ཁེར་རྐྱང་གི་ཁྱོད་དང་ང་། ཡང་ན་གཞན་དག

                                                   ---སྙན་ངག་པ་གཅན་མེ་སྟག་ལགས་ལ་ཕུལ་བ། 

སྙན་ངག་པ  གང་ནས་ཡོང་ཞིང  གང་ལ་འགྲོ ཁོས་རྣམ་ཀུན་ཁ་ཆེམས་ཡི་གེ་ཞིག་འབྲི་ཡི་འདུག

                                                    --ཡིས་ཏིས

འཐེན་སྒམ་ལས  སྣང་ཚུལ་གྱིས་གྱོང་བའི་ང་ཚོའི་ཤེས་པ་དག་ཡར་ཕྱུང་དུས
དེ་ཉིད་བུད་མེད་ཅིག་དང་མཚུངས་གིན
མངལ་ཁུག་ལ་ས་རྡུལ་ཆགས་པའི་ཕྱུགས་ཆུང་གི་གཞོན་ནུ་མ་ཞིག་ཇི་བཞིན
རྣ་བ་ཁོ་ན་ཆགས་སྲེད་ཀྱི་རླབས་གཉེར་གྱིས་བཏེད་དེ
གཞོམ་གཞིག་བྲལ་བའི་བརྩེ་དུང་གི་བྲག་རྡོ་ལ་བརྡེག་རྒྱུར་དགའ་ནའང
མ་གཞི་བརྩེ་དུང་རང་གཏེར་རྡོ་ཞིག་ཏུ་གྱུར་ཚར་བའི་དེ་རིང་གི་དུས་སུ
ཉེན་འགོག་ཞྭ་མོ་གྱོན་པའི་ལས་བཟོ་བ་དག་ནི
ད་གཟོད་དུས་རབས་འདིའི་བརྩེ་བའི་བླ་སྲོག་བརྐུ་མཁན་གྱི
སྙན་ངག་པ་རེ་རེ་ཡིན་འདུག

 སེམས་ཀྱི་སྣང་འཆར་ཡོད་ཚད   ཚོན་གྱིས་བྲིས་ཤིང
རེ་བའི་ཕུགས་བསམ་ཡོད་ཚད  ཤུབ་ཀྱིས་བཏུམས་པའི་དེ་རིང
འཛམ་གླིང་ས་ཁྲ་དེ་ཡང  རྟ་རྒན་གྱོལ་བོ་ཞིག་ལ་ཞོན་ནས
བརྩེ་དུང་གི་ཆེད་དུ་འདུར་དུས་སུ
བརྩེ་དུང་ནི་དམག་དཔོན་ཞིག་གི་སྐེ་པར་དཔྱངས་པའི་དཀྲུམ་མདའ་དེ་རེད

 ཁ་གྲག་རྒྱུ་མེད་པའི་དཀྲུམ་མདའ་དེས
མི་མང་པོ་ཞིག་ཕོ་རྒོད་ཏག་ཏག་ལ་བསྒྱུར་བ་ནས
དཔུང་བ་ལས་རྡོ་གཟེར་ཐོན་ཞིང
གདོན་འདྲེ་དང་རྩེད་མོ་རྩེད་ཤེས་པའི་ཐ་ཤལ་གྱི་སྙན་ངག་པ་ཞིག་ཏུ་བསྒྱུར་སོང

 ཁྲག་དང་འདྲེས་པའི་ལག་པ་ཞིག
ལག་དམར་གྱི་མཚོན་དོན་ལས་ཕྱེས་པའི་ང་ཚོ
སྤྲ་རིགས་ཀྱིས་བཀོལ་མྱོང་བའི་འགྱུར་རྡོ་ཞིག་དང་འདྲ་བར
གནའ་རྫས་གཤམ་སྟོན་ཁང་ཞིག་ཏུ་འཇོག་པའི་དུས་སུ
ང་ཚོས་ཁ་སྤྲོད་དུ་སྡོད་པའི་ལྟད་མོ་བ་དག་ལ
ཕན་ཚུན་སུ་ཞིག་ནི་སྒྱུ་རྩལ་གྱི་མྱོང་བ་འཛུགས་སའི་དམིགས་ས་ཡིན་པར
ཇི་ལྟར་འགྲེལ་བ་རྒྱག་རྒྱུ

བརྩེ་དུང་ནི སིལ་བུར་འཐོར་བའི་ཤེལ་དམ་གྱི་ཆག་རོ་ཞིག་དང་འདྲ་བར
ཤེལ་ཆག་རེ་རེའི་ངོས་ལ  སྣ་མི་གཅིག་པའི་སྣང་བརྙན་རེ་རེ་འཆར་བའི་དེ་རིང
ཡང་སྙིང་ང་ཚོས་དམག་དཔོན་དེའི་དཀྲུམ་མདའ་དེ་ལ་རིན་ཐང་སྟེར་དགོས་སམ
ཡང་ན་གཏེར་རྡོ་དེ་ལ་མཆུ་སྒྲོས་གླན་དགོས

སྙན་ངག་པ  ཐམས་ཅད་གོ་རིམ་འཆོལ་བའི་ལོ་ཟླ་རྫུན་མ་འདི
འཚོ་བ་ཞིག་ལ་ངོས་བཟུང་བས
ནམ་ཞིག  དངོས་ཡོད་ཀྱི་ཀླད་པ་རྣོ་བའི་སྙན་ངག་པ་ཞིག་གིས
ཟླ་བ་གན་ཡང་ཟོས་ཆོག་ཆོག་གི་གོ་རེ་ལེབ་མོ་ཞིག་ཏུ་བསྒྱུར་ངེས་ན
ང་ཚོས་རང་ཉིད་ཀྱི་ཆེད་དུ
རང་གི་དམ་བཅའ་སྲུང་བ་ལས
ཚེ་སྲོག་གི་དོན་སྙིང་ཡོད་ཚད་འཆི་བདག་ལ་བཅོལ་དང་ཅི་ལ་མི་ཆོག
ཡང་ན  ཁོ་ཚོས་ཤི་བོ་ཚོ་དང་ཁ་བརྡ་བྱས་པའི་སྐད་ཆ་དག་ཕྱིར་འཕྲོག་པའི་བར་དུ

་་་་  ་་་་་   ་་་་་  ་་་་  ་་་་  ་་་་

                                                              2009.5.24

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁེར་རྐྱང་གི་ཁྱོད་དང་ང་། ཡང་ན་གཞན་དག

2009-05-26 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།