི་ཕྱོགས་སུ་འབོད་སྐད་ལན་གསུམ་བཏང་ལ། བསིལ་རླུང་ལྡིང་བའི་འཇམ་ཉེན་གྱི་ཚོར་བ་དེའི་ཤུགས་བསྟན་དུ་ནོར་ནག་གི་ལྕི་བའི་དྲི་མ་འཐིབ་པོ་ཞིག་འཐུལ་ཡོང་། སྐབས་འདི་ལ་ཁྱོད་ཀྱིས་བླ་སྲོག་དུ་ཐེ་བའི་གཞི་བདག་གི་མིང་ནས་འབོད་ཀྱིན་ཀི་རྒྱང་ལན་གསུམ་བྱས་པས།རྐྱང་ཐང་ན་དབྱར་རྩ་ཟ་བཞིན་པའི་བོད་གཙོད་ཁྱུ་ཞིག་ཆུ་རགས་ཤོར་བ་བཞིན་ཁུ་ནུ་རི་རྒྱུད་ཀྱི་ཕྱོགས་སུ་བྲོས་ཤིང་།  ལོ་རྒྱུས་ཀྱི་དེབ་ཐེར་ལ་བཀོད་རུང་བའི་མི་སྣ་ཞིག་གི་རྡོ་རིང་གི་ཁུངས་སུ་འཐིམ་པ་རྨིས།
 
                                               ལྔ་བ།
     དམག་སྤྱི་དེས་ཁྱོད་ཀྱི་ཕྱོགས་སུ་འཕངས་པའི་མེ་མདའ་དེའི་མདེའུ་འཇམ་མཉེན་གྱི་མེ་ཏོག་ཅིག་ཡིན་པའི་དབང་དུ་བཏང་ན། ཁྱོད་ཀྱི་བྲང་ཁ་ན་འབབ་ཀྱིན་པའི་ཁྲག་དམར་གྱི་རྦབ་ཆུ་དེ་ཡང་རྣམ་ཤེས་ཀྱི་རང་སྣང་གསལ་བའི་རྒྱལ་ཁའི་དཔལ་འབར་ཞིག་ཡིན་ངེས་པས། ཁྱོད་ཀྱིས་གཉིད་གོང་དུ་སྐྱེས་ཆེན་ཞིག་གི་མིང་ནས་འབོད་མགོ་བརྩམས།  སྐྱེས་ཆེན་དེའི་མིང་ལ་ཤཀྱྰ་ཐུབ་པ་ཟེར་ཞིང་།འགྲོ་བ་འདིའི་རྣམ་ཤེས་ཀྱི་ཕྱི་ནང་གསལ་བའི་རང་དབང་གི་རྒྱལ་སྲས་ངོ་མ་ཞིག་སྟེ། རླུང་བུ་དང་ལྷན་དུ་འོངས་ཤིང་སེམས་པ་དང་ལྷན་དུ་ཕྱིར་འགྲོ་བའི་རྫུལ་འཕྲུལ་གྱི་བདག་པོ་ཆེན་པོ་ཞིག་ཡིན།
 
                                              མཇུག
            ཁྱོད་ཀྱི་ལག་གཉིས་ཟུང་དུ་སྦྲེལ་བའི་ལྕགས་སྒྲོག་དེ་ལས་དམར་མདོག་གི་འོད་ཟེར་ཞིག་འཕྲོས་པའི་མོད་ལ་རང་ཉིད་འཕྲུལ་འཁོར་དམར་བོ་ཞིག་ཏུ་གྱུར་ཞིང་། བོད་གཙོད་ཅིག་གི་སྙིང་ཁར་ཕོག་པའི་མདེའུ་ཞིག་གིས་ཁྱོད་ཀྱི་མིག་ཟུང་དང་བཅས་པའི་རི་ར་བ་ཁང་ཁྱིམ་ལ་སོགས་པ་དམར་བོ་ནས་དམར་བོ་བསྒྱུར་སོང་༎
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཕྲུལ་འཁོར་དམར་བོའི་གསང་བ།

2011-03-21 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།