བྱམས་ཕྲུག་གི་སྙན་ངག་ཁག་ལྔ།

བྱམས་ཕྲུག༼ པེ་ཅིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-11-05

           ཞོགས་གསར་སྙན་ངག

ནམ་ལངས་སོང་།
ཁ་ཏྭའི་ཨག་སྐད་ད་དུང་ཡང་ཆད་རྒྱུ་མི་འདུག
རྨི་ངན་དག་བྲོས་ནས་ཕྱོགས་སུ་འཐོར་ཞིང་།
མུན་རུབ་དུས་སླར་ཡང་ཧྲིལ་གྱིས་མནན་མི་ཡོང་ངམ་སྙམ།

བུ་མོ་ཆུ་ཟོ་འཁུར་མཁན་དེའི་རྒྱབ་གཟུགས་ཁོ་ནས།
མཁའ་མཐའི་སྤྲིན་པ་མེར་རེར་བསྲེགས་པས་སྐར་མའི་གློ་སྙིང་དྲེག་པས་བཟུང་།
གྱང་སྟེང་གི་བ་མོར་དེ་འདྲའི་ཞེད་དོན།
བྱིས་དུས་ཀྱི་སྐར་ཆ་རེ་རེ་དྲན་པས་ཡིན་ནམ།
ཐལ་རྡུལ་རྣམས་རེ་ཞིག་འབྱམས་ཤིང་འཇགས་པར་གནས་ན་ཡང་།
བྱིས་པ་ཚོའི་མགྲོན་བུ་རྨང་ནས་བཏོག་སོང་བ་སུ་ལ་ཡང་གསང་ཐབས་བྲལ།

ཉི་ཟེར་བརྒྱབ་དུས་གྲིབ་མས་ནུབ་ཏུ་བརྐྱངས་ཕྱག་འཚལ།
ངས་སུ་ཞིག་མྱུར་མོར་བཤེགས་འགྲོ་བར་བལྟས་ནས་བསྡད།
སྲིད་པའི་འཁོར་ལོ་མི་ཚོགས་ཀྱི་རླབས་ཀྱིས་དེད་པས།
ཞོགས་གསར་ནི་གཏོས་ཆེ་བའི་བཟོ་གྲྭ་ཞིག
ཁང་ཀླད་ཀྱི་དུ་ཞགས་ཀྱ་ཀྱུ་ཡང་དངངས་ཤིང་གཞན་དུ་བྲོས།

ཀྱེ་མ་ཀྱེ་ཧུད།
མཚན་གང་གི་ཡུན་ལ་ལྷས་འདབས་སུ་གོད་ཁ་ལྷགས།
སྙིམ་པ་བྲང་ལ་སྦྱོར་ཁ་མ་དེར།
ཚན་ཁ་འབར་བའི་སྨན་རྩྭ་དེ་ཚོར་ཆགས་པ་སྐྱེས་ཤིང་།
སྨྱོ་ནད་ཅན་གྱི་བུ་མོ་དེའང་ངང་གིས ངང་གིས་དྲན

           བཞིན་སྒྲ་དུ་མ་ཅན།
                       —«སྡོང་བོ་འཛུགས་མཁན»ཞེས་པའི་སྒྲུང་གཏམ་ལ་བལྟས་རྗེས།

འཁྲི་ཤིང་གི་སོར་མོ་བ་གམ་གྱི་སྒལ་བར་འཁྲིལ་བ་བཞིན།
ཏ་ལའི་ལོ་མར་བདེན་གཉིས་ཀྱི་འཕོང་རྐུབ་བཞག་པ་བཞིན།
སྤུ་གྲིའི་དབལ་ཁ་མིག་གི་རྒྱལ་མོའི་སྲབ་སར་དཀག་པ་བཞིན།
ཕ་ཡུལ་གྱི་བཀོད་པ་ཁང་མིག་འདིའི་ཆེ་སར་བབས་པ་བཞིན།
རྫི་མའི་ཟམ་ཆེན་ལས་སྨིག་རྒྱུའི་གྲོང་ཁྱེར་སྤྱན་དྲངས་པ་བཞིན།
བ་ཀུ་ལས་མཛེས་མའི་རྐང་གདུབ་ཟུར་མིག་གིས་བསླུས་པ་བཞིན།
མིག་ལན་དུ་སོ་དཀར་ལྤགས་པའི་འཛུམ་མདངས་བསྟབས་པ་བཞིན།
མར་རྩམ་དང་བསང་གསུར་ཁྲབ་རྨོག་དང་འཕུར་མདར་གྱུར་བ་བཞིན།
མཚན་མོའི་ཞལ་ཁེབས་སྐྱ་མདས་འབྱེད་ཙམ་འབྱེད་ཙམ་བྱས་པ་བཞིན།
བདུད་བྷེའི་ཨ་ཞང་ལོ་ལོ་སྒྲ་སྡུད་འཁོར་ལོའི་དུང་ཤུབས་ལས་བུད་པ་བཞིན།
འཆི་ཁའི་ཉིན་ཐ་མར་གཤིན་རྗེའི་ཆོས་རྒྱལ་ཆང་རག་གིས་བད་སོང་བ་བཞིན།
མཆོད་རྟེན་ལས་གྲིབ་གཟུགས་དང་གྲིབ་གཟུགས་ནས་རང་སེམས་དོད་པ་བཞིན།
གསེར་སྦྲང་གིས་གཡུ་སྦྲང་རྒྱལ་བའི་གསར་བརྗེའི་གླུ་དབྱངས་ཐོས་པ་བཞིན།
བར་དོའི་འཕྲང་ནས་ཉིང་མཚམས་སྦྱོར་བའི་ལྟག་སྒོ་མང་དུ་རྙེད་པ་བཞིན།
གདོང་པད་མ་ལྟར་གས་པ་དར་དམར་གྱིས་ཡང་ཡང་བཙེམས་པ་བཞིན།
ལྷས་འདབས་སུ་སྒོ་ཕྱུགས་ཀྱིས་བཙས་པའི་དབྱར་ཁ་བསྐྱིལ་བ་བཞིན།
སྒོ་འགྲམ་གྱི་ཁྱོ་གས་བུས་པའི་ངུ་ངག་འཛུམ་ཀོང་དུ་བསྙལ་བ་བཞིན།
མི་ལ་རས་པས་ལྷོ་བྲག་མར་བ་ཕུལ་བྱུང་གི་རྒྱན་དུ་བཅུག་པ་བཞིན།
སྤྲང་ཚོགས་ཀྱི་གཙོ་བདག་ཛམ་བྷ་ལས་ཐུགས་ལ་བཟུང་བ་བཞིན།
རཱོ་སི་སད་དུས་ཅེ་ཁེའི་གསེར་མིག་ཧྲིལ་གྱིས་མཐོང་བ་བཞིན།_
ཆར་བའི་ལག་ཟུང་ལྗང་མྱུག་གི་འདོམ་དུ་བཞུར་བ་བཞིན།
སྣག་ཤོག་ཉི་འོད་ཀྱིས་གསལ་བ་བཞིན་བཀྲག་པར་གྱུར།
                                   མཚན་གུང་ཞིག་ལ།

           གྲོག་སྦུར།

གཉིད་ལོག་རྒྱག་ཐེངས་དེར།
སྦུར་ནག་ཅིག་མིག་ལ་ཐོགས་པས་བློ་ཁ་མི་བདེ་བར་བྱས།

ཁང་བའི་གྲུ་ཟུར་ནས་བུད་དེ།
མགོ་བོ་མྱུག་ཙམ་མྱུག་ཙམ་བྱས་ཤིང་།
རྩིག་ལྡེབས་བརྒྱུད་ནས་ཧར་རེར་མདུན་དུ་བརྒྱུགས།
ལམ་སེང་གོམ་མཚམས་བཞག
གཡས་སུ་གོམ་ལྔ་རྒྱབ་ཏུ་གོམ་གསུམ།
གྲག་འགུལ་ལ་ཉན་ཞིང་སླར་ཡང་སྐྱིབས་སར་བརྒྱུགས།

ཁང་མིག་ནི་མི་གཅིག་གི་ཤོང་ཚད་ལས་མེད་ཀྱང་།
ཁོའི་སྣང་ངོར་དེ་ཉིད་ཁམས་གསུམ་གྱི་འཇིག་རྟེན་ལས་མ་འདས།
ཅི་ཙམ་བརྒྱུགས་ཀྱང་དམིགས་ས་ཞེས་ཚད་ཅིག་མེད་པས།
འཚོ་བ་ཡང་འཆི་བའི་ཕྱིར་དུའོ།
སྟབས་ཉེས་ན་ཕྱིར་བཟློག་སའི་ལམ་ཡང་འབོར་སྲིད།

གླགས་དང་བསྡོངས་ནས་ཁུ་ཁྲག་འདྲེས་པའི་སྐྱུར་རྩི་དེ་གཞིབས་ཤིང་།
བདེ་བ་ཉི་ཚེ་བ་རྭ་ཅོའི་གཡུགས་སྟངས་ལས་བསྟན།
རེ་དོགས་ཀྱི་མིག་ཟུང་མཐའ་འཁོར་དུ་འཕེན་ཐེངས་རེར།
ངས་ཁོའི་དངངས་སྐྲག་དང་དོགས་གཟབ བདག་འཛིན་སོགས་མཐོང་ཞིང་།
བར་ཆད་མི་བཟོ་ཕྱིར་སྙིང་ལྡིང་བའི་ཚད་ཀྱང་བཀག

བར་དོ་ནས་ངས་གྲོག་སྦུར་དེ་ཡིད་ལ་འཁོར་ཞིང་།
ངུ་རྒྱངས་ཐེངས་ཤིག་ཀྱང་ཤོར།

           ༢༠༡༢ལོའི་བྲིས་རིས།

རྒྱས་ཀྱིན་པའི་རླུང་བུའི་ངད་པ། ཁང་བརྩེགས་ཀྱི་ཁྲོམ་སྐོར།
ཚ་བས་རྔུབ་ཀྱིན་པའི་བཞའ་བརླན་གྱི་ཁྱོད་དང་ང་།

འོག་ལམ་གྱི་གྲུ་ཁུགས་སུ་བསྐུངས་པའི་རྐང་གདུབ་ཀྱི་སིལ་སྒྲ།
རྩིག་ལྡེབས་དཀར་པོའི་གྲིབ་མར་འབྱམས་པའི་ངོ་གདོང་།
གཞུང་ཐེལ་དང་ཡིག་ཆའི་ཤུན་ལྐོགས་ནང་གི་མི་ཚེའི་དོན་སྙིང་།
ངུ་མ་དགོད་ཀྱི འཁྱར་མ་འཁྱོར་གྱི རྟག་མི་རྟག་གི་མི

གཤོག་པ་ཐོགས་པའི་གནའ་མྱི་དག་སྙན་ངག་པ་ཁོ་ནའི་ལྷ་སྒྲུང་དུ་གྱུར།
འཇིག་རྟེན་འདིར་བྱིས་པ་ག་ཚོད་དུང་གསོན་ཆོག་གམ།
གདོད་མའི་འོད་གསལ་དག་འཁྱག་པར་བསྡམས་ནས་སྲ་གཟུགས་སུ་གྱུར་རྗེས།
མིག་ཆུ་དང་བྱམས་བརྩེ། མཉེས་གཤིན་གྱི་ལུས་པོ་དག་གང་ནས་བརྡོལ་སྲིད།
དངུལ་ལོར་གྱིས་བརྩིགས་པའི་ཁང་མིག་ཏུ།
ང་ཚོ་དབུལ་ཕོངས་ཀྱིས་མནར་བས་རྒས་སླ།
དངངས་སྐྲག་དང་ཁེར་རྐྱང་ལ་གོམས་ཚར་རྗེས།
ཨར་འདམ་གྱི་གསོག་གསོབ་ནི་ཐ་མའི་དབུགས་དབྱུང་ཐེངས་ཤིག་ཅི་ལ་མིན།

རྣལ་འབྱོར་བའི་མིག་ནང་དུ་འཚངས་པའི་ཁྲ་ཁྲ་རིག་རིག་དག
བདུག་སྤོས་ཀྱི་ཐག་པས་མི་བསྡོམས་ལ་གངས་ཆབ་ཀྱིས་ཀྱང་མི་འགྲུངས།
བྱ་ཐབས་ཟད་དུ་བེམ་རོ་འདི་མིག་མདུན་ན་རྫོངས་སྟུག་པའི་གད་སྙིགས་བཞིན།
སྐྲ་དཀར་གྱི་ཉག་མ་བརྡོལ་གྱིན་པའི་ཁང་བརྩེགས་ལྟར་སྐྱེས།
ས་སྒང་ནི་མེལ་ཚེ་བའི་འབྱམས་ཀླས་པའི་ངོ་གདོང་ངོ་།

མུན་ནག་གིས་སྒེའུ་ཁུང་ཆེ་རུ་བརྒྱངས།
རྒྱང་རིང་གི་སྐར་མ་རབ་རིབ་དེས་ཀྱང་ཆོས་གོས་ཕུད་འདུག

           རྒྱ་མེན་གྱི་ཚོགས།

རྒྱ་མེན་དམར་པོ་འགའ།
ལྐོག་ལྐོག་སུད་སུད་ཀྱིས་དབང་རྩའི་ཧྲག་བར་ནས་འབར།
སྐབས་རེར་ཞེ་རྩ་ཁྲག་ཏུ་འཁོལ་ཏེ།
རླུང་བུ་གཞོབ་པའི་མོད་ལ་རང་ཡང་འཚིག་ལ་ཁད།
སྐབས་རེར་ཚེར་ལུམ་སྐྱ་བོ་བཞིན།
ཁོག་སྨད་བརླན་དང་ལྗང་གུས་གཡོགས།

མི་ཚེའི་ཐ་གྲུ་ཡངས་པོར།
དེ་དག་བསུབ་ཐབས་མེད་པའི་གཤིས་ངན་རེ་ལྟར།
གློ་བའི་སྐྱིབས་ནང་དུ་སྙིང་གི་ཚི་ལུར་བརྟེན།
ཁོ་ཚོའི་འདོད་སྲེད་སེང་ལྡིང་ནགས་ཀྱི་གླ་བོ་བཞིན།
སྒྱུ་མའི་གར་སྟབས་ཀྱང་ལྷེམ་པར་བྱས།
རྒྱ་མེན་ཨང རྒྱ་མེན་ཁྱོད
པད་མའི་འདབ་མར་འཕོས་པའི་ཁྲག་ཐིགས་བཞིན།
སུ་ཞིག་ལ་འཆི་བའི་མཛེས་སྡུག་སྟོན་པར་བྱེད།

ཡལ་འདབ་ཁ་ཤས་གཡོ་ཙམ་གཡོ་ཙམ་བྱེད།
སྐར་མ་ཁ་ཤས་དགོད་ཙམ་དགོད་ཙམ་བྱེད།
སེམས་པའི་རྒྱལ་སྒོ་འབྱེད་ཙམ་འབྱེད་ཙམ་བྱེད་སྒང་དེར།
ངས་སྒོ་རའི་ནང་གི་རྒྱ་མེན་དག་མནལ་དུ་ཞུགས་པ་མཐོང་།
ཟླ་འོད་ནི་དུ་ཀཱུ་ལའི་གོས་བཟང་ཞིག་ལྟར།
                      12 / 9 / 2014

          (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྱམས་ཕྲུག་གི་སྙན་ངག་ཁག་ལྔ།

2014-11-05 བྱམས་ཕྲུག༼ པེ་ཅིང༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།