རེ་རྐང་གླིང་གི་སྙན་ངག་ཚན་པ་བཅུ།

                     སྣང་བ་བན་བུན།

                                                 -----གྲོགས་རོང་བོ་དགེ་འདུན་ལྷུན་གྲུབ་ལ་སྐྱེལ་མ་ཞུས་པ།

       དབྱིངས་ལ་སེར་ཁ་ཤོར་བ
       ཉི་མའི་རླུང་ལ་ཕྲིས་ཤིག
       སེམས་ལ་ཚེར་མ་སྐྱེས་པ
       རྡོག་སྣའི་ལམ་ལ་ཕྲིས་ཤིག

                   — སྔོན་འགྲོའི་དབྱངས།

ཁྱོད་རང་བུད་སོང   ལུང་བའི་ཕུག་གི་སྨུག་སྤྲིན་དེའི་རྫོངས་ལ
ཕྱི་གསལ་ནང་གསལ་གྱི་རྐང་རྗེས་ཤིག་ཕབ་ནས་བུད་སོང
སྟོན་འབྲས་ཀྱིས་དུད་པའི་ལྗོན་ཤིང་གི་གཡབ་གཡུག་ཁོ་ནས
རི་བོ་ཚོགས་ཀྱིས་ཁྱོད་ལ་གུས་ཕྱག་འབུལ་གྱིན་འདུག

རྒྱབ་གཟུགས་དེ   ངའི་ཡུན་རིང་བོར་སེམས་སུ་བརྐོས་པའི་རྡོ་རིང་ཞིག་གམ
ཡང་ན་ཚེ་གང་བོར་ཕྲག་ཏུ་ཁུར་བའི་གླེགས་བམ་ཞིག་དང་འདྲ

དུས་མཐའི་རྨི་ལམ་གྱི་ཤ་འོད་དྲག་ཏུ་རྒྱུག་པས
ཁྱོད་ཀྱི་གཉེར་རིས་ཀྱི་ཀློང་ལ་ཁེར་རྐྱང་གི་རྦ་རླབས་འཁྲུགས

རྡོག་ཁྲེས་ཀྱི་ཁུད་ལ་གཅུད་པའི་རྔུལ་ཆུ་ཐིགས་པ་རེའི་ནང་ལ
སྔོ་ལྟེམ་ལྟེམ་གྱི་མཚོ་མོ་རེ་འཁྱིལ་ཡོད

གཉིད་ལ་ཤོར་བའི་སྐྱ་རེངས་ཀྱི་ལག་པ་ཧ་ཅང་འཁྱག་ནའང
ཁྱོད་ཀྱི་བྲང་ཁོག་ཏུ་འབར་བའི་མེ་ལྕེའི་བྱིན་རླབས་ཀྱིས
མུན་ནག་གི་སྒོ་མོ་མེ་ལ་སྒྲོན་ཞིང   གནམ་སའི་ཧྲག་བར་སྟོབས་ཀྱིས་ཕྱེ་ཡོད

ཁྲག་གི་རྐང་རྗེས་ལས་མངོན་པའི་ཚེར་མའི་ལམ་བུ་དེའི་ཕ་མཐའ་ནི
འཇའ་གུར་གྱིས་རྒྱན་པའི་དབྱངས་གསལ་གྱི་རྒྱལ་ཁམས་ཏེ
རྡོ་སེང་གེ་དག་ལ་མིག་ཆུ་བཞུར་བའི་སྒྱུ་འཕྲུལ་གྱི་འཇིག་རྟེན་ཞིག

དེ་ནི་ཁྱེད་རང་སྟེ
ས་གཞིའི་མངལ་དུ་སྦྲུམ་ཞིང་གསེར་གྱི་སྒོ་ང་ལས་བཏོན་པའི
དུག་ཟ་མཁས་ཀྱི་མེ་ཡི་རྨ་བཡའ་དེ་ཁྱོད་རང་ཡིན
དེ་ནི་ཁྱེད་རང་སྟེ
དབྱིངས་ཀྱི་དཀྱིལ་འཁོར་ལས་མངོན་ཞིང་སྤྲིན་གྱི་བུམ་པ་ལས་ཐོར་བའི
མུན་པ་བཀྲུ་མཁས་ཀྱི་ཐ་སྙད་ཀྱི་ཆར་བ་དེ་ཡང་ཁྱོད་རང་ཡིན

ཁྱོད་ཀྱི་གྲིབ་མ་ཡི་ལྗོན་རྩེར་སྨིན་པའི་ཟླ་བ་སེར་བོ་དེ
རྒྱང་རིང་གི་རླབས་སྔོན་མོའི་རི་རབ་ཀྱི་མཚོ་འཇིངས་ལ་ནུབ་དུས

མིག་འབྲས་མཐའ་དག་ནག་ཐིག་ཏུ་གྱུར་ཞིང་ཁྱོད་ཀྱི་རྐང་རྗེས་ལ་ཐིམ།

                                           September 23, 2018

                        སྡུག་བསྔལ་གྱི་སྙེ་མ།

ཁུར་གྱིས་དུད་པའི་སྡུག་བསྔལ་གྱི་འབྲས་བུ
མི་རྟག་པའི་བུམ་པ་རུ་བཞད་པའི་མེ་ཏོག
རླུང་གིས་སྒུལ་ཞིང   ཡིད་ཀྱི་རྦ་ཀློང་སྐྱོམ

སྤྲིན་གྱི་གཡོར་མོ་ཕྱེ་བའི་གྲུ་གཟིངས
སེམས་པའི་རི་རབ་བརྒལ་བར
རྨི་ལམ་གྱི་རྒྱ་མཚོ་སྐྱོམས་ཤིང་འཁྲུག

སྐྱ་རེངས་ཀྱི་མཐིང་ཤོག་ངོས་ལ་བྲིས་པའི་ཉི་ཟླ་སྐར་གསུམ 
ཕྱི་མིག་ཀློང་གི་གསེར་གྱི་དོང་ཙེ་རེ་རེར་གྱུར་དུས
མེ་ལོང་ནང་གི་ལོ་ཟླར་ཟངས་ཀྱི་དྲེག་པ་ཆགས

ཞོགས་པ་བགྲེས་སོང་དེའི་འཁར་བ
འཆི་བདག་གི་ཕྱོགས་སུ་གཏད་པས
མྱ་ངམ་ཐང་གི་རྐང་རྗེས་མཐའ་དག་ལས
སྡུག་བསྔལ་གྱི་ཆུ་མིག་རེ་རྡོལ་ཡོང

ཡོད་ཚད་ལྷིང་ཞིང་འཇགས་པའི་དུས་ལ
ནམ་མཁའ་ནི་སྒེའུ་ཁུང་ཞིག་སྟེ
སྒེའུ་ཁུང་དེ་ཁོ་ནས
ད་གཟོད    སྡུག་བསྔལ་གྱི་སྙེ་མའི་མགོ་ལྕོག་ལྡེམ་པའི
འབྲས་བུ་དེ་ཟ་མཁན་ང་ཁོ་ན་ཡིན་པ་ཁྱོད་ལ་སྟོན།                                                                                              

                         October 2, 2017

                     སྙིང་ཉེ་བའི་ཇག་པ།

ཇག་པའི་མགོ་ལ་རྭ་ཅོ་ཞིག་སྦྲེང་ཡོད
ཇག་པའི་སྙིང་ལ་རུས་པ་ཞིག་ཐོགས་ཡོད

ཇག་པ་འགྲོ་དུས་འཛུམ་དམུལ་ཏེ་འགྲོ་ལ
འོང་དུས་ཁ་དགོད་བཞིན་ཕེབས་ཡོང

ལྕགས་མཁར་སྒོ་མེད་ཀྱི་ནང་དུ
ལྕགས་སྒྲོག་མྱིག་མེད་ཅིག་གིས་འཆིང་ནའང
ཇག་པའི་རྨི་ལམ་གྱི་ནམ་མཁའ
སེམས་པ་མེ་རུ་སྒྲོན་པའི་སྐར་ཚོགས་བྱེ་བ་དུ་མས་རྒྱན

ས་འོག་གི་སྒོམ་ཁང་ནས
ཇག་པ་མུན་ནག་གི་ཏིང་ངེ་འཛིན་ལ་ཞུགས་ནའང
ཇག་པས་མི་དམིགས་པའི་དབྱིངས་སུ་བསྡུ་ངེས་པ་བྲན་དང
རྩེ་གཅིག་ཏུ་མཉམ་པར་འཇོག་ས་རང་དབང་ཡིན

སྤྲིན་གྱི་ཨ་ལོང་ལ་རླུང་གི་ཡང་ལོང་བརྒྱུས
འཇའ་ཚོན་གྱི་གཞུ་མོའི་ཁུགས་ལ
དགུ་ཚིགས་ཀྱི་མདའ་མོ་སྤྲད
ཇག་པའི་གོམ་ཁ་འཇིག་རྟེན་གྱི་ཕྱོགས་སུ་གཟས

ཕོ་བྲང་སྟོང་བར་ལུས་པའི་གསེར་ཁྲིའི་སྒང་ལ
དམག་རྟ་ཁྲི་ཕྲག་གི་རྨིག་རྗེས་བབས
རྒྱང་རིང་ནས་དམག་འཁྲུག་གི་དུང་སྒྲ་ཞིག་མཆེད་ཡོང
འགྱུར་ཁུག་དེ་ལ་དབྱངས་རྟ་སུམ་ཅུ་སོ་གཉིས་ཡོད།

                              February 17, 2018

               མ་རྟོག་ལོག་རྟོག

སེམས་པ་ཤེལ་དུ་བསྒྱུར་ནས
སྤྲིན་དཀར་དང་ནམ་མཁའ་འཇོག་དོན
སྟོང་བ་ཁོ་ན་སྟོན་ཆེད་མ་ཡིན
འཆི་བ་ཤིན་ཏུ་ཐག་ཉེ་ན

སེམས་ལ་མདུད་པ་བརྒྱབ་སྟེ
ཉི་མར་གུས་ཕྱག་འབུལ་དོན
མཐོ་ས་ཁོ་ན་སྟོན་ཆེད་མ་ཡིན
རྒྱབ་གཟུགས་ཤིན་ཏུ་ཐག་རིང་ན

སྙིང་ཁར་བསྲིངས་པའི་ལག་པ་མང་པོ
འཁྱག་ལྷང་ལྷང   འདར་སིག་སིག
ཡབ་མེས་ཀྱི་འཛུམ་མདངས་བརྐོས་པའི་མཛུབ་མོ་རེ་རེ
རྒྱ་སྟག་གི་མཆེ་བ་དང   གླག་རྒོད་ཀྱི་སྡེར་མོ་རེ་རེ

སེམས་པ་ཁུག་སྟོང་དུ་བཟོས་རྗེས
ཕན་ཚུན་གྱི་རྣམ་ཤེས་ལ་ཁུང་བུ་བརྟོལ
ཟུངས་ཁྲག་གི་རྨ་ཁ་དག་ལས
ཞེ་སྡང་གི་དུག་རླངས་འཕྱུར

བསམ་བློ་གཏོང་མཁས་ཀྱི་ཁྱོད
ལྐུག་པར་གྱུར   གདོང་བའང་དམར་བོར་གྱུར

མ་རྟོག་ལོག་རྟོག་གི་དོན་གྱི་ལྗོན་པའི་སྟེང་ལ
མ་རྟོག་ལོག་རྟོག་གི་ཚིག་གི་ལོ་འདབ་རྒྱས
མ་རྟོག་ལོག་རྟོག་གི་འབྲས་བུའི་སིལ་ཤ་སྨིན།

                January 13, 2018

                     Charles Milles Manson

གོམ་པ་གང  གོམ་པ་དོ  གོམ་པ་གསུམ
ལྕགས་མཁར་སྒོ་མེད་སྟེང་ལ་བརྐོས་པའི་ཁྱོད་ཀྱི་འཛུམ་མདངས
མཛེར་མ་ཞིག་རེད   དགྲ་རྟ་ཞིག་རེད   མེ་མདའ་ཞིག་རེད
བུམ་པ་དེ་ཁྱོད་ཀྱི་ནུ་མ་སྟེ   འདོད་པའི་བདུད་རྩི་འབབ

གོམ་པ་གང  གོམ་པ་དོ  གོམ་པ་གསུམ
ཆུ་འཛུལ་དམག་གྲུར་དགའ་བའི་བུད་མེད་དག
མཚོ་ཞབས་ཀྱི་རྡོ་བ་ལྗང་ཁུའི་སྟེང་གཉིད་དུ་ཡུར
རྨི་ལམ་བསྒུལ་བྱུང  སེམས་པ་སྒུལ་བྱུང  འདོད་པ་སྒུལ་བྱུང
དེད་དཔོན་གྱི་ལག་ངར་རློན་པར་བཟོས

yeah, yeah, yeah
helter skelter
helter skelter
helter skelter

གོམ་པ་གང  གོམ་པ་དོ   གོམ་པ་གསུམ
དབུགས་ཧལ་ཧལ་ངང་མགོ་ཐོག་གི་ཉི་མ་ཀླད་རིས་ཀྱི་ཀློང་ལ་འཐིམ
ཚ་བའི་ལུས   སྐ་བའི་དབུགས  མངར་བའི་ལྕེ
ཕན་ཚུན་གྱི་རྣམ་ཤེས་ལ་ཁུང་བུ་བཏོད་པས
ནག་ཉིག་ཉིག་གི་དུག་སྦྲུལ་ཞིག   ཁྱོད་ཀྱི་ཁོག་ལ་འཛུལ

གོམ་པ་གང  གོམ་པ་དོ  གོམ་པ་གསུམ
མདུན་ལྗོངས་རབ་རིབ་མག་མོག་ཏུ་གྱུར
བདག་གི་སྒལ་གཞུང་ལ་ཁྲག་གི་རི་མོ་བྲིས
མངལ་ཁྲག་གི་སྨུག་པ་འཐིབ་པའི་འཇིག་རྟེན
རེ་ཞིག་དལ་ཅག་གེར་གྱུར

 yeah, hu, hu
'I've got blisters on my fingers'

                 November 26, 2017

                       བསོད་ནམས་སྒྲོལ་མ།

གཙང་བོའི་ལག་པ་འདར་ཕྲིལ་ཕྲིལ
གཤིན་པོའི་སེམས་འཕྲིན་ལང་ལོང་འཕྱོ

སེམས་ཀྱི་མཚོ་མོ་སྔོ་ལྟེམ་ལྟེམ
ཉི་མའི་གྲིབ་ནག་ཕྱོགས་སུ་ལྡང

ས་གཞིའི་མི་སྡུག་པའི་ཁྲོ་གཉེར་གྱི་ནང་དུ
ནམ་མཁའ་ཁོ་ནས་ཁྱེད་ཀྱི་མཛེས་པ་དེ་ལོངས་སུ་སྤྱོད

རྒྱུན་བུ་གཅིག་ཏུ་བརྒྱུས་པའི   ལྗོངས་དང་སེམས
རྒྱབ་གཟུགས་ལས་བཏོན་པའི་སྒྲ་སྙན་མོ་དེས་དལ་བུར་སྒུལ

མཁར་རྫོང་མང་བོ  སྒྲ་དེས་བསྒྱེལ་བས
བར་ཐག་ཁོ་ན་མཛེས་པའི་ཉིང་ཁུ་སྟེ
ཐག་རིང་ནས་བཞུར་ཡོང་བའི་ཟེར་སྒྲོས་ཀྱིས་མཚེའུ་ཞིག་དཀྱིལ

རྔ་བོ་རྡུང་མཁན་གྱི་མི་དག་གི་མགོ་ལ
ནམ་མཁའ་སྔོན་མོའི་གདུགས་ཆེན་རེ་སྐོར་བ་དེས
ཁྱོད་ཀྱི་རང་བཞིན་རྔ་སྒྲ་ཞིག་སྟེ  

རྔ་བོ་དེའི་ཁོག་ལ་བཅུག་པའི་མིས
ནམ་ཡང་ཁྱོད་ཀྱི་སེམས་སྒྲ་ཐོས་མི་ཐུབ་པ་ནི
ཟུང་འཇུག་རང་ཁྱོད་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་བས་སོ།།

                      September 29, 2015

                      གནམ་ནས་ཀུ་ཤུ་ཞིག་ལྷུང་བྱུང་།

                                         ___དགེ་རྒན་དུས་ཆེན་ལ་ཕུལ་བ།

ལོ་ཟླའི་གཏུན་ཤིང་གིས
དུས་ཚོད་ཀྱི་མཁར་རྔ་བར་མེད་བརྡུངས་པས
ཐ་སྙད་ཀྱི་གཟུགས་སུ་སྤྲུལ་བའི་དབྱངས་ཀྱི་སྡོང་བོ
ལྕུག་ལྕུག་གཡོས

བྲན་གཡོག་དམར་པོའི་ལག་པ
ཟླ་བའི་མགུལ་ལ་འཁྱུད་དེ
གསང་སྟབས་ཀྱིས   སྤྲིན་པའི་སྒྲོག་གུ་གྲོལ་བར
བར་སྣང་ནས་ཀུ་ཤུ་མང་པོ་ཞིག་ཐོར་ཏེ་འོང

སེམས་པ་གཉིས   སྒེའུ་ཁུང་གཉིས་སུ་གྱུར་བར
ཕྱིར་དྲན་གྱི་གཙང་བོ་མཐའ་དག་ནམ་མཁར་བཞུར་ཅིང
ལྡེབས་ངོས་སུ་བྲིས་པའི་ལྗོན་ཤིང་གི་རྩེ་ལ
དམར་མདོག་གི་ཀུ་ཤུ་མང་པོ་ཞིག་སྨིན

རྨི་ལམ་གྱི་ཐལ་བ་འཚུབས་པའི་ཞོགས་པ་དེས
ཡོད་ཚད་གཉིད་ལས་བསླངས་པར
ནམ་མཁའ་ནས་ཀུ་ཤུ་མང་པོ་ཞིག
ཆར་བའི་ཟོལ་གྱིས་ཤག་ཤག་འབྱོས་ཏེ་བྱུང

སྐབས་འདི་ལ
ངས་རང་གི་བྲང་ཁར་བཏགས་པའི་མགོ་རུས་ཤིག་མཐོང་བའི་མོད་ལ
ཕར་ཕྱོགས་ཀྱི་སྨ་ར་ཅན་གྱི་མི་རྒན་དེའི་ངོ་གདོང
མེ་ལོང་སྐྱ་བོ་ཞིག་ཏུ་འགྱུར་གྱིན་པ་མཐོང་ཡོང་།

                      མིང་མེད།

འཆི་བའི་རླུང་འཚུབ་ཀྱིས་དེད་པའི་ལས་དབང་གི་གཙང་བོ
གཟུགས་ཀྱི་སྐྱེ་མཆེད་ལས་སྲ་མོར་བཏོན་པའི་དུས་སུ
མིག་གི་རྒྱལ་མོའི་ཕྱོགས་སུ་བསྐྱངས་པའི་དུས་ཚོད་ཀྱི་འཇའ་རིས་ངོས་ལ   
རྨི་ལམ་གྱི་ས་རྡུལ་ཆགས་ཤིང
བར་སྣང་དུ་འཐེན་པའི་ཚེ་སྲོག་གི་དཔྱངས་ཟམ་སྟེང་ལའང
མི་མགོ་ཡི་ཕྲེང་བ་བསྟར་ལ་བརྒྱུས་པའི་རྨུ་ཐག་ཅིག་དཔྱངས་ནས་ཡོད

རྟ་མཆོག་གི་འཚེར་སྐད་དང
རྒྱ་མཚོའི་ཧུར་སྒྲ་གློ་བུར་འཇགས་པའི་རྗེས་སུ
ཉ་ཕྱིས་ཀྱི་ཁོག་ལས་བཏོན་པའི་དྲན་གདུང་གི་མུ་ཏིག་མང་པོ
བར་སྣང་དུ་འཐོར་ཅིང
སྐར་མ་ངུས་པའི་དགུ་ཚིགས་ཀྱི་ཆུ་མོའི་གཞུང་ལ
རྣམ་ཤེས་ཀྱི་གསེར་ཉ་མང་པོ་འོད་ལམ་ལམ་དུ་འཁྱུག

                                          July 26, 2015

                      མིང་མེད།

སེམས་པ་ཆད་དྲགས་པའི་རྔུལ་ཆུ
བརྣོལ་མར་བསྡེབས་པའི་གྲོང་ཚོའི་སྲང་ལམ་ནང་ཟགས
རྔུལ་ཆུའི་དོག་པ་རེ་རེ
རྐང་རྗེས་ངོས་ལ་འབྱར་བའི་གཟེར་མ་རེ་རེར་གྱུར།

                    མིང་མེད།

མི་སེམས་ནག་པོའི་ཁ་རླངས་སྟུག་ས་ན
ལག་པ་ཆེ་ཆུང་མང་པོས   མུན་པའི་གདོང་ལ
འོད་ཀྱི་རྨ་ཁ་རྐོ

གདུག་རྩུབ་ཀྱིས་ཁོལ་བའི་ཚེས་ཉེར་ལྔ
ཉི་མ་དང་ཟླ་བས་མ་མཐོང་བར
མིག་དམར་ཁོ་ནའི་སེམས་ལ་ཚེར་མ་བཞིན་ཟུག་དུས
གྲང་ཤུར་ཤུར་གྱི་མཆོད་མེ་ནང་ལ   འཁྱག་དར་ཆགས

མུན་པའི་མེ་ལྕེ་འུར་འུར་འབར་བས
གསེར་གྱི་ངང་བ་དག་གི་ལྟོ་བར་དུད་དྲེག་ཆགས།

                2017.10.25དགོང་མོ་ལམ་ཁར་ཐོལ་བྱུང་དུ་བྲིས།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རེ་རྐང་གླིང་གི་སྙན་ངག་ཚན་པ་བཅུ།

2018-09-27 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།