རོ་སྒམ་ཞིག་སྔས་མགོར་བཞག་ནས་གཉིད་ལོག་དུས།

 

འཁྲུག་ཟིང་གི་དུས་རིམ་བརྒལ་ཟིན་པའི་མཚན་མོ་ཞིག་ལ
ཆེས་ལྷིང་ཞིང་འཇགས་པའི་དུར་ཁྲོད་ཅིག་གི་པང་ཁུག་ནས
རང་གི་རྣམ་རྟོག་གིས་བཞེངས་པའི་ཕོ་བྲང་ཞིག་འཛུགས་རྒྱུ་དེ
བྱིས་དུས་ཀྱི་རྨི་ལམ་ལ་འཁོར་བའི་སྒྱུ་འཕྲུལ་གྱི་རྩེད་མོ་འདྲ་ཞིག་ཡིན་ནའང
འཚོ་བའི་གཞུང་རྐང་གི་ཡལ་ག་མཐའ་དག
ལང་ཚོའི་འགྲོས་རིམ་ཁྲོད་སྲ་མཁྲེགས་ངང་སྐྱེས་ཀིན་པའི
སྨྲ་ར་དེ་དག་གིས་ཡོངས་སུ་ཁྱུར་མིད་བྱས་དུས
ནམ་ཞིག་གི་ཚེ་ན   རང་གི་ལུས་པོ་འདི་ཡང
ཕག་གི་ཟེ་བ་དང་ཕྱུགས་ཀྱི་གྲོད་པུ་འཛོམས་པའི
དུད་འགྲོ་ལྟ་བུ་ཞིག་ཏུ་མི་འགྱུར་བའི་ངེས་པའང་མེད་པས་ན
གོམ་ཁ་ཇེ་རིང་དང་རྐང་རྗེས་ཇེ་ཆེར་འགྱུར་བར་དམིགས་པ་ཅི་ཡིས་ལན
ཆུང་ཆུང་གི་རྨི་ལམ་དེ་རྒྱུན་ལྡན་ཞིག་མིན་ནའང
རྨི་ལམ་ཁྲོད་ཀྱི་མ་འོངས་པའི་རང་ཉིད་དེ
ད་ལྟའི་རང་ཉིད་ལ་ཆགས་བཞག་ན
རང་གིས་རྨིས་ཀིན་པ་ཆུང་དུས་ཀྱི་བྱིས་པ་དེ་རེད་པས
རྨི་ལམ་གཉིས་ཀྱི་ཕྱི་ནང་བརྗེ་ཚུལ་འདི་ཡིས
ང་ཚོས་རོལ་གྱིན་པའི་འཁོར་བའམ་འཚོ་བ་འདི་ཉིད
མདོར་དྲིལ་ན
རོ་སྒམ་ཞིག་སྔས་མགོར་བཞག་ནས་གཉིད་ལོག་པ་དེ་དང་འདྲ་ཡི
                                                  

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རོ་སྒམ་ཞིག་སྔས་མགོར་བཞག་ནས་གཉིད་ལོག་དུས།

2010-11-01 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

 

འཁྲུག་ཟིང་གི་དུས་རིམ་བརྒལ་ཟིན་པའི་མཚན་མོ་ཞིག་ལ
ཆེས་ལྷིང་ཞིང་འཇགས་པའི་དུར་ཁྲོད་ཅིག་གི་པང་ཁུག་ནས
རང་གི་རྣམ་རྟོག་གིས་བཞེངས་པའི་ཕོ་བྲང་ཞིག་འཛུགས་རྒྱུ་དེ
བྱིས་དུས་ཀྱི་རྨི་ལམ་ལ་འཁོར་བའི་སྒྱུ་འཕྲུལ་གྱི་རྩེད་མོ་འདྲ་ཞིག་ཡིན་ནའང
འཚོ་བའི་གཞུང་རྐང་གི་ཡལ་ག་མཐའ་དག
ལང་ཚོའི་འགྲོས་རིམ་ཁྲོད་སྲ་མཁྲེགས་ངང་སྐྱེས་ཀིན་པའི
སྨྲ་ར་དེ་དག་གིས་ཡོངས་སུ་ཁྱུར་མིད་བྱས་དུས
ནམ་ཞིག་གི་ཚེ་ན   རང་གི་ལུས་པོ་འདི་ཡང
ཕག་གི་ཟེ་བ་དང་ཕྱུགས་ཀྱི་གྲོད་པུ་འཛོམས་པའི
དུད་འགྲོ་ལྟ་བུ་ཞིག་ཏུ་མི་འགྱུར་བའི་ངེས་པའང་མེད་པས་ན
གོམ་ཁ་ཇེ་རིང་དང་རྐང་རྗེས་ཇེ་ཆེར་འགྱུར་བར་དམིགས་པ་ཅི་ཡིས་ལན
ཆུང་ཆུང་གི་རྨི་ལམ་དེ་རྒྱུན་ལྡན་ཞིག་མིན་ནའང
རྨི་ལམ་ཁྲོད་ཀྱི་མ་འོངས་པའི་རང་ཉིད་དེ
ད་ལྟའི་རང་ཉིད་ལ་ཆགས་བཞག་ན
རང་གིས་རྨིས་ཀིན་པ་ཆུང་དུས་ཀྱི་བྱིས་པ་དེ་རེད་པས
རྨི་ལམ་གཉིས་ཀྱི་ཕྱི་ནང་བརྗེ་ཚུལ་འདི་ཡིས
ང་ཚོས་རོལ་གྱིན་པའི་འཁོར་བའམ་འཚོ་བ་འདི་ཉིད
མདོར་དྲིལ་ན
རོ་སྒམ་ཞིག་སྔས་མགོར་བཞག་ནས་གཉིད་ལོག་པ་དེ་དང་འདྲ་ཡི
                                                  

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།