རྒྱུད་སྐུད་ཀྱི་འདར་ཡོམ།(སྙན་ཚོམ)

               ཟླ་བཞི་བའི་སྙན་ངག

ཟླ་བཞི་བས   སྙན་ངག་གི་སྒོ་གླེགས་དལ་བུར་བརྡུང་དུས
ཕྱག་ཟུང་གི་འཇམ་མཉེན   དབྱངས་གསལ་གྱི་བདུད་རྩིས་བཀྲུས་པས
བསིལ་ལྷམ་གྱོན་པའི་སྙན་ངག་གི་རེ་འདོད་ཚང་མ
ཁུ་བྱུག་ལྟ་བུའི་གསུང་དབྱངས་ལ་ཕྱོགས་ཤིང
དཔྱིད་ཆར་ལྟ་བུའི་དྲན་གདུང་ལ་གཏོགས་སོང
 
བྱེའུ་ཞིག
 
བཟོ་ལྟ་དེ་སྔ་མོ་ཞིག་ནས་ཉམས་ཤིང
དུས་རབས་ཀྱི་གླུ་བས་དུར་ཁུང་ན་སྨྲེ་ངག་འདོན་དུས་ཤིག་ལ
བསམ་བློ་བས་བཤད་ན་ཁྱོད་ཀྱི་གླུ་སྐད་ལའང་འགྱུར་ལྡོག་བྱུང་སོང་སྐད
 
གཤོག་ཆུང་གི་མཆུ་འདབ་ནམ་མཁའ་ལ་བརླན་དུས
འཕུར་རྒྱུན་གྱིས་བཅད་པའི་ཁྱོད་ཀྱི་གཤོག་པ་དེ
ལོ་ངོ་སྟོང་གཅིག་གི་རྒྱ་ཁྱོན་གྱིས་ཟད་སོང
 
ཀྭ་ཡེ   སྙིང་ཉེ་བའི་བྱེའུ་ཆུང   ཐང་ཤིང་གི་གི་རྩེ་ནས་གོག་སྟེ
གློག་སྐུད་ཀྱི་བར་གསེང་མྱུལ་དུས་ཤིག་ལ ད་གཟོད་ཁྱོད་ཀྱིས
རང་ཉིད་ནི་ལྷ་སྒྲུང་གི་ཁྲོད་ནས་འཕུར་ཡོང་བའི་ལྷའི་ཕོ་ཉ་དེ་ཡིན་པ་ངོས་ལོས་ཟིན
 
གཤོག་པ་ཐོགས་པའི་ལུག་ཁྱུ།
 
གཤོག་པ་ཐོགས་པའི་ལུག་ཁྱུ་གནམ་མཐའ་རུ་འཕུར་བས
ཁྱོད་ཀྱི་བསམ་རྒྱུན་གཙང་བོ་སྔོན་མོའི་རྒྱུ་ཕྱོགས་ལྟར
མགྱོགས་ཚད་དེའི་སྟོབས་ཤུགས་ལ་བསྲེས་བྱུང
 
གདངས་སྙན་མོའི་འབའ་སྐད་ཀྱི་འཚོ་བ
བར་སྣང་ནས་སྤྲིན་གསེབ་ལ་བསྙེགས་པས
སྤྲིན་གསེབ་ལས་འཐོར་བའི་འོད་ཟེར་གྱི་ཟེགས་མ་རེ་རེ
དལ་གྱིས་ས་ལ་འཛར་བའི་ལུ་གུ་རེ་རེར་མངོན་ཞིང
ཉམ་ཐག་གི་ནམ་མཁའ་དེ་ཡང་དེ་ལྟར་རེ་ཞིག་སྟོང་བས་མནར་འདུག
 
སྒེའུ་ཁུང༌།
 
རྣམ་རྟོག་ཅིག་ལ 
སྒེའུ་ཁུང་ལས་མེས་པོ་ཚོའི་གཉེར་རིས་ཀྱིས་འགྲོ་ལམ་ཞིག་བསྟན་ཡོང་ལ 
ཁོ་ཚོས་རྒྱང་རིང་གི་རི་བོ་དེའི་རྒྱབ་ཏུ་ཅི་ཞིག་སྦས་པའི་ལུང་བསྟན་དག་ཉར་ནས་ ཡོད
 
རྣམ་རྟོག་ཅིག་ལ  
སྒེའུ་ཁུང་ནི་ཤེལ་གྱི་མེ་ལོང་ཆ་གཉིས་ཀྱིས་བདག་གིར་བཟུང་བའི་གསར་ཐོན་གྱི་   འཚོ་བ་ཞིག་ཏུ་གྲུབ་ཡོད་ཅིང  
ཆེས་རྒྱང་རིང་གི་རྒྱ་མཚོ་ཆེན་པོ་དེའི་ནང་གི་ཉ་སྲིན་ཞིག་གི་མིག་འབྲས་དང་ཡང་ འདྲ་འདུག 
 
རྣམ་རྟོག་ཅིག་ལ   
སྒེའུ་ཁུང་གིས་དུས་ཀུན་དུ་ང་རང་ཁྱུར་མིར་བྱ་རྩིས་འདུག་ལ 
ནམ་ཞིག་གི་ཚེ་ན   རང་ཉིད་ནི་ཁྱི་ཞིག་དང་དབྱེར་མེད་པར
འབུ་སྲིན་ཞིག་དང་ཡང་འདྲ་བར དོན་མེད་དུ་འཆི་བར་མཇུག་རྩིས་འདུག 
 
ལག་པ་གཙང་མར་བཀྲུས་རྗེས།
 
ལག་པ་གཙང་མར་བཀྲུས་རྗེས 
རྨི་ལམ་དུ་རང་དབང་གི་རྐང་བ་བསྐྱངས་ཤིང
སེམས་གཉེར་གྱི་རླབས་རིས་སུ་སྐུང་བའི་གསང་བ་རེ་རེ ལག་མཐིལ་དུ་བླངས
 
ལག་པ་གཙང་མར་བཀྲུས་རྗེས 
བརླན་གཤེར་གྱི་ས་ཕུག་དག་ལ་གཙང་སྦྲ་ཐེངས་ཤིག་བྱས་ཤིང
བདེ་བ་བླུགས་པའི་བུམ་པ་ཡོད་ཚད་ལ་ཚང་བརྩིས་ཐེངས་ཤིག་བརྒྱབ
 
ཤེལ་གྱི་དྲ་མ།
 
གསེར་སྦྲང་ཞིག་སྟེང་ཕྱོགས་ལྷ་ཡུལ་ནས་འཕུར་དེ་བདག་གི་སྤྱན་སྔ་རུ་ཐོན་ནའང
མེ་ཏོག་ཅིག་དང་འདྲ་བའི་བདག་གི་ཀླད་རུས་ཀྱི་ཚོར་བ
མགོ་ནས་མཇུག་བར་དུ་རུལ་བར་འགྲོ་གིན་འདུག  
 
གློ་རྡེག་ལ ངས་ཤེལ་གྱི་དྲ་མ་དེའི་སྟེང་གི་ནག་ནོག་དག
གཙང་མར་བཀྲུ་བའི་ཐབས་ཤེས་ཤིག་རྙེད་བྱུང  
ཐབས་ཤེས་དེས་སྦྲང་མ་དང་ངེད་གཉིས་ཀྱི་སྣང་བརྙན་ཕན་ཚུན་ལ་གསལ་བོར་   བསྟན་པས
སྦྲང་མ་དེ་གཤོག་རྡེབ་ཅིག་གིས་མཁའ་ལ་འཕུར་ཞིང འགྲོ་ཁ་མར
ནང་སེམས་ཀྱི་བརྩེ་བ་བར་ཐག་ཡིན་ན ཕན་ཚུན་ལ་བལྟ་དགོས་དོན་མེད་ཟེར
 
སྐབས་འདིར་བདག་གིས་འདི་ལྟར་བསམ་བྱུང
མེ་ཏོག་གི་བརྩི་བཅུད་མ་འཐོབ་པའི་སྦྲང་མ་ཞིག
ནམ་མཁའི་དབྱིངས་སུ་ལམ་ཐག་ག་ཚོད་ཅིག་ལ་འཕུར་ཐུབ་བམ 
 
                འབྲོག་མོ།
 
རྩྭ་ཐང་གི་བདེ་ཞོད་ཆེ་བའི་ཁ་དབུགས་དེས
ཁྱོད་ཀྱི་སེམས་ངོ་ནེམ་གྱིས་བཟུང་བས
དུང་དཀར་ལྟ་བུའི   མུ་ཏིག་ལྟ་བུའི
འོ་མའི་ཆུ་རྒྱུན་ལ་རྫོགས་རྒྱུ་མེད་ཅིང
ཤེས་རབ་དང་བདེན་དོན   ཡ་རབས
གཟི་བརྗིད་བཅས་ཀྱི་མཚོན་དོན་དུ་སྟར་བའི
མི་རིགས་ཤིག་གི་རུས་ཞེན་དེ་ཡང
ད་ལྟ་བསམ་ན་ཡོད་ཚད་ཁྱོད་ལ་ཕྱོགས་འདུག
                  
སིལ་ཏོག་དམར་ཆུང༌།
 
ཁུར་གྱིས་དུད་པའི་ལྗོན་ཤིང་གི་ཚོགས་ལ
ཧམ་སེམས་ཀྱིས་སྔོགས་བཤེར་བྱེད་དུས་ཤིག་ལ 
གཞོན་ནུ་མའི་ངོ་གདོང་དང་ཡང་འདྲ་བའི་སིལ་ཤ་དེ 
མི་རྣམས་ཀྱི་ལོངས་སྤྱོད་དུ་འཕོས་བཞིན
བྱེད་པོ་གཞན་གྱིས་འཚེ་བའི་ནད་པ་ཞིག་གི་སེམས་ངོ་འཚོ་ཐུབ་ཡོད་ནའང 
སིལ་ཤ་དེའི་ཁྲག་རྒྱུན་གྱི་བརྩི་བཅུད་ལེན་མཁན་ང་རང་གྱུར་ཡོད་ན 
འདི་ཡང་རྒྱུན་ལྡན་གྱི་འཚོ་བ་ཞིག་ལ་ཅི་ལྟར་བརྩིས་རུང
 
འདྲ་པར།
 
ཐམས་ཅད་ཅིག་གིས་རྙིང་བར་བརྗོད་པའི་ལོ་ཟླ་དེ
ཁྱོད་ཀྱི་འཛུམ་ཀོང་ན་འཁྱིལ་བའི་ན་ཟུག་གི་མཚོ་རྫིང་ལྟར
ཧ་ཅང་ལྐོག་གྱུར་དུ་གནས་ནའང
ལྗོན་ཤིང་གི་སྔོ་མེར་ལྡེམ་པའི་མཚོན་དོན་གྱི་འདབ་ལོ་དང
དེ་ལ་མིག་གཤེར་གྱི་བརྩེ་བ་བཀོད་པའི་ཁྱོད་ཀྱི་ལང་ཚོ
གཞན་ཡང་དྲི་ཞིམ་གྱི་སྣང་བ་སྟེར་མཁས་པའི་མེ་ཏོག་གི་དགོད་སྒྲ་རེ་རེ་ནི
ཁྱོད་ཀྱི་རྐང་རྗེས་ལ་བཟོ་བཅོས་བྱེད་མཁན་གྱི་ངལ་རྩོལ་བ་དག་ཡིན་ན
མཁར་རྫོང་ལྟ་བུའི་རང་གི་ལུས་པོ་འདི  
ག་དུས་འགྱེལ་ལ་ཅིའི་ཕྱིར་སྐྲག
 
འཁུར་ཚོས་དམར་བོའི་གསང་བ།
 
བཏུང་ཆོག་པའི་ཁྱོད་ཀྱི་འགྲམ་པ
ཁྲག་དྲོན་གྱིས་སྦར་བའི་མེ་ལྕེ་རིགས་ཤིག་ཏུ་མཐོང་ན
ས་སྟེང་ནས་སྐྱེས་པའི་འོད་ཟེར་དེའི་དོན་དུ
ཕྲན་གྱིས་ཐལ་ཚལ་སྦར་ཚལ་དུ་གྱུར་བའི་དུ་བ་དེའི་མེ་བསད་དེ
སེམས་ཆུང་གིས
ཁྱོད་ཀྱི་ལང་ཚོ་ལྟ་བུའི་དམར་མདངས་དེ
སྙིང་ཁམས་སུ་སྦ་ངེས་ཤིང 
དེ་ལ་སྒྲིབ་མེད་ཀྱི་སྒེའུ་ཁུང་རིགས་ཤིག་བཏོད་ནས
རང་ཉིད་ལྟ་བུའི་དྭངས་གསལ་གྱི་ཤེལ་སྒོ་ཞིག་དེ་ཡི་སྒོ་སྲུང་དུ་འཇོག་ངེས
 
ས་སྲོད་ཀྱི་ཆར་བ།
 
མགོ་བོ་དལ་གྱིས་དགྱེ་ནས་ས་སྲོད་ལ་བལྟ་དུས
ཁྱེད་ཀྱིས་རང་སྣང་ཁུར་བའི་ཆུ་ཕྲན་གྱི་གཟུགས་ཞལ་ཚང་མ
སྐྱེས་པ་ཞིག་གི་འདོད་བརྩེ་རུ་ངོས་བཟུང་ཞིང
དྲན་གདུང་གི་རུམ་ཁ་བསྲེས་པའི་ཟླ་ཟེར་གྱི་གཙང་བོ་དེ
ཆུ་ལེན་བུ་མོ་སུ་ཞིག་གི་ཟོ་བ་རུ་བཞུར་ན་སྙམ་ཞིང
རྦད་ཀྱིས་ཆོད་པའི་མུན་ནག་གི་ཟབ་དོན་ཡོད་ཚད་ཀྱང
རྒྱང་རིང་ལ་རྣ་བ་བླགས་པའི་ཁྱོད་ཀྱི་རེ་འདོད་ཀྱི་ཆར་བ་ཡིན་སོང
 
རླུང༌།
 
གཟུགས་མེད་ཀྱི་རྣམ་ཤེས་ཚོམ་བུ་ཞིག
ལོ་རྒྱུས་ཀྱི་སྙན་ཚིག་ལ་བགྲངས་རུང་བ་ཇི་བཞིན
ཁྱོད་ཀྱིས་གཙང་བོའི་རླབས་ཁ་ནས་བཅད་པས
མྱ་ངམ་ཐང་གི་ངོ་གདོང་ལ
མེ་ཏོག་གི་གེ་སར་དགོད་པའི་དབྱངས་སྙན་གྱི་འབྱོར་བས་བརྟས་ཤིང
ལྗོན་ཤིང་གི་གཡབ་མོའི་ཚོགས་ཀྱིས་ཀྱང
ནགས་ཚལ་དེའི་ཁ་གཏད་དུ་གྱུར་བའི་མིའི་རིགས་ཀྱི་བདེ་སྣང་ལ
མཉམ་སྒྲོག་གི་རོལ་དབྱངས་ཐེངས་ཤིག་བསླབས
 
དུས་ཚོད་དང་ངོ་གདོང༌།
 
དུས་ཚོད་ཀྱི་ངོ་གདོང་ལ
ཁྱོད་ཀྱི་སྐྱོ་ཤས་དོད་པའི་བཞིན་རས་དེ་མི་ཤར་ནའང
མེ་ལོང་ཟེར་བའི་རྟག་བརྟན་གྱི་གཙང་བོ་དེ་ལས 
ཁྱོད་ཀྱི་བཞིན་ངོས་ལ་བརྐོས་པ་ནི
དུས་ཚོད་ཀྱི་མནར་སྤྱོད་ཁོ་ནས་བཟོས་པའི
ནག་ཉེས་ཀྱི་ཡིག་ཚོགས་འགའ་ཞིག་རེད་ལ
ཐ་ན་ཁྱོད་རང་འཆི་དགོས་པའི
དུར་བྱང་གི་དཔང་ཡིག་ཙམ་པོའང་བྲིས་ཡོད་ཚོད་འདུག
            
ནམ་མཁའ།
 
ཐམས་ཅད་ཀྱི   ཐམས་ཅད་ཀྱི
གཞི་གྲུབ་མ་ཡིན་པའི་སྔ་བལྟས་ཤིག་གིས
རྨི་ལམ་གྱི་ལྗོངས་ཆེན་གཏོར་བའི་མིག་ཟུང་ཁྱོད་ཀྱིས་ཕྱེས་ཡོད
ལོ་རྒྱུས་དེ་ལྟར་བཞུར་ཅིང དཔྲལ་གཉེར་གྱི་གྲིབ་མ་ལ་རིག་པའི་ལམ་བུའི་ཚོགས་ནི
བྱ་རྒོད་དག་དུར་ས་བསྙེགས་པའི་རྟེན་འབྲེལ་གྱི་གོད་ཆག་ལྟར
རེ་རེ་བཞིན ཁྱོད་ཀྱི་བར་སྣང་ལ་དཔྱངས་པའི་ལྕེབས་ཐག་རེ་རེར་གྱུར་བས
དུད་པ་འབྱར་བའི་ཁྱོད་གྱི་ངོ་གདོང་ལ་མཆུ་འདབ་སྦྱོར་རྒྱུ་དེ་ཡང
ད་ལྟ་བསམ་ན   དེ་འདྲའི་ལས་སླ་མོ་ཞིག་གང་ནས་ཡིན
 
འོད་ཟེར་གྱི་ཁྲོན་པ།
 
དཔའ་བོའི་ཀེང་རུས་ཀྱི་མཛེས་སྡུག་ལ་འགྲམ་པ་བརླན་མྱོང་བའི་ཁྱོད་ཀྱི་གཤིས་ཀ
སྙན་ངག་གི་བཙོན་གྲོལ་ཐོབ་པ་ནས
སྡུག་ཡུས་ཀྱིས་མནར་བའི་བྱེད་པ་པོ་གང་ཞིག་གི་བྱེད་ལས་ལ་འགྱུར་ལྡོག་བྱུང་ཞིང
བུད་མེད་ལྟ་བུའི   གདུང་ཡུས་ལྟ་བུའི གཡོ་སྒྱུ་ལྟ་བུའི
བྱ་ལས་ཀྱི་ངལ་བ་མཐའ་དག་རང་གི་སྔས་འགྲམ་དུ་སྤུངས་ཤིང
རིན་ཐང་ཉི་ཚེ་བའི་བརྗོད་བྱ་དེའི་དོན་དོན་དུ  
སླར་ཡང་འོད་ཟེར་གྱི་ཁྲོན་པ་གཏིང་རིང་དུ་བརྐོ་དགོས་བྱུང
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱུད་སྐུད་ཀྱི་འདར་ཡོམ།(སྙན་ཚོམ)

2010-05-09 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།