དགེ་ཆོས་ཀྱི་ལྕགས་སྒམ་དེའི་ནང་ན་འདི་ཡང་ཉར་འདུག

______ ངས་དགེ་ཆོས་ལ་རྗེས་དྲན་བྱེད་སྟངས་འདི་འདྲ་ཞིག་ཡིན།

སྤྱིར་ན་ང་རང་དགེ་འདུན་ཆོས་འཕེལ་ལ་ཤིན་ཏུ་དགའ་བའི་མི་ཞིག་ཡིན། ད་ལྟའི་བར་དུ་དགེ་ཆོས་ཁོང་ངས་དགྲ་ལ་ཕྱར་རྒྱུའི་དར་དང་གཉེན་ལ་བཤད་རྒྱུའི་སྒྲུང་བྱས་ནས་ཀྱང་ཡོང་བ་ཡིན། འོན་ཀྱང་ཁོང་ལ་རྒྱུས་ཡོད་མདོག་མདོག་ཅིག་དང་། དགེ་ཆོས་ཟེར་ན་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་དང་། དགེ་ཆོས་ཟེར་ན་ཁོ་ཚང་གི་རྟ་རྫི་ལོས་ཡིན་ལྟ་བུ་རེ་ལབ་བཞིན་པ་དེ་དག་གི་ཚིག་རེ་ཟུང་ལ་ངས་ཅིས་ཀྱང་ཅི་ཞིག་བརྗོད་ན་འདོད་སོང་།

༡ དགེ་ཆོས་ལ་མི་གཞི་ཡོད་མེད་ཀྱི་རྩོད་པ་དེ།
ཁ་ཅིག་གིས་དགེ་ཆོས་ཀྱི་མི་གཞི་སྟོབས་རབས་ཟེར་ནས་འགྲོ་དབང་འདུག་དབང་ཞིག་མི་སྟེར། ཡང་མཁས་པ་ཧོར་འཇིགས་སོགས་ཀྱིས་དགེ་ཆོས་ལ་མི་གཞི་མེད་ཚུལ་རྒྱུ་ཆ་དཔང་བཞག་གིས་དཔྱད་རྩོམ་དུ་བྲིས་འདུག་པས། བུ་ངར་ན་རྒྱུ་ཆ་དགག་ནས་རེའུ་མིག་གཏོར་ནས་དམ་བཅའ་རྫོགས་ནས་དཔང་རྟགས་བརླགས་ནས་རྩོམ་ཞིག་འབྲི་དགོས་པ་རེད། དེ་འབྲི་ཁག་པོ་ཡིན་ས་མ་རེད། རྒྱུ་མཚན་དཔྱད་རྩོམ་ཞིག་རྫོགས་རྒྱུ་ནི་ཁ་བདེ་མོ་ཞིག་གིས་ཚིག་འཁྲི་བྱས་པས་མི་ཆོག་ཅིང་བློ་བདེ་མོ་ཞིག་གིས་འཆར་སྣང་སྤེལ་བས་ཀྱང་མི་འགྲིག་པར། ལོ་ཚིགས་དང་དཔང་རྟགས་འབའ་ཞིག་ལ་བརྟེན་དགོས་པས་རེད། ཧོར་འཇིགས་ལགས་ཀྱིས་དགེ་ཆོས་ལ་མི་གཞི་མེད་ཤག་ཤག་ཅིག་བཤད་ཡོད་པ་དང་། ཤར་དུང་རི་ཡིན་ནམ་དེབ་ཅིག་ཏུ་སུ་ཞིག་གིས་ས་པཎ་ལ་མི་གཞི་མེད་རབས་བྲིས་ཡོད་པ་དང་། ཨ་ལགས་དུང་དཀར་དང་རྡོ་སྦིས་དགེ་བཤེས་ཀྱི་མི་གཞི་སྐྱོ་བོ་ཡིན་ཟེར་མཁན་ཅུང་མང་པོ་ཡོད་པ་དང་། དགེ་རྒན་བདུད་ལྷ་རྒྱལ་གྱིས་དོན་གྲུབ་རྒྱལ་གྱི་མི་གཞིའི་གས་ཁ་ཟེར་བ་ཞིག་ཀྱང་བྲིས་འདུག་པ་སོགས་ལ་བསམས་ན། བོད་ཀྱི་སྐྱེས་ཆེན་མང་པོ་ཞིག་ལ་མི་གཞི་ཞེས་པ་དེ་ཧ་ལམ་ཡོད་ས་མ་རེད་འདོད། ང་ནི་གོང་གི་མི་གཞི་མེད་སའི་སྐྱེ་བོ་དེ་དག་གི་བསམ་སྦྱོར་གཉིས་པོར་ཤིན་ཏུ་དགའ་མཁན་ཡིན་པས། གཅིག་བྱས་ན་ང་ལའང་མི་གཞི་ཟེར་བ་དེ་མེད་ཤས་ཆེ། སྐབས་རེར་ངའི་གླེན་འདང་བརྒྱབ་པར་ས་པཎ་ལྟ་བུ་ཞིག་ཆགས་ཐུབ་པ་ཡིན་ན། མི་གཞི་ཞེས་པའི་ཞྭ་གོ་ལྷམ་གོ་ཅི་ཡང་མི་ཆོད་པ་དེ་མེད་ཀྱང་ཨེ་དྲག་སྙམ། གནས་ལྔའི་བདག་པོ་ས་སྐྱ་པཎ་ཆེན་སོགས་ཀྱིས་ཀྱང་མི་གཞི་ཞེས་པར་བདག་པོ་དེ་ཙམ་བརྒྱབ་ཐུབ་མེད་པ་བདེན་ཚེ་དེ་ནི་དགོས་རྒྱུ་ཞིག་ཡིན་དང་མི་དགོས་རྒྱུ་ཞིག་ཡིན་ཁོ་བོར་ཅུང་དོགས་པའང་ཡོད། དེ་བས་ད་ཚོད་ངས་མ་གཞི་མི་གཞིའི་ཕྱོགས་ཀྱི་ཤོག་ལྷེ་དེའི་ངོས་སུ་ཅི་ཡང་འབྲི་རྩིས་མིན།

༢ དགེ་ཆོས་ཀྱི་ལྟོགས་སྐོམ་དང་བྱ་སྤྱོད། ཁ་རྒྱབ། འདོད་བརྩེ་སོགས་ཀྱི་སྐོར།
ཨ་མདོ་བྱམས་པ་སོགས་ལ་དགེ་ཆོས་སྐོར་བཅར་འདྲི་བྱས་པ་ལས་ང་ཚོས་མཐོང་བ་ནི། དགེ་ཆོས་ཀྱིས་དངོས་གནས་སྨྱོན་པ་ཤ་སྟག་ཅིག་དང་སྤྲང་པོ་སྤྲང་ནག་ཅིག་གི་འཚོ་བ་ཡང་རོལ་མྱོང་ཡོད་འདུག འདིར“སྤྲང་པོ”ཞེས་པ་ཙམ་གྱིས་ང་ཚོའི་བློ་ཡུལ་དུ་གསལ་པོ་ཞིག་འཆར་དཀའ། སྐབས་དེའི་དགེ་ཆོས་ནི་སྐབས་རེར་ད་ལྟའི་ཟི་ལིང་གི་བོད་མིའི་ཁྲོམ་གྱི་གྱང་རྩ་སོགས་སུ་རྩྭ་མགོ་སྐྱག་ཁ་རེས་གོ་རེ་ཅོང་རྡོག་ཅིག་གི་མགོར་སོ་བཏབ་ནས་བསྡད་ཡོད་པ་དེ་འདྲའི་ཚོད་དུའང་བརྒྱབ་མྱོང་མེད་མི་སྲིད་པ་འདྲ། ཁོང་གིས་ལྭ་བ་གཅ་སེ་གཅུས་སེ་ཞིག་གྱོན། གོ་རེ་སྐམ་གྱོང་རེ་མཆན་འོག་བཅུག ཞི་མོ་ཡག་པ་རེ་རིག་ཚེ་རྗེས་སུ་དེད། ཁ་ཆུ་སྒོག་སྒོག་མིད། མིའི་མ་མཐོང་བའི་སྐབས་དང་བསྟུན་ནས་སོ་སོའི་འདོམས་ཀྱི་སྦ་བའི་དྲང་ཐད་ལ་ལག་པས་རེག་ཙམ་རེག་ཙམ་བྱེད། གློ་བུར་དུ་རྗེས་འདེད་སའི་ཞི་མོ་ཚོས་ཕྱིར་བལྟས་བསློགས་ནས་གཤེ་བ་སོགས་བྱས་ཚེ་ཕྱིར་བཀྱེད་སྟེག་བཞིན་བྲོས། གཅིག་བྱས་ན་ཐང་ལ་བརྒྱབ་ནས་ཁ་སུག་ལོག་པ་ལྟ་བུ་སོགས་ཀྱང་བྱུང་ཡོད་སྲིད། མགོ་ཐོག་ལ་མི་ཡོང་དགུ་ཡོང་བྱས་པས། དགེ་ཆོས་ཀྱིས་མི་གཞན་གྱི་ས་ནས་རེག་པའི་ཟས་དྲིན་ཆུ་དྲིན་ནམ་ཞར་ཡང་བརྗེད་མྱོང་མེད་པ་འདྲ། ཁོང་གི“ཡེ་ཤུའི་ཨ་མ་རྒན་མོ་ཞིག་གིས་ངའི་ཁ་རྒྱབ་གཉིས་པོ་གནངས་སོང་བཀའ་དྲིན་ཆེན་པོ་ཡིན”ཞེས་པ་དེ་ཁོ་ནར་གཅིག་ཉོན་དང་། དེང་སང་གི་རྒྱ་མོ་མཛེས་མ་ཞིག་ལ་རླངས་འཁོར་པིན་ཁྲི་ཞིག་ཐོབ་ཀྱང་བཀའ་དྲིན་ཞུ་བའི་སེམས་དེ་འདྲ་ཞིག་ཨེ་འབྱུང་བཤད་དཀའ་མོ་རེད། ཨ་ཤི། དགེ་ཆོས་ཀྱི་ཟ་འཐུང་སོགས་ཀྱི་ཐད་ནས་དཀའ་ངལ་ཅི་འདྲ་ཞིག་མྱངས་པ་ནི་བཤད་ནས་ཤེས་ཐུབ་པ་ཞིག་ག་ལ་ཡིན། སྐབས་དེའི་ཁོང་གི་གནས་སྟངས་དངོས་དེ་སྔོན་འགྲོའི་ཁྲིད་ཡིག་སོགས་སུ་དམྱལ་བ་ཡི་དྭགས་ཀྱི་སྐོར་བཤད་ཡོད་པ་དེས་ཅུང་ཟད་ཅིག་མཚོན་ཨེ་ཐུབ་སྙམ། ཁོང་གི་ལས་དབང་དང་འཚོ་བ་དེར་ཁོང་རང་ཡང་སྐབས་རེར་ཡིད་ཆད་དྲག་པོ་སྐྱེས་ཡོད་པ་འདྲ། ང་ཡིས་ཆུང་མ་བསུ་རྒྱུ་མ་བྱུང་། ང་ཡིས་ནོར་རྫས་བསགས་རྒྱུ་མ་བྱུང་། ང་ཡིས་ལྕག་སྨྱུག་བཟུང་ནས་མི་ཚེ་ཧྲིལ་པོ་རྫོགས་སོང་ཞེས་ཕེ་རིང་བཏབ་ཡོད་པ་དེ་འདྲ་རེད། ཕེ་རིང་དེའི་གསེང་ཞིག་ཏུ་མི་ཚེ་ཐོས་པ་ལ་གཞོལ་དྲགས་པ་ཡིན་ལུགས་ཀྱི་ང་རྒྱལ་ཕྲ་མོ་ཞིག་ཀྱང་ཡོད་དང་ཡོད་མོད། ཁྱིམ་ཚང་དྲོན་མོ་ཞིག་བཟུང་ནས་བུད་མེད་ཅིག་གིས་ལག་ཐོག་ལ་ཆུ་བླུགས་ནས་ལག་འོག་ཏུ་མེ་འབུད་རྒྱུ་མ་བྱུང་བར་ཅི་འདྲའི་སྡུག་ཅིག་ཐུག་འདུག་ཨང་། གང་ལྟར་དགེ་ཆོས་ཀྱིས་ལྟོ་གོས་གཏམ་གསུམ་གྱི་ཆེད་དུ་ཤིན་ཏུ་དཀའ་མྱོང་བ་རེད། རེད་དེ་ཁོང་གིས་རྐུ་བྱེད་མ་མྱོང་བ་འདྲ། ད་སྔའི་ཁོང་གི་ལོ་རྒྱུས་རྣམ་ཐར་སོགས་སུ་ཁོང་གིས་རྐུ་བྱེད་མྱོང་ཚུལ་ཞིག་ཧ་ལམ་བྲིས་མི་འདུག

༣ དགེ་ཆོས་སྒོར་མོའི་དཀའ་ཁག་ལ་ཐུག་དྲགས་པའི་གནས་སྟངས།
ཁོང་གིས་ས་མཐའ་སྡེ་མཐའ་ཉུལ་གྱིན་ཉུལ་གྱིན་ལག་ནང་གི་དོང་ཙེ་ཚར། རྒྱབ་རོགས་བྱེད་པའི་གྲོགས་པོ་མེད། དཀའ་བའི་མཐའ་དང་དབུལ་བའི་གཏིང་ལ་ལྷུང་དུས་ཆུ་ཁོལ་དཀར་ཡོལ་གང་རེག་རྒྱུ་དང་རྩམ་རྡོག་མཆིན་མགོ་གནོན་སྤྱད་ཙམ་རྙེད་རྒྱུའང་རྟག་ཏུ་ངུ་ཡིས་ཆོས་འཕགས་བཙལ་བ་ལས་ཀྱང་དཀའ་མོ་ཆགས་ཡོད་མདོག་ཁ། དེ་བས་ཁོང་གིས་སྐྱེ་བོ་སྒོར་སྲེད་ཅན་སུ་འདྲ་ཞིག་གིས་ཀྱང་ལབ་མི་ཕོད་པའི“དཀོན་མཆོག་དངོས་ནི་སྒོར་མོ་རང་རེད”ཅེས་པའི་ཚིག་དམར་རྗེན་མ་དེ་འདྲ་ཡང་གསུངས་ཤོར་བ་རེད། ཁོང་ལ་སྒོར་མོ་མཁོ་དྲགས་ནས་བཙན་ཐབས་ཀྱིས་རི་མོ་ལའང་མཁས་པར་བྱས་ནས་རི་མོའི་ཚོང་ཡང་གཉེར་བ་རེད། དེང་སང་ལྟ་བུ་ཞིག་ཡིན་ན་དགེ་ཆོས་ཀྱིས་དཔྱད་རྩོམ་ཡང་བཙོང་གི་ཡོད་རྒྱུ་རེད་སྙམ། སྐབས་དེར་གསོན་བཞིན་དུ་མཁལ་མ་བཙོང་ཆོག་ས་དེ་འདྲ་ཧ་ལམ་མེད་པ་འདྲ། གལ་ཏེ་ཡོད་ཚེ་དགེ་ཆོས་ཀྱིས་མཁལ་མ་ཡ་གཅིག་ཀྱང་བཙོང་ལོས་ཡོད་སྙམ། རྒྱུ་མཚན་ནི་ཁོང་ལ་སྒོར་མོ་མཁོ་དྲགས་པས་སོ།། སྒོར་མོ་མེད་ན་དགེ་ཆོས་ཀྱིས་ཁང་པ་ཅི་ལྟར་བྱས་ནས་གླ་རྒྱུ། སྒོར་མོ་མེད་ན་དགེ་ཆོས་ཀྱིས་ཟ་འཐུང་ཅི་ལྟར་བྱེད་རྒྱུ། དགེ་ཆོས་སོགས་ལ་དངུལ་མཁོ་དྲགས་ནས་སྒོར་མོ་བཟོ་ཁུལ་ཡང་བྱས་མྱོང་བར་བཤད། དགེ་ཆོས་ཀྱིས་སྒོར་མོ་བཟོས་ནས་ཅི་ཞིག་བྱ་རྒྱུ་རེད་ཟེར་ན། དེང་གི་མཁས་པ་ཚོའི་ལྟ་ཚུལ་འདྲ་ཡི་མེད། ལ་ལས་མི་རིགས་ཀྱི་ལས་དོན་ཞིག་སྒྲུབ་རྩིས་ཡིན་པ་རེད་ཟེར། ལ་ལས་མ་རེད་མ་རེད་དགེ་ཆོས་སོགས་ཀྱིས་ཉལ་ཐ་འཐེན་པ། བུད་མེད་རྩེ་བ་བཅས་ཀྱི་ཆེད་རེད་ཟེར། དེ་གང་ཡིན་དགེ་ཆོས་ལ་ཞིབ་འཇུག་བྱེད་མཁན་དག་གིས་མ་འོངས་པར་དཔང་རྟགས་ཀྱིས་ར་སྤྲོད་བྱ་དགོས་པ་རེད།

༤ དགེ་ཆོས་ཞུགས་སའི་ཚོགས་པ་དེ་སོགས་ཅི་ཞིག་ཡིན་ད་དུང་ཡང་རྩོད་བཞིན་ཡོད།
ལྟོ་གོས་གཏམ་གསུམ་ཁོ་ནའི་ཆེད་ཨེ་ཡིན་མི་ཤེས་ཀྱང་དགེ་ཆོས་ལགས་ཚོགས་པ་འདྲ་མིན་གྱི་ནང་དུའང་ཞུགས་ཡོད་པ་རེད། དེ་ཚོགས་པ་ཡག་པོ་ཞིག་ཡིན་མིན་ལ་དེང་སང་རྩོད་པ་ཡོད་པ་རེད། ལ་ལས་ཚོགས་པ་དེ་ཆེས་སྡུག་ཅག་ཅིག་ལ་ངོས་འཛིན་གྱི་ཡོད་པ་རེད། དགེ་སྡུག་མི་ཤེས་པ། བཟང་ངན་མི་འབྱེད་པ། དབང་ཤུགས་དང་དྲག་སྤྱོད་ལ་དགའ་བའི་ཚོགས་པ་དེ་འདྲ་རེད་ཟེར་གྱི་ཡོད་པ་རེད། དགེ་ཆོས་ཀྱིས་ཚོགས་པ་དེའི་ནང་ལས་ཀ་མང་པོ་བྱས་ཡོད་པར་བཤད། སྐབས་དེ་ཙམ་ཞིག་ལ་ཁོང་ལ་མྱུལ་མའི་མིང་ཞིག་ཀྱང་ཐོགས་མྱོང་བ་རེད། དགྲ་ཕྱོགས་ཀྱི་མྱུལ་མ་ཡིན་དང་རང་ཕྱོགས་ཀྱི་མྱུལ་མ་ཡིན་ད་ལྟ་ད་དུང་རྩོད་མུས་ཡིན་པ་རེད།

༥ དགེ་ཆོས་ཀྱི་ཡིད་ཆད་དང་འཇིགས་སྣང་། ད་དུང་ཞུ་འབོད།
དགེ་ཆོས་ལ་ཚེ་རིང་དོན་གྲུབ་ཀྱི་སྨྱུག་འོག་གི་བཙུན་ཡག་ནང་བཞིན་གཞན་ཚོས་གཅར་རྡུང་སྐོར་གསུམ་བྱས་ནས་མཐའ་ན་ལྕེབ་འདོད་པའི་ཁ་འཕྲོར་ཡང་གཏུགས་མེད་མི་སྲིད། དཀའ་ཁག་དེ་འདྲར་འཕྲད་པའི་དབང་གིས་དགེ་ཆོས་ཀྱི་རྩོམ་ནང“འཁོན་དུ་མི་འཛིན་པར་གསོལ་བ་ལན་བརྒྱར་འདེབས”ལྟ་བུའི་སྲོག་ཉེན་ལ་ཐུག་པ་ནང་བཞིན་གྱི་ཞུ་བའི་འོ་དོད་པ་འབོད་པ། སྐྲག་འདར་གྱི་ངུ་དབྱངས་འཐེན་པ། པུས་བཙུགས་མགོ་སྒུར་གྱི་ངོ་ཆེན་ཞུ་བ་སོགས་ཀྱང་མང་དུ་མཆིས། དགེ་ཆོས་ཀྱིས་འབྲུག་ཡུལ་བཀྲ་ཤིས་སྒང་གི་རྫོང་དཔོན་འཕྲིན་ལས་འོད་ཟེར་ལ“རྒྱ་བོད་བསྐོར་བའི་ཨ་མདོ་ང་འདྲའི་རིགས།། སྐབས་འགར་དགྱེས་པའི་སྤྱན་གྱིས་བསྐྱངས་པར་འཚལ།། ཞེས་འཕྲིན་ཡིག་ཅིག་བྲིས་ཡོད་པ་རེད། སྤྱིར་ན་དགེ་ཆོས་ཀྱི་གཤིས་ཀར་མི་ཆེན་དཔོན་ཆེན་ལ་བརྩི་བཀུར་མི་བྱེད་པ། སུ་ཡིན་ཡིན་ལ་གཏུགས་ཤིང་འགལ་ཐུབ་པ། རང་ཁོ་ན་གནམ་ཀ་མེད་འོག་གི་སེང་སྲབ་མེད་ཡིན་སྙམ་པ། ཚིག་དྲི་ཞིག་རྣ་བས་གོ་མི་ཉན་པའི་ཆ་དེ་འདྲ་ཏན་ཏན་ཡོད་ནའང་། སྤྱི་ཚོགས་འཚོ་བ་བརྒྱུད་ཀྱིན་བརྒྱུད་ཀྱིན། ལྟོ་རྒྱབ་ཀྱི་གནད་དོན་ལ་འཕྲད་ཀྱིན་འཕྲད་ཀྱིན། དབང་ཆ་ཅན་དང་དཔུང་ཤེད་ཅན་གྱི་བརྙས་བཅོས་ཕོག་གིན་ཕོག་གིན་ཁོང་གིས་གཤིས་ཀ་གཞན་ཞིག་ཀྱང་ཅུང་ཟད་དང་ལེན་མི་བྱེད་ཀ་མེད་བྱུང་ཡོད། དེ་ནི་ཆེས་མ་མཐའ་ཡང་དཔོན་ཆུང་ཞིག་གི་དབང་ཆར་བརྟེན་ནས་ཁོང་གི་ཚེ་སྲོག་ས་སྟེང་འདིར་རེ་ཞིག་གནས་ཐུབ་ཙམ་ཡོང་རྒྱུ་དང་དངུལ་གྱི་ཡོང་སྒོ་ཞིག་ལ་བརྟེན་ནས་ཁོང་གི་འཚོ་བ་འཁྱོལ་ནུས་ཙམ་བྱ་རྒྱུ་དེའོ།། དེ་འདྲར་སོང་ཙང་དགེ་ཆོས་ཀྱིས་བཀྲ་ཤིས་སྒང་གི་རྫོང་དཔོན་དེར་བཤད་བཤད་མཐར་གྱི་ཆེས་མཇུག་མཐར་ཆོས་སྲིད་མི་རིགས་སོགས་གང་ཡང་མ་ཞུས་པར་ཁོང་རང་ཉིད་བཅོལ་བཞག་པ་རེད། ཁྱེད་ཀྱིས“ང་འདྲའི་རིགས་སྐབས་འགར་དགྱེས་པའི་སྤྱན་གྱིས་བསྐྱངས་པར་འཚལ”ཞེས་པ་དེའོ།། འདིའི“སྐབས་འགར”ཞེས་པ་ནི་སྐབས་གང་དག་ཡིན་ས་རེད་ཅེ་ན། ཀླུ་སྒྲུབ་དགོངས་རྒྱན་དང་དེབ་ཐེར་དཀར་པོ། གཏམ་རྒྱུད་གསེར་ཐང་སོགས་ཀྱིས་ཕོག་ཐུག་བཏང་སའི་མི་སྒེར་དང་ཚོགས་པ་གང་རང་གིས་དགེ་ཆོས་གསོད་གྲབས་བྱེད་དུས། བཀྲ་ཤིས་སྒང་གི་རྫོང་དཔོན་དེས་དམག་འགའ་མངགས་ནས་བར་ཙམ་གཤོལ་ཐུབ་ན་དེས་ཆོག་པ་རེད། དགེ་ཆོས་ལ་ཟ་འཐུང་སོགས་དཀོན་ནས་འདུག་བཟོད་མེད་དུས། བཀྲ་ཤིས་སྒང་གི་རྫོང་དཔོན་དེས་གཡོག་པོ་ཞིག་བཏང་ནས་དགེ་ཆོས་ཁོང་ལ་ཤ་སྐམ་དང་རྩམ་པ། འོ་མ་དང་ཇ་ལོ། རབ་བྱུང་ན་ཆང་རག་རྒྱ་མ་འགའ་བྱིན་བཞག་ན་དེ་ཡིས་ཆོག་པ་རེད། “སྐབས་འགར”ཞེས་པའི་ཤུགས་སུ་ད་དུང་དཔོན་པོ་ཁྱེད་ཀྱིས་དགེ་ཆོས་ང་ལ་དཔེ་ཆ་དཔར་སྤྱད་ཀྱི་མ་རྩ་ཅུང་ཟད་དང་མཚན་མོར་ཉལ་རོགས་ཀྱི་ཞི་མོ་སྤྱིར་བཏང་བ་ཞིག་ཀྱང་ཨེ་གནང་ཞེས་ཀྱང་གབ་ཡོད་ན་ཐང་། མེད་ནའང་ཐང་། ད་དུང་དགེ་ཆོས་ཀྱིས་འཇིགས་པའི་ང་རོ་སྒྲོག་པའི་ཚང་ཚིང་ནང་ལུས་པའི་བུ་ཆུང་ངར་སུ་ཞིག་གིས་སྙིང་རྗེ་མི་དགོངས་སམ། ཁྲག་གིས་མྱོས་པའི་སྟག་ཁྱུ་འདིའི་སྔུན་ནས་ང་རང་སྐྱོབ་མཁན་ཞིག་དངོས་གནས་མེད་སོང་བ་ཨེ་རེད་ཅེས་སྤྱན་ཆབ་དྲག་ཏུ་བསིལ་ཏེ་མི་རྣམས་ཡང་ཡང་བོས་ཡོད་པ་རེད། འོན་ཀྱང་། དེ་ལ་རྣ་བ་གཡར་མཁན་གྱི་སྤོབས་པ་ཅན་དང་སྙིང་རྗེ་ཅན་སུ་ཡང་མ་བྱུང་། ངས་བསམས་ན་དེ་དུས་ཀྱང་དགེ་ཆོས་ཀྱིས་འཇིག་རྟེན་ལ་ཁྲེལ་གཞུང་མེད་ཅིང་སྤྱི་ཚོགས་ལ་སྙིང་རྗེ་མེད་པ་དེ་ཧ་གོ་ཡག་ཅིག་མ་རེད་འདོད། གཞོན་ནུ་ཞིག་ཡིན་དུས་ནས“སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ཅན”འཆང་མཁན་ཁོང་གིས་མཐའ་མཇུག་དེ་ལྟར་མ་བསམས་ས་ཞིག་ནས་ཐུགས་ཞུམ་པའི་སྡར་སྐད་ཤོར་འགྲོ་བ་ངའི་ཡིད་ལའང་མ་དྲན། དངོས་ཡོད་འཚོ་བ་ཟེར་བ་འདིའི་ཁ་དུག་བཙན་པ་ལ།

༦ དགེ་ཆོས་ལ་བརྩི་བཀུར་དང་བསྟོད་པ་སོགས་བྱས་ན་དགེ་ཆོས་དགའ་འམ།
དགེ་ཆོས་ཀྱིས་མི་རྒན་ཤེར་རྒྱམ་ལ་བཤད་པ་དེར་རམ་གང་ལྟར་གང་ཞིག་ཏུ་དགེ་ཆོས་ཁོང་འཇམ་བཞད་ཡིན་ས་རེད་བླ་ཆེན་ཞིག་དང་གྲལ་གཅིག་ལ་ཁེལ་བ་ཞིག་བརྗོད་ཡོད། དགེ་ཆོས་ཁོ་རང་སར་མ་བསྡད་དུ་བླ་ཆེན་དེའང་བསྡད་མ་སོང་ཞེས་ཚུལ་དེ་ནི་གཞན་གྱིས་ཁོ་ལ་བརྩི་བཀུར་བྱར་པར་ཆ་བཞག་ནས་དགའ་བ་ཁོག་ལ་ཆུད་ཀྱི་མེད་པ་ཞིག་ཡོད། ད་དེ་འདྲ་རེད། དགེ་ཆོས་ཀྱང་མི་རེད། ཁོང་ཡང་གཞན་གྱིས་རང་ལ་བརྩི་བཀུར་བྱས་ན་དགའ་ཡི་ཡོད་པ་དེ་འདྲ་ཤ་སྟག་རེད། ད་དུང་དགེ་ཆོས་ཀྱིས་ཁོང་གི་རྩོམ་སོགས་བཀླགས་ན་ལྐུགས་པའི་འཛུམ་དང་ཕྱུག་པོའི་ལགས་སོ་ཙམ་ལབ་པས་སྙིང་པོ་མེད་ཅེས་བཤད་ཡོད། ཤེས་རབ་ཅན་དག་གིས་ཞིབ་ཏུ་བལྟས་ནས་རྩོམ་དཔྱད་ལྟ་བུ་ཕྲིས་ཤོག་ཀྱང་ཟེར་ལ་ཁད་ཅིག་བྱས་ཡོད། བསྟོད་པ་བྱས་ན་དགའ་བ་དང་སྨད་པ་བྱས་ན་མི་དགའ་བའི་མིའི་ཁྱད་ཆོས་དེར་དགེ་ཆོས་ཀྱང་གོམ་པ་གང་གིས་ཀྱང་ཁ་བྲལ་ཐུབ་མེད། ཁོང་གིས་རྒྱལ་ཁམས་རིགས་པས་བསྐོར་རབས། ལྟད་མོ་ཡ་མཚན་མཐོང་རབས། ད་དུང་ཆུ་ལ་རྐྱལ་ཤེས་རབས། སྦལ་ལྕོང་སོགས་ཧ་ལམ་གསོན་མིད་ཀྱང་རྒྱག་ཐུབ་རབས། གཡུ་སྒྲོན་དང་གངྒཱ་དང་ཨ་སི་ལི་ལ་སོགས་མི་རིགས་མི་གཅིག་ཅིང་མོ་སྒོ་མི་འདྲ་བའི་རོགས་ལོ་མང་པོ་ཡོད་ཚུལ་སོགས་ཆེས་སྤྱིར་བཏང་གི་ལབ་ནག་དེ་འདྲ་ཡང་བརྒྱབ་ཡོད་པ་རེད། དེའང་ཆོག་ཆོག་ཅིག་རེད། སྟག་ཤར་བ་ཟེར་བ་དེ་འདྲ་ཞིག་ལོས་ཡིན། འདི་ལས་ང་ཚོས་དགེ་ཆོས་ལ་སྐད་འཕྲིན(微信)ཡོད་ཚེ་དེའི་རྒྱབ་ལོགས་སུ་ག་རེ་སྤེལ་རྒྱུ་ཡིན་པའང་ལམ་ཙམ་ཞིག་ཚོད་དཔག་བྱ་ཐུབ་པ་ཡིན། ཁོང་དང་ཁོང་གི་རོགས་ལོ་དག་གིས་སྐྱིད་རྒྱག་བཞིན་པའི་འདྲ་པར་མང་པོ་སྤེལ་རྒྱུ་ཡིན་པ་ཐེ་ཚོམ་མེད་པ་ཞིག་རེད། ཡིན་ནའང་དེང་སང་ལྟ་བུ་ཡིན་ན་རོགས་ལོ་དག་ལ་འཐད་མ་དྲིས་པར་ཁོ་མོ་ཚོའི་མིང་ཁྲོམ་བསྒྲགས་བྱས་ཚེ་དགེ་ཆོས་ཀྱིས་ཉེས་ཆད་གཞན་ཞིག་ཀྱང་འཁུར་དགོས་རྒྱུ་རེད། འོན་ཀྱང་ཕན་ཚུན་ལ་ཁ་ཙམ་མ་ཡིན་པའི་ཞེ་འདང་ཡོད་ན་དྲག་ཀྱང་སྲིད། དེ་སོགས་ལ་སྒྲུབ་བྱེད་དགོས་ཚེ་གཏམ་རྒྱུད་གསེར་ཐང་ལས་དཔེ་བརྗོད་གསོན་པོ་ཏག་ཏག་དྲངས་ཆོག་མོད་རྣམ་དཔྱོད་ཅུང་ཡོད་པ་ཚོར་སྒོ་ཙམ་བསྟན་པས་ཧ་གོ་ན་འདིར་ཡང་དེ་ཙམ་ལས་ཞུ་རྩིས་མེད།

༧ དགེ་ཆོས་ཀྱིས་རང་བསྟོད་སོགས་བྱེད་དམ།
ཀློག་མཁན་ཁྱེད་རང་ཚོ། རང་གིས་རང་ལ“ང་ནི་འཛམ་གླིང་ན་དཀོན་པའི་མི་ཞིག་ཡིན”ཟེར་ཕོད་མཁན་དེ་འདྲར་ཐུག་ཨེ་མྱོང་། ཕལ་ཆེར་མྱོང་ཡོད་རྒྱུ་མ་རེད། སུས་དེ་ལྟར་ལབ་པ་ཡིན་ན“自夸”ཞེས་སུ་གཅིག་གིས་ཀྱང་རིག་ས་ཡོད་རྒྱུ་མ་རེད། འོན་ཀྱང་མི་ཞིག་གིས་ཏན་ཏན་དེ་ལྟར་བརྗོད་མྱོང་བ་རེད། དེ་ནི་དགེ་ཆོས་ལགས་རེད། དཔྱད་གཞིའི་ཡིག་ཆ་སོགས་ཀྱི་དབང་དུ་བཏང་ན་དགེ་འདུན་ཆོས་འཕེལ་ལ་བསྟོད་པ་བྱེད་མཁན་སྔ་ཤོས་ཁོང་རང་ཉིད་རེད་ལ། བསྟོད་པ་ཆེ་ཤོས་བྱེད་མཁན་ཡང་ཁོང་རང་ཉིད་རེད། བསྟོད་ཚིག་ནི“ང་རང་འཛམ་གླིང་ན་དཀོན་པའི་བཻཌཱུརྱའི་བུམ་པ”ཡིན་ཞེས་པ་དེའོ།། འདང་རྒྱག་སྟངས་རྙིང་བ་ཞིག་གིས་འདང་བརྒྱབ་ན་རང་གིས་རང་ལ་དེ་ལྟར་བསྟོད་ཕོད་པ་ནི་ངོ་ཚ་མེད་པ་ཞིག་རེད་ལ་ངོ་མཚར་ཆེ་བ་ཞིག་ཀྱང་རེད། ད་ལྟ་ནི་དགེ་ཆོས་ལྷ་རུ་བཏང་ཡོད་པའི་དུས་ཡིན་པས། དགེ་ཆོས་ཀྱི་ཐོག་ནས་འཛམ་གླིང་དུ་དཀོན་པ་ཞེས་པའི་ཚིག་དེ་ང་ཚོས་ཁ་ཁ་ཞིག་ལ་མཐོང་མི་སྲིད་ཀྱང་། འོན་ཀྱང་སྐབས་དེའི་མིའི་སྣང་ངོར་ནི་དགེ་འདུན་ཆོས་འཕེལ་ཞེ་ན་ད་ལྟའི་ང་ཚོ་ལྟ་བུའི་མི་སྤྱིར་བཏང་བ་ཞིག་ཡིན་མདོག་ཁ། སྐབས་དེའི་མིའི་སྣང་ངོར་དགེ་འདུན་ཆོས་འཕེལ་ཆེས་བཟང་ནའང་ད་ལྟའི་མིའི་སྣང་ངོའི་ཞི་བདེ་ཉི་མ་དང་ཧོར་འཇིགས་ལྟ་བུ་ཞིག་ལས་ཡིན་ཅི་སྲིད་སྙམ། གལ་ཏེ་ད་ལྟར་ཞི་བདེ་ཉི་མ་དང་ཧོར་འཇིགས་གང་རུང་གིས“ང་ནི་འཛམ་གླིང་ན་དཀོན་པའི་བཻཌཱུརྱའི་བུམ་པ”ཡིན་བཤད་ཚེ་མི་ཚོས་ཅི་བསམ་རྒྱུ་རེད། རང་བསྟོད་བྱེད་མཁན། རང་རློམ་ཅན། ང་རྒྱལ་ཅན་སོགས་འདོད་འདོད་ཅིག་བརྗོད་པར་ཐེ་ཚོམ་མེད་དོ།། ངས་བརྗོད་འདོད་པ་ནི་འདི་ཙམ་ཡང་མིན། དོན་དམ་དུ་དགེ་ཆོས་ནི“འཛམ་གླིང་ན་དཀོན་པའི་མི”ཞིག་རེད་དམ་མ་རེད། གཅིག་བྱས་ན་ཡིན་ཡང་སྲིད། འོན་ཀྱང་འཛམ་གླིང་གི་ངོས་ནས་ཁས་ལེན་ཐོབ་ཡོད་ས་དེ་འདྲ་ཅང་མ་རེད། འདི་ལྟར་ལབ་ནའང་མི་ཚོས་ཧ་མི་གོ་ཡང་སྲིད། ད་ལྟ་མིའི་རིགས་ཀྱི་སྐྱེས་བུ་ཆེན་པོར་ཡིན་ཐག་བཅད་ཅིང་མཚན་ཐོ་རུ་བཏབ་ཅིང་གྲངས་མིག་ཏུ་ཕབ་ཡོད་པ་དག་ཏུ་དགེ་ཆོས་ཀྱི་མིང་མཐོང་རྒྱུ་དཀའ་ཞིང་། “ཅིས་ཀྱང་ཀློག་དགོས་པ་བརྒྱ”དང“ངེས་པར་བལྟ་དགོས་པ་ལྔ་བཅུ”ཞེས་པ་སོགས་སུ་དེབ་དཀར་དང་གསེར་ཐང་སོགས་བཅུག་པ་ཞིག་ཧ་ལམ་མེད་པར་སྙམ། དཔེ་ཞིག་བཞག་ན། འཛམ་གླིང་གི་མི་སྣ་ཞེ་ན་རྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་ལྟ་བུ་ཞིག་ཡིན་ས་རེད། ཚད་དེ་ནས་བལྟས་ན། དགེ་ཆོས་ནི་ད་དུང་ཡང་ཁོང་རང་གི་སེམས་ཁོང་གི་འཛམ་གླིང་ན་དཀོན་པའི་མི་ཞིག་དང་། ང་སོགས་བོད་མི་ཕྱི་རབས་པ་ཁག་ཅིག་གི་ཡིད་ངོས་སུ་གཟོད་འཛམ་གླིང་ན་དཀོན་པའི་མི་ཞིག་རེད་སྙམ། དེས་ན་དགེ་ཆོས་ཀྱི་སྐད་ཆ་དེ་ནི་ལབ་ཅིག་ཏན་ཏན་རེད། མ་མཐའ་ཡང་སྐབས་དེ་ནས་ད་ལྟའི་བར་དུ་ནི་ལབ་ཅིག་རང་རེད། མ་འོངས་པར་ཅིར་འགྱུར་སུས་ཀྱང་བརྗོད་དཀའོ།། རེད་དེ་དགེ་འདུན་ཆོས་འཕེལ་གྱིས་ཁོང་ཉིད་འཛམ་གླིང་ན་དཀོན་པའི་མི་ཞིག་ཡིན་ནམ་འདོད་པ་དེ་ཁོང་གི་རྨི་ལམ་ཞིག་རེད། རྨི་ལམ་དེ་འདྲ་རྨི་ཆོག་པ་རེད། རྨི་ལམ་རྨི་མི་ཆོག་ཟེར་མཁན་ཞིག་ཡོད་པ་མ་རེད། འོན་ཀྱང་མི་ཡི་རྨི་ལམ་ལ་ལ་ཞིག་མངོན་འགྱུར་འབྱུང་བ་དང་ལ་ལ་ཞིག་མངོན་འགྱུར་མི་འབྱུང་བ་རེད། ད་བལྟས་ན་དགེ་ཆོས་ཀྱི་རྨི་ལམ་དེའི་ཕྱེད་ཅིག་མངོན་འགྱུར་བྱུང་ཡོད་པ་འདྲ། དེ་ཟེར་དོན་ཅི་ཡིན་ཞེ་ན། ཁོང་བོད་ཡུལ་ན་དཀོན་པའི་མི་ཞིག་ཧ་ལམ་ཡིན་ངེས་པའོ།། འོན་ཀྱང་རྨི་ལམ་དེའི་ཕྱེད་གཞན་ཞིག་ད་དུང་མངོན་འགྱུར་བྱུང་མེད་ལ་གཏན་དུ་མངོན་འགྱུར་མི་འབྱུང་ཡང་སྲིད། ཅིའི་ཕྱིར་ཞེ་ན། ཁོང་འཛམ་གླིང་ན་དཀོན་པའི་མི་ཞིག་རེད་ཅེས་འཛམ་གླིང་ཧྲིལ་པོའི་སྨྲ་ཚབ་ཉན་པའི་དེབ་དང་ཡིག་ཚགས་སོགས་སུ་བྲིས་མེད་པས་རེད། ཅི་བཤད་ཀྱང་དགེ་ཆོས་ཀྱི་ཚིག་འདི་ནི་རང་བསྟོད་ཀྱི་ལབ་ཅིག་ཡིན་པ་ལ་ཐེ་ཚོམ་ཅི་ཡང་མེད་མོད་ལབ་རྒྱག་པའི་དུས་ཚོད་ནི་ཅུང་དམིགས་བསལ་བ་ཞིག་ཡིན། དེ་ནི་ཁོང་གཤེགས་ལ་ཉེ་བའི་དུས་ཡིན་པས་ད་ལྟ་འདང་བརྒྱབ་ཀྱང་མི་སེམས་ལ་བརྡབ་གསིག་སློང་བ་ཞིག་ཏན་ཏན་ཡིན། དགེ་ཆོས་མཆོག་གིས་རང་བསྟོད་མང་པོ་བྱས་མྱོང་བ་བཞིན་ང་ཚོས་ཀྱང་རང་བསྟོད་ཁ་ཁེར་རེ་བྱེད་ལས་ཆེ་མོད། དེ་ཆེས་མི་རུང་བ་ཞིག་ཨེ་རེད་དམ།

༨ དགེ་ཆོས་ཀྱི་ལབ་རྒྱག་སྟངས་དེ་རིགས་གང་ལ་གཏོགས་ས་རེད།
མགོ་ནག་བོད་པའི་ལབ་རྒྱག་སྟངས་འདི་ལ་དཔེ་བཞག་ན་བཟའ་ཕོའི་ལབ་ཅིག་དང་བཟའ་མོའི་ལབ་ཅིག་སྟེ་གཉིས་ཡོད། བཟའ་ཕོ་དག་གིས་ནི་སོ་སོ་ལོ་ན་ཆུང་དུས་སུ་བུ་དཔའ་རབས། ཇག་བཅོས་རབས། རྟ་དེད་རབས། བོའུ་འཕངས་རབས་སོགས་བཙན་ཚོད་མེད་ཏག་ཏག་ཅིག་ཟེར་དཔེ། མིག་ཆུ་དང་འབྲེལ་བའི་དོན་དག་ཕལ་ཆེར་མི་གླེང་། དེ་ལའང་། ལྟོགས་ན་ཤ་རུལ་མི་ཟ་བ།། རི་སྤྱང་དར་མའི་ངང་ཚུལ་ཡིན།། སྡུག་ན་མཆི་མ་མི་གཏོང་བ།། སྐྱེས་པ་ཕོ་ཡི་ངང་ཚུལ་ཡིན།། ཟེར་རོ།། དེ་བས་ལབ་རྒྱག་སྟངས་དེ་ནི་གཞན་སེམས་ལ་ཅུང་གནོད་པ་ཞིག་དང་གཞན་གྱིས་དང་ལེན་བྱེད་དཀའ་བ་ཞིག་ཡིན། འོན་ཀྱང་བཟའ་མོའི་ལབ་རྒྱག་སྟངས་ནི་དེ་ལས་ལྡོག་སྟེ་ཁོ་མོས་ཁྱིམ་ཚང་འདིའི་དོན་ལ་སྡུག་རུས་བྱས་ཚུལ། བྱིས་པ་ཚོའི་ཁ་དོན་ཕོ་དོན་ལ་རང་ཉིད་ཀྱི་ཅི་ཞིག་བློས་བཏང་ཚུལ། གུས་མོས་མི་ཚེ་འདིར་སྐྱིད་ཁབ་རྩེ་ཡང་མ་རིག་མོད་ཅེས་མིག་ཆུ་ཤར་ཤར་དང་ཤུགས་རིང་ལྷང་ལྷང་བ་ཞིག་ཡོད། བྱས་ཙང་ལབ་རྒྱག་སྟངས་དེ་ནི་གཞན་གྱིས་ཁས་ལེན་སླ་པོ་དང་གདུང་སེམས་མཉམ་བསྐྱེད་བྱེད་མྱུར་པོ་ཞིག་ཡོད། ཚད་གཞི་དེས་འཇལ་ན། དགེ་ཆོས་ཀྱི་ལབ་རྒྱག་སྟངས་ནི་ཕོ་ཡི་ལབ་རྒྱག་སྟངས་མ་ཡིན་པར་མོ་ཡི་ལབ་རྒྱག་སྟངས་རེད། ངས་རྒྱ་གར་དུ་བོད་མི་རིགས་ཀྱི་ཆེད་དུ་ཁུར་ཙ་རི་བོ་ལྟ་བུ་ཞིག་ཁུར་ཏེ་ལྟ་བུ་དང། རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ་ལྟ་བུ། བོད་ཕྱི་ཐོགས་པ་རྣམས་ཀྱིས་ང་ལ་དཔང་པོ་བྱེད་དགོས་ལྟ་བུ་སོགས་སོ།། དགེ་ཆོས་མིན་རུང་དགེ་ཆོས་ཀྱི་ལས་འདི་བུ་ལྟ་བུ་བྱས་པ་མང་པོ་ཡོད་དེ། ཐུ་མི་ནས་བཟུང་མར་ལ་རྩིས་དང་། དམུ་དགེ་བསམ་གཏན་ནས་བཟུང་ཡར་ལ་རྩིས་དང་། རིགས་ཞེན་ཆེ་བ། ལ་རྒྱ་ཆེ་བ། སྙིང་སྟོབས་ཆེ་བ། སྤོབས་ཆེ་བ་ཅི་འདྲའི་མང་པོ་ཞིག་བྱུང་འདུག་ཨང་། འོན་ཀྱང་ཁོ་ཚོས་བཟའ་ཕོའི་ལབ་རྒྱག་སྟངས་ལྟར་དུ་བརྒྱབ་ཡོད་པ་ལས་བཟའ་མོའི་ལབ་རྒྱག་སྟངས་ལྟར་དུ་བརྒྱབ་མེད་དོ།། ངས་དགེ་ཆོས་ཀྱིས་བཟའ་མོའི་ལབ་རྒྱག་སྟངས་ལྟར་བརྒྱབ་འདུག་ཅེས་དགག་པ་རང་གཏོང་གིན་མེད། དེ་ནི་ཁོང་གི་སེམས་གཤིས་ཤིག་རེད། ཁྱད་ཆོས་ཤིག་ཀྱང་ཡིན་སྲིད། རབ་བྱེད་ཞབས་བཏགས་མ་ཡིན་ནམ་གང་ཞིག་ཏུ་དགེ་ཆོས་ཆུ་ཁ་ཞིག་ཏུ་ངུས་པ་དང་། ཡང་ཁང་ཐོག་ཅིག་ཏུ་ངུས་ནས་ཡུན་རིང་བསྡད་སོང་ཞེས་པ་སོགས་བྲིས་ཡོད། འདི་ནས་ངས་འདི་འདྲ་ཞིག་སྙམ་བྱུང་། བོད་མི་རིགས་ལ་བྱས་རྗེས་ཡོད་མེད་སོགས་ཀྱི་ཆ་ནས་དགེ་ཆོས་ངེད་གཉིས་ཀྱི་བར་ལ་གནམ་ས་ལྟ་བུའི་ཁྱད་པར་ལོས་ཡོད་ཀྱང་། སེམས་ཁ་སྙི་བ་དང་། ངུ་ཁ་སླ་བ་སོགས་ཀྱི་ཆ་ན་འདྲ་ས་ཏོག་ཙམ་ཡང་ཡོད་ཁོ་ཐག་རེད།

༩ དགེ་ཆོས་མཆོག་མཐའ་མཇུག་གཅིན་མ་ཐོང་བར་སྐུ་གཤེགས།
དགེ་ཆོས་ཁོང་གིས“འཁོན་དུ་མི་འཛིན་པའི་གསོལ་བ་ལན་བརྒྱར་བཏབ”ནའང་གོ་ཅི་ཡང་མ་ཆོད་པ་རེད། སྡར་མ་མང་པོས་འཁོན་དུ་བཟུང་། གཡོ་ཅན་མང་པོས་ཇུས་ངན་བཏོན། མཐར་ཁོང་བཙོན་ལ་བཅུག་པ་རེད། འབྱོར་ལྕག་བཞུས་པ་རེད། ལ་ལས་ཟེར་ན་དགེ་ཆོས་ཆང་དགའ་ཡིན་པའི་གཉོམ་ས་དེ་བཟུང་ནས་ཆང་ལ་སྦྲིད་སྨན་བཏབ་ནས་དགེ་ཆོས་ལ་བླུད་པ་རེད་ཟེར། གང་ལྟར་ཁོང་མི་མིན་རོ་མིན་ཞིག་ཏུ་བཏང་བ་རེད། ཆང་གིས་སམ། འདོད་པ་སྤྱད་དྲགས་པས་སམ། སྦྲིད་སྨན་གྱིས་སམ་གསལ་པོ་ཞིག་མི་ཤེས་མོད། མི་རྒན་ཤེར་རྒྱམ་གྱི་ཁ་ལ་གཏད་ཡོད་ན། དགེ་ཆོས་ཚང་གཅིན་མ་ཐོང་བར་རམ་གཅིན་ཁེགས་ནས་ཤི་བ་ཞིག་རེད། འདིར་གྲོངས་སོགས་མི་ཟེར་དོན་ཅི་ཡིན་ཞེ་ན། གྲོངས་ཟེར་བའི་ཞེ་ཚིག་དེ་འདྲ་སྤྱད་ཚེ་མི་ཚོས་ན་ཚ་མེད་པའི་སྣང་བ་བདེ་འབོལ་ལེ་བ་ཞིག་དྲན་སྲིད་མདོག་ཁ། དེ་བས་ངས་བསམ་གཟས་ནས་མ་བཀོལ། གཅིན་མ་ཐོང་བར་རམ་གཅིན་པ་ཁེགས་ནས་ཤི་བ་ནི་ན་ཟུག་བཟོད་ཐབས་བྲལ་བ་ཞིག་ཅིས་ཀྱང་ཡིན་སྲིད། དེང་སང་གི་སྨན་པ་ཞིག་གིས་བལྟས་པ་ཡིན་ཚེ་ཁོང་གི་ནད་དེ་མཁལ་མའི་ནད་རིགས་གང་རུང་ཞིག་གམ་མདུན་ཆགས་གཤེར་རྨེན(前列腺炎)འདྲ་ཡིན་ཨེ་སྲིད་སྙམ། མཚམས་འདིར་ཐོན་དུས་ང་རང་གི་གཅིན་ལམ་ཡང་ཚ་བེར་བེར་བྱེད། ངོ་མ་སྐྲག་ས་ཞིག་རེད།

༢༠༡༥ ༦ ༢༠ ཉིན། ཐོར་བུའི་རྣམ་པར་བརྩམས།
                                              ༢༠༡༥ ༦ ༢༤ཉིན། ཧྲིལ་པོ་གུང་བསྒྲིགས་ཏེ་གཏན་ལ་ཕབ།  

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགེ་ཆོས་ཀྱི་ལྕགས་སྒམ་དེའི་ནང་ན་འདི་ཡང་ཉར་འདུག

2015-06-24 སེང་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།