ཚོར་བའི་ཁ་དོག ༼སྙན་ངག ཞར་བཀོད་གསུམ་ཡོད ༽

                           ཚོར་བའི་ཁ་དོག                         

ཤིང་རྟ་རྙིང་བ་འགའ་ཞིག  མུན་པའི་ཁྲོད་དུ་འཐིམ
ཐང་ཀ་ལས་མངོན་པའི་ལྷ་སྐུའི་མཛུམ་མདངས་ཁྲོད
རྣ་ལ་གཟན་པའི་འཛེར་སྐད་གྲགས་ཡོང

སྲོག་གི་ལྗོན་པའི་མགོ་བོ་ནང་དུ་བཀུག་པར
རྣམ་ཤེས་ཀྱི་རྒྱབ་ཏུ་སྐུང་བའི་ལག་པ་ཞིག་གིས
སྐྲ་ཉག་རེ་རེའི་སྟེང་ལ་མེ་ལྕེའི་རི་མོ་རེ་བྲིས

སེམས་ཀྱི་གངས་རིའི་ངོས་ལ    ཁྲག་གི་ན་བུན་འཐིབ་པར
འཇིག་རྟེན་གོ་ལྡོག་ཅིང    རང་ཉིད་མི་གཉིས་སུ་གྱེས་སོང

ཕན་ཚུན་གྱི་གདོང་ལ་ཡུན་རིང་ཅེར་ནའང
སུ་སུའི་གྲིབ་གཟུགས་ཡིན་པ་བརྗོད་ལས་འདས

གློ་བུར་དུ    མི་གཞན་ཞིག་གི་ཁ་གཏད་དུ  
རང་ཉིད་རང་ལའང་ཆ་རྒྱུས་མེད་པར་གྱུར།

                              མི་ཞིག

གནམ་ས་གཉིས་སྦྱོར་གྱི་འདོད་པའི་སྨུགས་ཟིལ་ཁར་རེག་པ་ནས
རང་གི་ལུས་ཕུང་དེ་ཕྱི་གསལ་ནང་གསལ་གྱི་སྤྲིན་གྱི་བུམ་པ་ཞིག་ཏུ་གྱུར་ཞིང
ཆར་བ་ཡང་རང་ལུས་ནས་བབས་ཏེ་སླར་ཡང་རང་ལུས་ལ་འཐིམ་འགྲོ

མིག་ལམ་དུ་འཆར་བའི་མེ་ཏོག་གི་དྲི་བསུང་དང
ལག་པའི་ངོས་སུ་རྒྱུ་བའི་འོད་ཀྱི་རེག་བྱ་དག་གིས
སྟོང་བའི་དབྱིངས་ལ
གསེར་སེར་གྱི་ཁུ་བ་གཙང་ཆུའི་འབབ་རྒྱུན་དུ་དྲངས

འོད་ཟེར་གྱི་སྨུག་སྒྱུའི་ཁྲོད་ཡལ་ཟིན་པའི་གྲིབ་རིས་ལ
སྡུག་བསྔལ་བའི་ཁུང་བུ་མང་བོ་བརྟོལ་ཡོད་པས
ང་ཚོས་ནམ་མཁའི་ཕྱི་རོལ་གྱི་ནམ་མཁའ་དེའི་ཁོག་པར
རང་རང་གི་ཚོར་བའི་ཞོ་རྩི་བསྙལ་ཡོད

ས་གཞིའི་མངལ་ཁུགས་སུ་འཐིམ་པའི་རྐང་རྗེས་མཐའ་དག
སེམས་ཀྱི་གངས་རིའི་ངོས་སུ་སྐྱེད་ཅིང་ལོངས་དུས་སུ
ལྟེ་ཐག་གི་རལ་བ་དགུ་ཚུགས་ལ་མཐུད་པའི་རྣམ་ཤེས་ཀྱི་གསང་སྣེ
ང་དང་ཁྱོད་ཀྱི་རྨི་ལམ་ལ་མདུད་པ་རྒྱག་ཚུལ་ཞིག་ཡིན་སོང་།                                 

                               Aylan Kurdi ལ་ཕུལ་བ།

ཕྱི་གསལ་ནང་གསལ་གྱི་ས་འོག་ཏུ
བསྐལ་བ་ཡ་ཐོག་པའི་ཆུ་སྲིན་དག་གི་འཁྱུག་རྩལ་མཐོང
སྡུག་བསྔལ་བའི་རླུང་གི་འདར་ཡོམ་ལས
རྒྱ་མཚོའི་ན་བཟའ་སྔོན་པོ་ལྷབ་ལྷུབ་བསྐྱོད་པས
གཡོར་གྲུ་དམར་བོ་དག་གཤོག་པ་རྡེབ་བཞིན་མཁའ་ལ་འཕུར

ཁྱོད་ཀྱི་རྨི་ལམ་ནི   གསང་སྒྲོམ་གྱི་ལྡེ་མིག་སྟེ
རྒྱ་མཚོའི་གཉིད་ལ་མཆུ་སྦྱོར་བྱེད་པའི་ཟླ་བ་དེའི་སེམས་ངོ་ཇི་བཞིན
ཧ་ཅང་ལྐོག་གྱུར་དུ་གནས

རྨི་ལམ་གྱི་ཧར་སྒྲས    བསྐལ་བའི་ཆུ་སྲིན་དག་ས་ཁར་དབྱུང་དུས་སུ
ཁྱོད་ནི་ས་གཞི་སྟེ   སེམས་ཅན་གྲངས་མེད་པའི་ལུས་ནས་བཀྱེས་པའི
འོད་ཀྱི་ལན་བུ་སླས་པའི་ནམ་མཁའ་རུ
མུན་པའི་སྦྲ་ཆེན་ཕུབ་སྟེ
སྐར་ཚོགས་ཀྱི་མིག་ཆུ་ཁ་བ་བཞིན་འབབ་པར་ལྟ་བཞིན་པའི        
ལྷད་མེད་པའི་མིག་ཟུང་དེ་ཡིན

མ་འོངས་པ་ལྡོག་ཕྱོགས་སུ་བཞུར་བའི་དུས་ལ
རྗེས་དྲན་གྱི་རྡོ་རིང་དག  ཕུག་རོན་རེ་རེར་སྤྲུལ་ཅིང
འགྱུར་རྡོ་རུ་གྱུར་ཟིན་པའི་རྒྱ་མཚོའི་ངོགས་ལ་གནས་པའི
རྨི་ལམ་གྱི་ལོ་མ་དག    ཁ་ལ་འཁུར་ནས
གཡོར་གྲུ་དམར་པོ་དག་གི་ཡང་སྟེང་ནས་འཕུར།   

                         སྲོག                       

འཆི་བའི་རླུང་འཚུབ་ཀྱིས་དེད་པའི་ལས་དབང་གི་གཙང་བོ
གཟུགས་ཀྱི་སྐྱེ་མཆེད་ལས་སྲ་མོར་བཏོན་པའི་དུས་སུ
མིག་གི་རྒྱལ་མོའི་ཕྱོགས་སུ་བསྐྱངས་པའི་དུས་ཚོད་ཀྱི་འཇའ་རིས་ངོས་ལ    
རྨི་ལམ་གྱི་ས་རྡུལ་ཆགས་ཤིང
བར་སྣང་དུ་འཐེན་པའི་ཚེ་སྲོག་གི་དཔྱངས་ཟམ་སྟེང་ལའང
མི་མགོ་ཡི་ཕྲེང་བ་བསྟར་ལ་བརྒྱུས་པའི་རྨུ་ཐག་ཅིག་དཔྱངས་ནས་ཡོད

 རྟ་མཆོག་གི་འཚེར་སྐད་དང
རྒྱ་མཚོའི་ཧུར་སྒྲ་གློ་བུར་འཇགས་པའི་རྗེས་སུ
ཉ་ཕྱིས་ཀྱི་ཁོག་ལས་བཏོན་པའི་དྲན་གདུང་གི་མུ་ཏིག་མང་པོ
བར་སྣང་དུ་འཐོར་ཅིང
སྐར་མ་ངུས་པའི་དགུ་ཚིགས་ཀྱི་ཆུ་མོའི་གཞུང་ལ
རྣམ་ཤེས་ཀྱི་གསེར་ཉ་མང་པོ་འོད་ལམ་ལམ་དུ་འཁྱུག 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚོར་བའི་ཁ་དོག ༼སྙན་ངག ཞར་བཀོད་གསུམ་ཡོད ༽

2016-04-25 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།