སྣང་སྟོང་།

 

 

 

རྨི་ལམ་གྱི་དུས་ཚོད་ཧྲིལ་བོ
མུན་ནག་གཤག་པའི་སྟོབས་ཤུགས་སུ་བསྒྱུར་རྗེས
ཨ་མའི་སེམས་ཁ་འདྲ་བའི་འཆར་ཁའི་ཉི་ཟེར་གྱིས
ཁྱོད་ལ་རང་དབང་གི་འཆར་གཞི་ཞིག་ཚུགས་སུ་བཅུག་པས
སྡུག་པའི་མེ་ཏོག་དང་མི་སྡུག་པའི་མེ་ཏོག་གི་ཚོགས་ཀྱིས
ཁེར་རྐྱང་གི་རྣམ་ཤེས་ལ་རླུང་བུའི་གཤོག་པ་བཙུགས་ཏེ
རང་ཉིད་ནི  ས་ཆུ་མེ་རླུང་གི་བྲན་དུ་མ་གྱུར་བའི
རླུང་གི་རླུང་དང   ནམ་མཁའི་ནམ་མཁའ་ལྟ་བུ་ཞིག་ཏུ་གྲུབ་པ་ནི
འཇིག་རྟེན་གྱི་ཕྲ་ཕུང་གང་ཞིག་བོར་བརླགས་སུ་ཐེབས་པའི་ཉེན་ཁ་དེའམ
ཡང་ན  དངོས་པོ་དང་སེམས་པ་གཉིས
ངོ་བོ་དབྱེ་འབྱེད་དཀའ་བའི་བདག་ཉིད་ཅིག་སྟེ
སེམས་ཀྱིས་སེམས་ལ་འཇུག་པས་ན
ངས་བྱིས་པ་ཞིག་གི་སེམས་པ་བརྐུས་པའི་དྲན་ཚུལ་དེ
སྐབས་འགར   བྱིས་པ་དེ་ཡི་རྨི་ལམ་ཞིག་ཨེ་ཡིན་ན་བསམ་བྱུང
སེམས་ཚུལ་དེས  རྨི་ལམ་གྱིས་འཁྱེར་བའི་བདག་གི་ཚོར་ཤེས་སམ 
ངས་དྲན་གྱིན་པའི་བྱིས་པ་དེའི་བསམ་ཚོར་གཉིས
རྒྱུ་གང་ཞིག་དང 
འབྲས་བུ་ཇི་འདྲ་ཞིག་ཏུ་སྐྱེད་ཅིང་འོང་བར་ཐེ་ཚོམ་གྱིས་ཁེངས་ནས་འོང
                                   2009.3.29

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྣང་སྟོང་།

2009-07-21 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

 

 

 

རྨི་ལམ་གྱི་དུས་ཚོད་ཧྲིལ་བོ
མུན་ནག་གཤག་པའི་སྟོབས་ཤུགས་སུ་བསྒྱུར་རྗེས
ཨ་མའི་སེམས་ཁ་འདྲ་བའི་འཆར་ཁའི་ཉི་ཟེར་གྱིས
ཁྱོད་ལ་རང་དབང་གི་འཆར་གཞི་ཞིག་ཚུགས་སུ་བཅུག་པས
སྡུག་པའི་མེ་ཏོག་དང་མི་སྡུག་པའི་མེ་ཏོག་གི་ཚོགས་ཀྱིས
ཁེར་རྐྱང་གི་རྣམ་ཤེས་ལ་རླུང་བུའི་གཤོག་པ་བཙུགས་ཏེ
རང་ཉིད་ནི  ས་ཆུ་མེ་རླུང་གི་བྲན་དུ་མ་གྱུར་བའི
རླུང་གི་རླུང་དང   ནམ་མཁའི་ནམ་མཁའ་ལྟ་བུ་ཞིག་ཏུ་གྲུབ་པ་ནི
འཇིག་རྟེན་གྱི་ཕྲ་ཕུང་གང་ཞིག་བོར་བརླགས་སུ་ཐེབས་པའི་ཉེན་ཁ་དེའམ
ཡང་ན  དངོས་པོ་དང་སེམས་པ་གཉིས
ངོ་བོ་དབྱེ་འབྱེད་དཀའ་བའི་བདག་ཉིད་ཅིག་སྟེ
སེམས་ཀྱིས་སེམས་ལ་འཇུག་པས་ན
ངས་བྱིས་པ་ཞིག་གི་སེམས་པ་བརྐུས་པའི་དྲན་ཚུལ་དེ
སྐབས་འགར   བྱིས་པ་དེ་ཡི་རྨི་ལམ་ཞིག་ཨེ་ཡིན་ན་བསམ་བྱུང
སེམས་ཚུལ་དེས  རྨི་ལམ་གྱིས་འཁྱེར་བའི་བདག་གི་ཚོར་ཤེས་སམ 
ངས་དྲན་གྱིན་པའི་བྱིས་པ་དེའི་བསམ་ཚོར་གཉིས
རྒྱུ་གང་ཞིག་དང 
འབྲས་བུ་ཇི་འདྲ་ཞིག་ཏུ་སྐྱེད་ཅིང་འོང་བར་ཐེ་ཚོམ་གྱིས་ཁེངས་ནས་འོང
                                   2009.3.29

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།