ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་གྱི་དཔེ་དབྱིབས་གསར་བ་དང་སྨྲ་བརྗོད་གསར་བ།༢

           ལྔ་བ།  ཁྱད་འཕགས་སྒྱུ་རྩལ་དང་སྒྱུ་རྩལ་ཕལ་བའི་བར་གྱི་མཐུན་སྡེབ།
  དེང་རབས་གྲུབ་མཐའི་རྩོམ་མཁན་དག་གིས་ཁྱད་འཕགས་སྒྱུ་རྩལ་བསྙེག་པ་དང་མི་འདྲ་བར། ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་པ་དག་གིས་རྩོམ་རིག་ཕལ་བའི་སྒྱུ་རྩལ་མཚོན་ཐབས་ཀྱིས་སྒམ་བརླིང་གི་སྤྱི་ཚོགས་བརྗོད་གཞི་མཚོན་པ་ལྷུར་བླངས། དེང་སྐབས་བརྡ་འཕྲིན་དང་གློག་ཀླད། བརྙན་འཕྲིན་སོགས་ཁྱོན་ཆེན་པོས་དར་གྱིན་པས་མང་བྱིངས་ཀྱི་རིག་གནས་ཀྱང་ནམ་ཡང་ཕམ་མི་སྲིད་པའི་གོ་སར་གཏད་ཡོད། རྗེམ་སོན་གྱིས༼དེང་རབས་ཕྱི་མའི་རིང་ལུགས་ཀྱི་དུས་སྐབས་སུ་སླེབས་དུས། རིག་གནས་མང་བྱིངས་ཅན་ཏུ་རྨང་ནས་འགྱུར་ཡོད་ལ། ཁྱད་འཕགས་རིག་གནས་དང་རིག་གནས་ཕལ་བ། རྩོམ་རིག་རྐྱང་བ་དང་རྩོམ་རིག་ཕལ་བའི་བར་གྱི་བར་ཐག་ཀྱང་དེར་བསྟུན་སྒོས་ཡལ་འགྲོ་སྲིད༽ཅེས་པ་ལྟར། སྒྲུང་གཏམ་ཕལ་བའི་ཐབས་རྩལ་རྒྱ་ཆེར་སྤྱད་པ་དང་བསྟུན་སྒམ་བརླིང་སྒྲུང་གཏམ་གྱི་འཚོ་གནས་ཁོར་ཡུག་ཀྱང་ཇེ་ཆེར་སོང་སྟེ་མང་ཚོགས་ཀྱི་ཁམས་དང་མོས་པར་འཕྲོད་སྲིད།
  སྒྲུང་གཏམ་ཕལ་བར་ཀོ་ཐེ་སྒྲུང་གཏམ་དང་གསང་མྱུལ་སྒྲུང་གཏམ་། ཉེན་མཆོང་སྒྲུང་གཏམ་། འཆར་ཡན་སྒྲུང་གཏམ་། བརྩེ་དུང་སྒྲུང་གཏམ་སོགས་རྩོམ་ལུས་རིགས་མང་ལ། ལོ་རྒྱུས་རྒྱུན་རིང་བའི་སྒྲུང་གཏམ་སྣ་ཚོགས་ཤིག་ཡོད། དེའི་ཁྲོད་གྲགས་རྩོམ་ཡོད་ལ་ཐལ་རྩོམ་ཀྱང་ཡོད་མོད། དེང་རབས་གྲུབ་མཐའ་ཕྱི་མའི་རྩོམ་མཁན་ཚོས་སྒྱུ་རྩལ་ཐབས་རྩལ་དག་ལས་ལེགས་པའི་ཆ་སྡུད་ལེན་སྒོས་དེར་གསར་གཏོད་ཀྱི་སྲོག་བཅུག་ཏེ་སྤྱི་ཚོགས་ཀྱི་ཁག་ཐེག་ནན་མོ་ཞིག་མནོས་ཡོད།
  ཐོ་ཉིས•མོ་རཱི་སོན་གྱི<<གཅེས་ཕྲུག>>ནང་ཀོ་ཐེ་རྣམ་པའི་སྒྲུང་གཏམ་གྱི་ཐབས་རྩལ་སྤྱད་དེ་ཨ་རིའི་ལྷོ་ཕྱོགས་བསྐྱར་འཛུགས་སྐབས་བྲན་མོ་ཟེ་སུའུ་ཡིས་རང་གི་བུ་མོ་བསད་པའི་གཏམ་རྒྱུད་བྲིས་འདུག གཞུག་ནས་བུ་མོ་ཏན་ཧྥུ་ཡི་རོགས་རམ་འོག་ཟེ་སུའུ་རྒྱུན་ལྡན་ལྟར་འཚོ་བ་རོལ་ཐུབ་པར་གྱུར་ཞིང་གཅེས་ཕྲུག་ཡང་མཐའ་མར་གསང་འཕྲུལ་གྱི་རྣམ་པས་ཡལ་སོང་ངོ་།།
  <<པེ་ལིས· པ་སི་ཀེ་ཐི>>ནང E·L·ཌྷོ་ཁད་ཐྲོ་ཡིས་སྒྲུང་གཏམ་ཕལ་བའི་ཐབས་རྩལ་བཀོལ་བ་ཁྱད་མཚར་བོར་མངོན་ཏེ། སྒྲུང་གཏམ་གྱི་མགོར་མོན་ཐ་གྷེ(Montage)གློག་བརྙན་གྱི་ལྡོག་བརྗོད་ལག་ཐབས་བཀོལ་ཏེ། ནེའུ་ཡོག་གི་ནག་ཚོགས་ཀྱི་ཕུ་བོ་ཟོར་ཚི་ཡིས་མངའ་ཞབས་པ་ཞིག་གི་ཆུང་མ་བཙན་ལེན་བྱ་ཕྱིར་མངའ་ཞབས་པ་དེ་ཉིད་ཆུར་བསྐྱུར་དགོས་པའི་བཀའ་ཕབ་པ་བྲིས་འདུག སྒྲུང་གཏམ་གྱི་བྱུང་རིམ་འཁྲུག་ཆ་དོད་ལ་འཚུབ་སྣང་སྐྱེས་པར་མ་ཟད། སྐབས་རེར་གློག་དམར་ཆེམ་ཆེམ་དང་སྐབས་རེར་ཁྲག་དམར་ཙར་ཙར་བྱས་པས་ཀློག་པ་པོར་དངངས་འདར་སློང་སྲིད། རྩོམ་པ་པོས་མི་སྣ་གཙོ་བོ་པེ་ལིས·པ་སི་ཀེ་ཐིའི་མི་ཚེའི་བརྒྱུད་རིམ་བྲིས་པ་བརྒྱུད། ལོ་རབས༣༠བའི་ནང་གི་ཨ་རིའི་ནག་ཚོགས་ཀྱི་ནང་ཁུལ་གནས་ཚུལ་ཕྱིར་བཀྲམ་སྟེ་དགག་རྒྱག་ཚ་བོ་བཏང་། སྐར་ཆེམ་ཧའོ་ཧྥུ་མན་གཙོ་འཁྲབ་པ་བྱས་ཏེ་སྒྲུང་གཏམ་གློག་བརྙན་དུ་ཕབ་རྗེས་ལྟད་མོ་བ་དག་གི་དགའ་བསུ་རྒྱ་ཆེན་པོ་ཐོབ། ཌྷོ་ཁད་ཐྲོ་ཡིས་སྒྲུང་གཏམ་ཁག་བརྒྱད་ཕུད་པ་ལས་ཁག་ལྔ་གློག་བརྙན་དུ་ཕབ་ཟིན་ལ་གཞན་གསུམ་གྲོས་ཆིངས་བྱེད་སྒང་ཡིན། ཁོ་ནི་ཨ་རིའི་རྩོམ་རིག་གར་སྟེགས་སྟེང་མི་མང་གིས་སྣང་འཇོག་ཆེར་མཛད་པའི་ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་པ་སྐད་གྲགས་ཆོད་པ་ཞིག་གོ
  མི་ནག་རྩོམ་མཁན་ཨེ་ཞི་མེལ·རེ་ཌྷིཡི་སྒྲུང་རིང<<མུན་པོ་ཅུན་པོ>>རུ་གསང་མྱུལ་སྒྲུང་གཏམ་གྱི་དཔེ་དབྱིབས་སྤྱད་ནས་གསང་མྱུལ་སྒྲུང་གཏམ་ལ་འཕྱ་དགོད་བྱས་ཡོད། སྒྲུང་གཏམ་ཁྲོད་ཡེ་ཟི·ཀེ་ལོའི་ལས་འགུལ་ཁྲོད་ཀྱི་གནའ་བོའི་གྷི་རིགས་ཀྱི་རྩོམ་ཆོས་གྲགས་ཅན་བརྗོད་བྱ་བྱས་ཏེ། མི་རྒྱུད་ནག་པོའི་གཞོན་ནུ་ལཱ་པ་སེའི་སྒེར་གྱི་རྩད་ཞིབ་པ་དང་རྟ་བ་ཧིན་ཁེ་བར་མྱུལ་ཞིབ་ཐད་ཀྱི་རྩོད་གླེང་བྱུང་། དབྱི་སི་ལན་པ་ཨ་པུ་ཏར་གྱིས་ཧྥུ་ཏི་རྩོམ་ཆོས་མེར་བསྲེགས། ལཱ་པ་སེའི་སེམས་ཤུགས་མ་མཉམ་པར་ཨ་རིས་ཁོའི་རྩོམ་ཆོས་བསྐྱར་གསོན་འབྱུང་བར་རོགས་བྱེད་པར་སྙམ། ལོ་ངོ་ལྔ་བཅུའི་རྗེས་སུ་ཧྥུ་ཏི་རྩོམ་ཆོས་བསྐྱར་གསོན་འབྱུང་བར་རྟགས་དང་ལྟས་མངོན་ཡོང་བ་བརྗོད་འདུག
          དྲུག་པ།  བྱིས་སྒྲུང་ངམ་ལྷ་སྒྲུང་དང་རྟོག་བཏགས་བར་གྱི་མཐུན་སྡེབ།
 ཡོ་རོབ་གླིང་གི་རྩོམ་རིག་ལོ་རྒྱུས་ཐོག མཱ་ལོ་དང་ཀཱོ་ཏེས་འཇར་མན་གྱི་དམངས་ཁྲོད་གཏམ་རྒྱུད༼ཧྥུ་ཧྲི་ཏི༽དང་། པའེ་ལུན་དང་པུའུ་ལང་ཉཱིན་གཉིས་ཀྱིས་སི་ཕན་གྱི་དམངས་ཁྲོད་གཏམ་རྒྱུད༼ཐང·ཧོང༽བཀོལ་ཏེ་ཟློས་གར་དང་སྙན་ངག་སྲིད་ན་དཀོན་པ་བརྩམས་པས་སྙན་པའི་གྲགས་པ་ཕྱོགས་ཀྱི་བུ་མོའི་རྣ་རྒྱན་དུ་བཞག ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་པ་དག་གིས་ཀུན་གྱིས་ཤེས་པའི་བྱིས་སྒྲུང་དང་གཏམ་རྒྱུད་བཀོལ་ཏེ་སྒྲུང་རིང་གི་གཞི་འགྲུབ་པར་བྱས་ཡོད་པས་ནང་དོན་དང་རྣམ་པ་གང་ཐད་ནས་སྔོན་མ་དག་དང་བར་ཁྱད་ཆེན་པོར་བཏོད།
      ཏོ་ནཱ་ཏི.བྷར་སཱེམ་གྱི་སྒྲུང་རིང<<གངས་དཀར་སྲས་མོ>>(༡༩༦༧)རུ་ལྷོད་བག་གི་སྦྱོར་བཤུའི་ཐབས་བཀོལ་ཏེ་འཇམ་མན་གྱི་རྩོམ་མཁན་ཀི་ལཱེན་གྱི<<གངས་དཀར་སྲས་མོ>>(༡༩༡༨)སླར་མཚོན་བྱས་ཡོད། སྒྲུང་གཏམ་དུ་བྱིས་སྒྲུང་ནང་གི་གངས་དཀར་སྲས་མོ་དང་མིའུ་ཐུང་བདུན་བར་གྱི་མ་གཞིའི་བྱུང་རིམ་སོར་བཞག་བྱས་ཡོད་པ་ལས་མི་སྣ་དང་བྱུང་རིམ་གཞན་དག་འདྲ་བཟོ་འཁྱོག་པོར་བྱས་འདུག སྒྲུང་གཏམ་ནང་གངས་དཀར་སྲས་མོ་ལོ༢༢སོན་འདུག་ཅིང་། ངོ་མདོག་ལ་དཀར་ཤ་དོད་ཅིང་གནག་ཅིང་སྣུམ་པའི་སྐྲ་ལོ་ཕྲག་པར་དཔྱངས་པ། སྐྱེས་གཟུགས་མཐོ་ལ་གདོང་ན་མཛེས་པའི་སྨེ་བ་ཆུང་ཆུང་ཞིག་ཀྱང་ཡོད་པར་བྱས་ཏེ་བྱིས་སྒྲུང་ནང་གི་གངས་དཀར་སྲས་མོ་ཇི་བཞིན་མཛེས་པར་བཅོས་ཡོད། མོ་དང་མིའུ་ཐུང་བདུན་པོ་མཉམ་དུ་འཚོ་བ་རོལ་ཞིང་མིའུ་ཐུང་བདུན་པོས་ཀྲུང་གོའི་བཟའ་བཅའི་བཟོ་གྲྭ་ཞིག་ཏུ་གླ་གཏོང་གིན་ཡོད། ཡུད་ཙམ་ནས་མགོ་བ་པིས་ཨར་གངས་དཀར་སྲས་མོར་ཡིད་སུན་ཞིང་གངས་དཀར་སྲས་མོ་ཡང་ཁྱིམ་འཛིན་མ་བྱེད་པར་ཞེ་ཆད་དེ་ནམ་ཞིག་རྒྱལ་སྲས་ཤིག་གིས་མོ་རང་སྐྱོབ་པར་སྒུག སྒྲུང་གཏམ་ནང་རྗོན་ཞེས་པའི་བུ་མོ་དེས་གངས་དཀར་སྲས་མོའི་མཛེས་པར་ཕྲག་ཏོག་སྐྱེས་ཏེ་མི་ཁ་མང་པོས་གནོད་འཚེ་བསྐྱལ། གཞུག་ནས་རྗོན་པྲ་མོ་ཞིག་ཏུ་གྱུར། པའོ་ལོ་ཡིས་གསང་ཕུག་ཅིག་བཟོས་ཏེ་ཁྱི་གསོ་བའི་འཆར་གཞི་འཐེན། ད་དུང་རྒྱང་རིང་ས་ནས་ཉེན་བརྡ་གཏོང་བའི་མ་ལག་ཅིག་གསར་ཏུ་བཟོས་ནས་གངས་དཀར་སྲས་མོར་ལྟ་རྟོག་བྱས་ཏེ་རང་ལ་འཐོབ་པར་རེ། ཁོ་ནི་ཏག་ཏག་གངས་དཀར་སྲས་མོས་འདོད་པའི་རྒྱལ་སྲས་ཀྱི་སྣང་བརྙན་ཡིན། གཏམ་རྒྱུད་ཀྱི་མཇུག་ཏུ་པའོ་ལོ་ཡིས་རྗོན་གྱིས་གངས་དཀར་སྲས་མོར་གཏད་པའི་ཅེ་པོ་སུའི་དུག་ཆང་ཕོར་བ་གང་བོ་དེ་རང་གིས་བཏུང་བ་བརྒྱུད། ཆང་དུག་ཕོག་སྟེ་འདས། དེ་སྐད་གོ་འཕྲལ་གངས་དཀར་སྲས་མོས་པོའོ་ལོ་ཡི་དུར་སའི་མདུན་དུ་མེ་ཏོག་གི་མཆོད་རྫས་གཏོར་རྗེས་བར་སྣང་དུ་འཕུར་བ་བྲིས་འདུག
བྷར་སཱེམ་གྱིས་ཀི་ལྰེན་བྱིས་སྒྲུང་ལ་རྟོག་བཟོས་བསྐྱར་བྲིས་མཛད་དེ་ཨ་རིའི་དེང་རབས་སྤྱི་ཚོགས་ཀྱི་བྱིས་སྒྲུང་ལས་ལྡོག་པའི་ངོ་བོ་མཚོན་པར་བྱས། གཞུང་རྒྱུད་དྲང་བའི་གངས་དཀར་སྲས་མོའི་བྱིས་སྒྲུང་དང་བསྡུར་ན། རྩོམ་པ་པོའི་ཉེ་འཁོར་དུ་སེམས་ཤུགས་མེད་པའི་རྣམ་ཤེས་ཀྱི་འཁོར་ཚོགས་དང་། རྐྱ་ཆད་སྔོ་གཏུག་གི་འཚོ་བའི་རོ་བྲོ། འཚོལ་སྙེག་གི་རེ་བས་བསྐན་པའི་བསམ་བློའི་མེད་མུག་ཞོ་ལྟར་ཆགས་ཤིང་སྤྲིན་ལྟར་འཐིབས་ཀྱིན་པ་བརྗོད་ཡོད།
  རྩོམ་མཁན་དག་གི་ཁྲོད་བྱིས་སྒྲུང་གྲགས་ཆེན་ཁག་ལས་མ་བཏུས་པར། མི་རིགས་ཀྱི་ཁྱད་ཆོས་འབུར་ཏུ་ཐོན་པའི་ལྷ་སྒྲུང་སྤྱད་ནས་རྩོམ་ཆོས་འགྲུབ་པར་བྱས་པ་ཡང་ཡོད་དེ། ཀྲུང་རྒྱུད་ཨ་རིའི་བུད་མེད་རྩོམ་མཁན་ཐང་ཐིན་ཐིནགྱི《དཔའ་མོ》ཞེས་པར་ཀྲུང་གོའི་ ངག་རྒྱུན་ཁྲོད་ཀྱི་ཧྭ་མོའི་ལན་གྱི་གཏམ་རྒྱུད་ཨ་རི་ཅན་དུ་བྱས་དེ། ནུབ་ཕྱོགས་རིག་གནས་ཀྱི་གདོང་གཏུག་དང་ཀྲུང་རྒྱུད་མིའི་སེམས་ཁམས། ད་དུང་ཀྲུང་གོའི་སྤྱི་ཚོགས་རྙིང་བའི་བུད་མེད་ཚོའི་དཀའ་སྡུག་མཚོན་འདུག དེ་ལས་རིག་གནས་ལས་བརྒལ་བའི་རྩོམ་ཆོས་རང་རྐྱ་ཅན་དུ་གྲུབ་ཡོད་པས་ཨ་རིའི་ཀློག་མཁན་དག་གི་དགའ་བསུ་དང་ཡིད་འཇོག་ཐོབ་ཡོད་དོ།
           བདུན་པ། སྒྲུང་གཏམ་དང་བྲིས་རིས་སམ་རོལ་མོ། སྨྱན་མང་གཟུགས་བར་གྱི་མཐུན་སྡེབ།
 དུས་རབས༢༠བའི་ལོ་རབས༧༠ནས༨༠བ་ནི་དྲ་བའི་རིག་གནས་འཕེལ་རྒྱས་ཆེས་མགྱོགས་པའི་དུས་སུ་འཁེལ་འདུག་ཅིང་། རིག་སྟོབས་ཀྱིས་ཟིན་པའི་རྩོམ་པ་པོ་མང་པོས་སྒྲུང་གཏམ་དང་བྲིས་རིས་སམ་རོལ་མོ། ལྷག་ཏུ་བཀོལ་རྒྱ་ཆེས་ཆེར་ཟིན་གྱིན་པའི་སྨྱན་མང་གཟུགས་དང་མཐུན་སྡེབ་སྒོས་དེང་རབས་གྲུབ་མཐའ་ཕྱི་མ་ལས་ཀྱང་ཕྱི་མར་གཏོགས་པའི་སྒྲུང་གཏམ་མང་དུ་གསར་རྩོམ་བྱས། དེ་དག་ལས་ཆེས་སྐད་གྲགས་ཆོད་པ་ནི་བུད་མེད་རྩོམ་པ་པོ་ལའོ་རིས·ཨན་དྷེ་སོནརེད།
 ལའོ་རིས·ཨན་དྷེ་སོན་ནི་སྒྲུང་གཏམ་མཁན་ཞིག་ཡིན་པས་མི་ཚད་ད་དུང་འཁྲབ་སྟོན་པ་དང་རི་མོ་མཁན། པར་བརྡབས་མཁན་དང་གདངས་རྩོམ་མཁན་ཞིག་ཀྱང་ཡིན། <<དམག་འཁྲུག་ནི་དེང་རབས་སྒྱུ་རྩལ་གྱི་ཆེས་མཐོའི་རྣམ་པ་ཞིག་ཡིན>>ནི<<དབང་རྩའི་གསུང་རབ>>ཁྲོད་ཀྱི་གྲགས་རྩོམ་ཞིག་ཡིན་ལ། དེར་རྩོམ་པ་པོས༡༩༩༡ལོའི་མཚོ་འགག་དམག་འཁྲུག་ཁྲོད་རང་ཉིད་ཀྱིས་གློག་རྡུལ་མཁོ་དངོས་དག་འཁྱེར་ནས་དབུས་ཤར་ས་ཁུལ་དུ་འཁྲབ་སྟོན་དུ་ཆས་པའི་གཏམ་རྒྱུད་ཡིད་འགུལ་ཐེབས་པའི་ངང་བྲིས་གནང་མཛད་འདུག ཡི་གེའི་ལོགས་སུ་རང་ཉིད་ཀྱིས་བྲིས་པའི་འཕུར་བཞིན་པའི་མདེལ་དབྱུག་གནམ་གྲུ་གཅིག་དང་ཕྲག་པར་མེ་ཤུགས་འཕུར་མདའི་བོའུ་རིང་འཁུར་བའི་དམག་མི་ཞིག འགད་རྫས་གས་གཏོར་རྗེས་ཀྱི་དུ་ཞགས་དང་འགད་རྫས་མཚན་མོར་བཀད་རྗེས་ཀྱི་མེ་འོད་སོགས་རི་མོ་བཞི་བཞག་འདུག རི་མོ་བཞི་བོ་དང་ཡི་གེའི་བསྟན་བྱ་དག་ངོས་མཉམ་གཅིག་གི་སྟེང་གཞི་གྲུབ་ངང་གནས་ཡོད་པས་ཀློག་པ་པོར་ཡིད་ལ་འཇུག་བདེ་བོ་དང་བློ་ལ་ངེས་བདེ་བའི་བརྩེ་བས་འཁྱུད་པར་བྱས།
   དེ་ཙམ་མ་ཟད། ལའོ་རིས•ཨན་དྷེ་སོན་གྱིས་གོང་གི་སྒྲུང་ཐུང་གར་སྟེགས་སྟེང་སྤར་ཏེ། འབྲེལ་ཡོད་ཀྱི་རྒྱབ་ལྗོངས་བརྙན་རིས་དང་རྒྱབ་ལྗོངས་རོལ་དབྱངས་ཁྲོད། རང་ཉིད་ཀྱིས་གར་སྟེགས་སྟེང་ནས་དངོས་སུ་གྱེར་འདོན་བྱེད་ཅིང་། སྐད་གདངས་ཀྱི་མཐོ་དམན་ལྟར་ཉན་པ་པོར་སེམས་ཚོར་ཅི་རིགས་བསྒོས་ལ། ཉན་པ་པོའི་སེམས་བྱུང་ཀྱང་གློག་རྡུལ་རོལ་མོའི་ཀྱ་ཀྱུའི་འགྲོས་དང་བསྟུན་ཏེ་ལྷིང་འཇགས་ཡིན་པ་ནས་མིན་པ། སླར་ཡང་ལྷིང་འཇགས་སུ་བཅུག་པ། འཚུབ་སྣང་ནས་འཇིགས་སྔངས། རིམ་པར་འབོལ་བདེ་ནས་ཁ་མཚར་གྱི་ཀློང་དུ་བསྐྱོད་པར་བྱེད། མོའི་འཁྲབ་སྟོན་ལ་ལྟད་མོ་བ་ཚོའི་ཡིད་འཇོག་ཐོབ་ཅིང་མི་ཚོས་ཁོ་མོ་རྩོམ་ལུས་ལས་བརྒལ་བའི་སྒྱུ་རྩལ་གྱི་འཇོན་མི་ཞིག་ཏུ་འདོད་ལ། གསར་གཏོད་ཀྱི་བློ་གདེངས་མཐོ་བའི་དེང་རབས་གྲུབ་མཐའ་ཕྱི་མའི་རྩོམ་མཁན་འཁྲུལ་མེད་ཅིག་ཏུ་བསྔགས།
  གཞན་བོན་ནེ་གྷི་ཐ་ཡི<<མཁན་པོའི་ནངས་ཚིགས>>ཞེས་པར་རྩོམ་པ་པོ་རང་གིས་བྲིས་པའི་ཁན་འབྱར་དང་ཨ་རིའི་རྒྱལ་དར། བུད་མེད་ཚོའི་འདོམ་དཀྲིས། འཁྱག་དར། གདོང་འབག བོའུ་ཐུང་། ཀྲུང་གོའི་སྤར་ཁའི་རི་མོ། ཀུ་ཤུ། མིག་ཤེལ། སྦྲུལ། སྐྱུ་རུའི་སྤོ་ལོ། ཤུན་ལྐོགས་ཅན་གྱི་འབུ། ལུ་གུ ཁབ་མགོ ལམ་རྟགས། འགྱིག་རིས་སོགས་རིས་དབྱིབས་བཅུག་ཡོད་ལ། རིས་དབྱིབས་འདི་དག་སྤྱིར་བཏང་གི་རིས་དབྱིབས་དང་མི་འདྲ་བར་འདི་ཚོ་ཏག་ཏག་ཡི་གེའི་ལྷུག་བརྗོད་དང་ཆར་བ་ཆུ་གྲོགས། ཉི་མ་མེ་གྲོགས་ལྟ་བུར་སོན་པར་བྱས། བོན་ནེ་གྷི་ཐ་ཚན་འཕྲུལ་དང་རྟོག་བཟོ་མཐུན་སྡེབ་ཀྱི་དཔེ་དབྱིབས་སྤྱད་དེ་ཟུར་ཟ་དང་ཁ་མཚར་གྱི་མཐུ་ནུས་བོགས་ཐོན་པར་བྱེད་རྒྱུར་དགའ་བ་ཇི་བཞིན། བར་བཅུག་ཏུ་བཀོད་པའི་རིས་དབྱིབས་འདི་དག་གིས་ཏག་ཏག་རྩོམ་ཧྲིལ་བོར་གསེར་རྒྱན་སྟེང་གཡུ་ཕྲ་བཏབ་པ་ལྟ་བུའི་བྱེད་ནུས་ཐོན་ཡོད་དོ།

             གཉིས།
  ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་མཁན་དག་གིས་གོང་གི་དཔེ་དབྱིབས་གསར་མའི་བེད་སྤྱོད་ཁྲོད་དེར་མཐུན་གྱི་དོན་བརྗོད་སྨྲ་བརྗོད་ཀྱང་མི་འདྲ་བ་སྤྱད་ཡོད་དེ། ཁོ་ཚོས་རྩོམ་ཆོས་བློ་བཟོ་བྱེད་ཀྱིན་པའི་སྐབས་སྐད་ཆའི་གདམ་གསེས་ཀྱང་དུས་ཚོད་དང་ས་གནས། ཁོར་ཡུག་དང་མི་སྣའི་འགྱུར་ལྡོག་ཁྲོད་ཐོལ་བྱུང་གིས་གྲུབ་པ་ཞིག་ཡིན། བར་ཁྱད་རང་བཞིན་གྱི་འཚོལ་སྙེག་དང་སྣ་མང་རང་བཞིན་གྱི་འཛིན་སྐྱོང་། ཇི་མི་སྙམ་པའི་དགག་སྒྲུབ་ཀྱི་རྣམ་པས་སྤྱི་ཚོགས་གནད་དོན་ལ་བཟུང་བའི་ལྟ་སྟངས་དེ་བརྩེ་མེད་དང་ཟུར་ཟ། རྩེད་དགོད་དང་ཧབ་ཆའི་རྣམ་འགྱུར་གྱིས་མཚོན་འདུག སྨྲ་བརྗོད་འདི་དག་སྐབས་རེར་བརྡ་སྤྲོད་དང་མི་མཐུན་པ། བརྡ་དོན་དང་ཡ་འགལ་དུ་སོང་བ། ཚིག་དུམ་ཁ་མི་ཚང་བ། དུམ་མཚམས་གོ་འཆོལ་བ། ཐ་ན་ཚེག་ཤད་དང་ཆེ་འབྲི(དབྱིན་ཡིག)སོགས་མེད་པ། ཡི་གེས་རིས་དབྱིབས་བསྒྲིགས་པ་སོགས་ཡི་གེའི་རོལ་རྩེད་ཀྱི་ཆ་དང་ཡང་ལྡན་ཚུལ་ཐད་ཨ་རིའི་དགག་སྒྲུབ་མཁན་ཧྭ་སང་གིས༼དེང་རབས་ཕྱི་མའི་རིང་ལུགས་ཉིད་སྤྱི་ཡོངས་ཅན་དང་རོལ་རྩེད་ཅན། གནས་སྤོར་དང་གཏན་ཁེལ་མ་ཡིན་པའི་རྣམ་པར་འགྱུར་གྱིན་པ་རེད། དངོས་དོན་ཐོག་ཁོག་སྟོང་རིང་ལུགས་ཀྱི་ཤན་ཡང་འདྲེས༽ཞེས་པ་ཚད་མའི་གཏམ་དུ་འཁུམས་སོ།།
  སྒྲུང་གཏམ་སྔོན་མ་དག་གི་དོན་བརྗོད་སྨྲ་བརྗོད་དང་བསྡུར་ན། ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་ལ་གཤམ་གྱི་སྨྲ་བརྗོད་གསར་བ་འདི་དག་ཡོད་དེ།
          དང་པོ།  རྩོམ་ལུས་ལས་བརྒལ་བའི་ཟུར་ཟའི་སྨྲ་བརྗོད།
  སྒྲུང་གཏམ་གྱི་ནང་དུ་སྙན་ངག་དང་ཟློས་གར། མི་སྣའི་ཁ་བརྡ་ཡོད་པ་མ་ཟད། ད་དུང་སྲིད་དཔྱོད་སྐོར་གྱི་བཤད་གཏམ་ཀྱང་འདུས་ཏེ། <<མང་བྱིངས་ཀྱི་ཁོང་ཁྲོའི་མེ་ལྕེ>>ཞེས་པར་སྒྲུང་གཏམ་གྱི་དོན་བརྗོད་སྨྲ་བརྗོད་ལས་གཞན་ད་དུང་སྙན་ངག་དང་གླུ་གཞས། དྲས་ཤོག བརྡ་ཁྱབ། གཞས་གཏོང་ཟློས་གར་ཐུང་ངུ་། ཨེ་སིན་ཧོ་བེར་དང་བཙོན་མའི་བར་གྱི་ཁ་བརྡ་སོགས་ཀྱང་འདུས། དེ་ལས་ཀྱང་ཡིད་དབང་འཕྲོག་པ་ནི་དོན་བརྗོད་པ་ཉི་ཁེ་སུང་གིས་ཉེའུ་ཡོག་དུས་ཤོག་ཐང་ཆེན་དུ་ལའོ་སིན་པའོ་བཟའ་ཟླ་གཉིས་ལ་ཁྲིམས་ཐག་གཅོད་པའི་འདུ་ཚོགས་སྟེང་གི་གཏམ་བཤད་དེ། ཁོས་ཤུགས་ཆེན་པོས༼ཨ་རིའི་ཆེད་དུ་དོར་མ་ཕུད༽དགོས་པར་སྐད་འབོད་བྱས། ཁོས༼ད་ནི་ངེད་རྒྱལ་ཁབ་ཀྱི་ཆེད་དུ་སྐྱེས་འབུལ་གཏོང་བའི་དུས་ཚོད་ལ་ཐོན་ཐལ། ངས་ཁྱེད་ཚོར་རྒྱལ་དམངས་སྙིང་སྟོབས་བསྐྱེད་པའི་གསོ་སྦྱོང་ལ་མགོ་འཛིན་བྱ། འཛམ་གླིང་ཡོངས་ལ་འགན་ཁུར་བའི་ཆེད་དུ། ང་ཚོར་འདི་ལྟ་བུའི་དམ་ཚིག་མཁོ། འདི་ནི་རླབས་ཆེ་བའི་དམིགས་འབེན་ཞིག དམིགས་འབེན་འདི་མངོན་འགྱུར་བྱ་ཕྱིར། འདིར་འདུས་ཀྱི་མི་ཡོད་ཚད་སྔོན་དུ་ནུར་ནས། ད་ལྟ།_མྱུར་བ་མྱུར་དུ_ཨ་རིའི་ཆེད་དུ་དོར་མ་ཕུད།༽
……
༼འདི་ནི་རང་མདངས་བསྟན་པ་ཁོ་ན་རང་རེད༽ཁོ་ཚོས་འུར་བརྒྱབ
༼དཀོན་མཆོག་དང་རྒྱབ་ཁབ་ཀྱི་ཆེད་དུ་དོར་མ་ཕུད༽
༼ཡེ་སུའུ·ཡེ་ཤུའི་ཡི་ཆེད་དུ་དོར་མ་ཕུད༽
༼མིའི་རིགས་ཡོངས་ཀྱི་དོན་དུ་དོར་མ་ཕུད༽
༼ལག་ལེན་ལས་སྟོང་བཤད་བརྒྱབ་པ་མིན༽
༼ཏཱི་ཁེའི་ཆེད་དུ་དོར་མ་ཕུད༽
……
  ༼ང་ལ་དམ་ཚིག་བརྟན་པོ་ཡོད༽ངས༼འདི་འདྲའི་རྒྱལ་གཅེས་བསམ་བློ་དང་། རྒྱལ་ཁབ་ལ་འདི་འདྲའི་བློ་དཀར་བ་ཡིན་ན། ང་ཚོའི་ཨ་རིའི་རྨི་ལམ་ནམ་ཡང་ནུབ་མི་སྲིད། འདི་ལྟ་བུའི་སྙིང་སྟོབས་ལ་བརྟེན། ང་ཚོས་རྨི་ལམ་ཚང་མ་མངོན་འགྱུར་བྱས་ཆོག༽ཅེས་སྐད་མཐོན་པོས་བཤད།
 མི་མང་གི་སྔོན་ནས་དོར་མ་ཕུད་པ་ནི་ཐ་ཤལ་གྱི་བྱ་སྤྱོད་ཅིག་ཡིན་མོད། རྩོམ་པ་པོས་འདི་དང་ཉི་ཁེ་སུང་གི་གཏིང་གསལ་སྒམ་བརླིང་གི་གཏམ་བཤད་གཉིས་གཞི་གཅིག་ཏུ་བཞག་སྟེ། རླབས་ཆེ་བའི་ཆབ་སྲིད་སྨྲ་བརྗོད་དང་ཐ་ཤལ་བའི་བྱ་སྤྱོད་གཉིས་གཞི་བྱས་པའི་ཨ་རིས་ཉེས་མེད་ཀྱི་ཚན་རིག་པ་ལའོ་སིན་པཱོ་བཟའ་ཟླ་གཉིས་ལ་གོད་ཆག་བཟོས་སོང་བར་ཧབ་དགོད་མཚང་འབྱིན་བྱས། སུན་འབྱིན་ཀྱི་ཤུགས་གནད་ལ་འཁེལ་ཞིང་དོན་ལ་འཇུག་པ་ཞིག་ཏུ་བཏང་ཡོད།
          གཉིས་པ།  མི་སྣའི་ཁ་བརྡ་ཐད་ཀར་དྲངས་པ་ལས་གྲུབ་བའི་དོན་བརྗོད་སྨྲ་བརྗོད།
 སྒྲུང་གཏམ་གྱི་དོན་བརྗོད་སྨྲ་བརྗོད་ནི་མི་སྣའི་ཁ་བརྡ་དེ་ཉིད་ཐད་ཀར་འདྲེན་པའམ་བརྒྱུད་ནས་འདྲེན་པ། ཡང་མིན་ན་རྩོམ་པ་པོའི་ལྷུག་བརྗོད་དང་ཞིབ་འབྲི་ཡིས་གྲུབ་པ་ཡིན་མོད། འོན་ཀྱང་ལྦེ་ལྰེམ·གྷ་ཏིསསྒྲུང་རིང《ཏཱ་ཧིན་ཆུང་བ》ནི་མི་སྣའི་ཁ་བརྡ་ཐད་ཀར་དྲངས་པ་ལས་གྲུབ་པ་ཞིག་ཡིན། འདི་ལྟ་བུ་ཨ་རིའི་སྲོལ་རྒྱུན་སྒྲུང་གཏམ་ཁག་ལས་མང་པོ་མཐོང་དུ་མེད།
   <<ཏཱ་ཧིན་ཆུང་བ>>(༡༩༧༥)མགོ་བརྩམས་མ་ཐག༼སྒོར་མོ༽ཞེས་པའི་ཡིག་འབྲུ་ཞིག་འབུར་ཚུགས་སུ་ཐོན་པར་བྱས། མི་སྣ་གཙོ་བོ་ཏཱ་ཧིན་ཆུང་བ་ནི་ལོ་ན༡༡སོན་པའི་སློབ་ཆུང་སློབ་མ་ཞིག་ཡིན། ཁོས་སློབ་གྲྭའི་སློབ་གསོའི་ཟུར་མང་པོ་ནས་ཨ་རིའི་ཀུང་ཟི་ཆེ་ཁག་དག་གི་དངུལ་ལོར་རྒྱུགས་ལམ་ནི་མགོ་སྐོར་གཏོང་སྤྱད་ཅིག་ཡིན་པ་ཤེས། ཁོས་སློབ་ཆུང་ཁྱམས་རའི་ནང་གི་དོང་ཙེ་གཡུགས་སའི་ཁ་པར་ཞིག་ལས། བརྡ་ཁྱབ་ལྟར་མགོ་བདེ་གླགས་ཚོང་བརྒྱབ་པས། རིང་བོར་མ་སོན་པར་རྒྱལ་ཁ་ཐོབ་སྟེ་རྒྱལ་ཁོངས་བརྒལ་བའི་ཀུང་ཟི་ཆེན་པོ་ཞིག་བཙུགས། མཆོངས་ཐེངས་གཅིག་གིས་ཨ་རིའི་ཁེ་ལས་པ་རྩེ་གྲས་སུ་གྱུར་ཅིང་། ཚོང་ཟོག་དབོར་འདྲེན་དང་སྨན་རྫས། ཤིང་ཆ། ཞུགས་འབུལ་སོ་ཕག འགྱིག་ཤུབས་སོགས་ཚོང་ཟོག་བརྗེ་རེས་ཀྱི་བྱ་བ་གཉེར། མི་མང་ཆེ་བ་ཏཱ་ཧིན་ཆུང་བའི་རྟོག་བཏགས་རྒྱལ་ཁམས་སུ་ཞུགས། ཏཱ་ཧིན་ཆུང་བ་སྲང་དུ་མྱུལ་གྱིན་པའི་སྐབས། གནམ་གཤིས་གློ་བུར་ཏུ་འགྱུར་སོང་། ……
སྒྲུང་གཏམ་གྱི་མགོ་འདི་བཞིན་ཏེ།
_ སྒོར་མོ།
_ ཨོ་ལེད།  སྒོར་མོ།
_ སྒོར་མོ་མཐོང་མྱོང་མེད།
_ ང་ཚོ་ཤར་ཕྱོགས་སུ་ཡོང་རྗེས་ད་བཟོད་སྒོར་མོ་མཐོང་བ་རེད།
_ ང་ཚོས་ཐེངས་དང་པོར་མཐོང་བས། བལྟས་ཚོད་ཀྱིས་ཚོར་བ་གསར་བ་རེ་སྟེར་ཡོང་མོད། དོན་དུ་རྒྱུ་མཚན་མི་འདུག
_ ཁྱོད་དེར་རིན་འབབ་པར་ཡིད་མི་ཆེས་སམ།
_ ཨ་ཕས་རང་གི་སྒོར་མོ་འགའ་བཀོལ་རྗེས་ད་བཟོད་ཡིད་ཆེས་པ་བྱུང་།
     སྒྲུང་གཏམ་གྱི་བརྗོད་གཞི༼སྒོར་མོ༽འི་སྟེང་ཁེལ་འདུག་པ་དཔེར་ན་སྒོར་མོ་བཙལ་བ་དང་སྒོར་མོ་བླངས་པ། སྒོར་མོ་གཡོ་ལེན་དང་རྒྱུ་ཐོག་ཏུ་བརྒྱབ་པ་ལྟ་བུ། མི་སྣའི་བར་གྱི་ཁ་བརྡ་དེ་ཐད་ཀར་སྒྲུང་གཏམ་གྱི་དོན་བརྗོད་སྨྲ་བརྗོད་དུ་དྲངས་ཡོད། རྒྱུ་མཚན་ནི་ཚོང་ལས་སྟེང་གི་རིན་གོང་འཕར་ཆག་ཚང་མ་དོང་ཙེ་གཡུགས་སའི་ཁ་པར་འཕྲུལ་ཆས་ལས་ཐོན་པའི་སྒྲ་ཡིན་པས་ཁ་སྐད་ཅན་ཏུ་གྱུར་ཡོད། དཔེ་ཆའི་ནང་ད་དུང་ཆབ་སྲིད་སྐད་ཆ་བཅུག་ཡོད་ལ། དེ་ཉིད་ཙུང་ཐུང་སྔོན་མ་ལིས་ཀིན་དང་བྷུ་ཞི་རྒན་པའི་བརྡ་སྤྲོད་ཀྱི་ལུགས་མེད་པའི་གཏམ་བཤད། ཙུང་ཐུང་སྔོན་མ་ཁི་ལེ་ཏུན་གྱི་བརྡ་སྤྲོད་ཀྱི་ལུགས་མེད་པའི་ཁ་བརྡ་དང་ཆ་འདྲ་བོར་བཟོས་འདུག ད་དུང་སྙན་སྒྲོན་པ་དང་གསར་འགོད་པ། ལེ་ཚན་མདོ་འཛིན་པའི་བརྙན་འཕྲིན་སྐད་ཆ། དངུལ་རྩ་དང་ནོར་སྲིད་ཀྱི་བརྡ་ཁྱབ་སྐད་ཆ། རྒྱུགས་ཆེའི་གླུ་གཞས་སོགས་མཐོང་རྒྱུ་ཡོད་པས། དེང་རབས་གྲུབ་མཐའ་ཕྱི་མའི་སྒྱུ་རྩལ་གྱི་རོ་བྲོས་ཀུན་ནས་ཕྱུག་པར་མཛད་ཡོད་དོ།།
 
                 ༼བྱམས་ཕྲུག་གིས་བསྒྱུར༽
 
              (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་གྱི་དཔེ་དབྱིབས་གསར་བ་དང་སྨྲ་བརྗོད་གསར་བ།༢

2014-01-12 ཡང་རེན་ཅིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།