ལོ་སྟོང་ལྔའི་རིང་གི་འཛམ་གླིང་རྩོམ་རིག

 u=1465075753,2510722800&fm=11&gp=0.jpg

སྤྱི་ལོ་སྔོན་གྱི༢༠༠༠ལོ།
     བྷ་བྷེ་ལོན་གྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ《རྗེལ་གྷ་མེ་ཤྲི》(Gilgamesh)ལེགས་སྒྲིག་དང་པར་སྐྲུན་བྱས།
སྤྱི་ལོ་སྔོན་གྱི་ལོ༡༥༠༠ལྷག་གི་ཡས་མས་སུ།
     རྒྱ་གར་རིག་བྱེད(བེ་ད)རྩོམ་རིག་གི་གཞུང་གི་རྩ་བ་ལྟ་བུ་སྟེ་ངེས་བརྗོད་རིག་བྱེད་ཀྱི་བསྡུས་པ(རྀགྦེ་ད)ཚན་པ་ཆིག་སྟོང་ཉེར་བརྒྱད་ལྷག་ཡོད་པ་དེ་པོ་ཏིར་གྲུབ།
སྤྱི་ལོའི་སྔོན་གྱི་དུས་རབས༡༢པ་ནས༨པའི་བར།
     ཡོ་རོབ་གླིང་གི་ཆེས་ཐོག་མའི་རྩོམ་རིག་གི་རྣམ་པ་སྟེ་གྷི་རིག་གི་ལྷ་སྒྲུང་དར་མགོ་བརྩམས།
སྤྱི་ལོ་སྔོན་གྱི་དུས་རབས༩བ་ནས༨པའི་བར།
     གྷི་རིག་རྩོམ་རིག་གི་ཆེས་མཐོའི་གྲུབ་འབྲས་སྟེ་ཧོ་མེར(Homer)གྱི་ལོ་རྒྱུས་སྙན་རྩོམ་རིང་མོ《ཨེ་ལེ་ཨ་ཌི》(Iliad)དང《ཨཱོ་ཌི་སཱེ》(The Odyssey)གཉིས་ཀྱི་སྒྲོམ་ཐོག་མར་གྲུབ།
སྤྱི་ལོ་སྔོན་གྱི་དུས་རབས༨པ་ནས༦པའི་བར།
     གྷི་རིག་རྩོམ་རིག་གི་རྣམ་པ་གཞན་ཞིག་སྟེ་གཏམ་རྒྱུད་དམངས་ཁྲོད་དུ་འབྱམས་མགོ་བརྩམས། 《ཨེ་སོ་ཕོ་སིའི་གཏམ་རྒྱུད》(Aesop’s Fables)དེབ་ཏུ་གྲུབ་ལ། བྲན་གཡོག་ཨེ་སོ་ཕོ་སི་ནི་དེབ་དེའི་རྩོམ་པ་པོ་ཡང་ཡིན་པར་གྲགས།
སྤྱི་ལོ་སྔོན་གྱི་དུས་རབས༦པ་ནས༤བའི་བར།
     གྷི་རིག་རྩོམ་རིག་གི་རྣམ་པའམ་ལུས་སྔར་ལས་གྲ་རྒྱས་པོ་བྱུང་བ་སྟེ། སྐབས་འདིའི་གྲུབ་འབྲས་གཙོ་བོ་ཟློས་གར་དང་ལྷུག་རྩོམ། རིག་རྩལ་གཞུང་ལུགས་སོགས་ཡིན། གྲགས་ཆོད་པའི་གྷི་རིག་གི་སྐྱོ་གར་རྩོམ་པ་པོ་ཨེ་སི་ཆེ་ལུ་ཟི(Aeschylus)དང་སོ་ཧྥོ་ཁི་ལེ་ཟི(Sophocles)ཨོ་རིས་ཕེ་ཏེ་ཟི(Euripides)གསུམ་དང་། སྤྲོ་གར་རྩོམ་པ་པོ་ཨེ་རིས་སི་ཐོ་ཧྥིན(Aristophanes)སོགས་དུས་ཐོག་འདིར་བྱོན།
སྤྱི་ལོའི་སྔོན་གྱི་དུས་རབས༤བ་ནས་སྤྱི་ལོའི་དུས་རབས༤བའི་བར།
     རྒྱ་གར་གྱི་སྙན་ངག་རིང་མོ《མ་ཧཱ་བྷ་ར་ཏ》(Mahābhārata)དང《ར་མཱ་ཡ་ནཱ》(Rāmāyaṇa)གཉིས་དེབ་ཏུ་གྲུབ།
དུས་རབས༥བ་ནས༦པའི་བར།
     ཆོས་ཚོགས་རྩོམ་རིག(Church literature)དུས་རབས་དཀྱིལ་མའི་ཡོ་རོབ་གླིང་གི་ཡིག་ཐོག་རྩོམ་རིག་འབའ་ཞིག་ཏུ་གྱུར།
༧༦༠ལོའི་ཡས་མས།
     ཉི་ཧོང་དུ་སྙན་ཐུང་དང་གདུང་དབྱངས། གཞས་ཚིག༤༥༠༠ལྷག་བསྡུས་པའི《འདབ་ལོ་ཁྲི་བསྡུས་མ》(萬葉集)བྱུང་། དེའི་ཁྲོད་དུས་རབས༤བ་དང༦པའི་བརྩམས་ཆོས་ཀྱང་འདུས།
དུས་རབས༨པའི་དུས་སྨད།
     ཨ་རབ་གྱི་དམངས་ཁྲོད་གཏམ་རྒྱུད《མཚན་ཞག་སྟོང་གི་གཏམ་རྒྱུད》(tales from the thousand and one nights)དམངས་ཁྲོད་དུ་འབྱམས་མགོ་བརྩམས། ཕལ་ཆེར་དུས་རབས༡༦པར་དེབ་ཏུ་དྲིལ།
དུས་རབས༨པ་ནས༡༣པའི་བར་ཙམ།
     དཔའ་བོའི་ལོ་རྒྱུས་སྙན་རྩོམ་འགྲེམས་པའི་མཐོ་རླབས་ཤིག་འཕྱུར། དེའི་ཁྲོད་ཡོ་རོབ་གླིང་གི《བྷིས་ཨོ་བོལ་ཧྥོ》(Beowulf)དང་ཧྥ་རན་སིའི《རཱོ་ལན་ཌིའི་གཞས》(La Chanson de Roland)སོགས་ཡོད།
༡༠༡༠ལོ།
     ཉི་ཧོང་གི་བུད་མེད་རྩོམ་པ་པོ་མུ་ར་ས་ཁིས་ཞེ་ཁིས་པུའུ་ཡིས(むらさきしきぶ)《གྷིན་ཅི་མོ་ནོ་གྷ་ཐ་རིས》(源氏ものがたり)ཞེས་པ་བརྩམས། འདི་ནི་འཛམ་གླིང་གི་སྒྲུང་རིང་ཐོག་མའི་གྲས་ཡིན་འདུག
དུས་རབས༡༢པ་ནས༡༣པའི་ཡས་མས།
     ཧྥ་རན་སི་ནས་རྟ་བའི་རྩོམ་རིག(Chivalric Romance)བྱུང་དེ་ཡོ་རོབ་གླིང་དུ་འཕེལ་རྒྱས་རྩེར་སོན་པ་ཞིག་བྱུང་། རྩོམ་ལུས་གཙོ་བོ་རྟ་བའི་དུངས་བརྗོད་སྙན་ངག་དང་རྟ་བའི་ཡིད་འཕྲོག་གཏམ་རྒྱུད་དོ།།
དུས་རབས༡༢པ་ནས༡༤བའི་ཡས་མས།
     ཧྥ་རན་སི་ནས་གྲོང་ཁྱེར་རྩོམ་རིག་དར་མགོ་བརྩམས་ཏེ་རིག་རྩལ་བསྐྱར་དར་གྱི་སྔོན་བསྐྱོད་པའི་གྲས་སུ་གྱུར། བརྩམས་ཆོས་གཙོ་བོ་ལ་དོན་བརྗོད་སྙན་ངག་རིང་མོ《རཱེན་ནཱ་ཐྲི་ཝ་མོའི་ཡིད་འཕྲོག་གཏམ་རྒྱུད》(Le Romande Renart)དང《རྒྱ་སེའི་ཡིད་འཕྲོག་གཏམ་རྒྱུད》(Remande La Rose)སོགས་ཡོད།
དུས་རབས༡༤བའི་མགོ་ནས་དུས་རབས༡༧པའི་མགོའི་བར།
     རིག་རྩལ་བསྐྱར་དར་གྱིས་དུས་རབས་བར་མའི་རྩོམ་རིག་གི་རྫས་དུད་སངས་པར་བྱས་སྟེ། ཡོ་རོབ་རྩོམ་རིག་གི་མདུན་ལམ་ལ་སྔ་ན་མེད་པའི་ལམ་ཁ་གསར་དུ་ཕྱེས།
༡༣༢༡ལོ།
     དུས་རབས་བར་མའི་ཆེས་མཐའ་མཇུག་གི་རྩོམ་པ་པོ། མི་ཚུལ་རིང་ལུགས་ཀྱི་སྔོན་བསྐྱོད་པ། དབྱི་ཐ་ལིའི་མི་ཏན་ཐིས(Dante)《ལྷའི་ཆོས་དབྱངས》(The Divine Comedy)བརྩམས།
༡༣༤༡ལོ།
     “མི་ཚུལ་རིང་ལུགས་ཀྱི་ཡབ་ཆེན”དུ་འབོད་པའི་དབྱི་ཐ་ལིའི་མཁས་པ་ཕེ་ཐད་ར་ཁུ(Francisco Petrach)ལ་དབུ་རྒྱན་ཅན་གྱི་སྙན་ངག་པའི་ཆོ་ལོ་བསྩལ།
༡༣༤༨ནས༡༣༥༣ལོ།
     དབྱི་ཐ་ལིའི་རིག་རྩལ་བསྐྱར་དར་ལས་འགུལ་གྱི་འཐུས་ཚབ་པ་པཱོ་ཁ་ཁོ(Giovanni Boccaccio)ཡིས《ཉིན་བཅུ་གླེང་བ》(The Decameron)བརྩམས་གྲུབ།
༡༣༨༧ནས༡༤༠༠ལོ།
     དབྱིན་ཇིའི་རིག་རྩལ་བསྐྱར་དར་གྱི་སྣེ་ཁྲིད་པ་ཆཱོ་སེར(Geoffrey Chaucer)གྱིས《ཁན་ཐེ་ཕོ་རིའི་གཏམ་རྒྱུད་ཕྱོགས་བསྒྲིགས》(The Canterbury Tales)བརྩམས་གྲུབ།
༡༥༣༢ནས༡༥༦༤ལོ།
     ཧྥ་རན་སིའི་མི་ཚུལ་རིང་ལུགས་ཀྱི་འཐུས་ཚབ་པ་རཱ་བྷེ་ལེར(François Rabelais)གྱིས་པོད་ལྔའི་བདག་ཉིད་ཅན་གྱི་སྒྲུང་རིང་གྲས《ཕཱན་ཐ་གྷི་ཡེལ》(Pantagruel)དེབ་ཏུ་དཔར།
དུས་རབས༡༦པ།
     ཡོ་རོབ་ཉེ་རབས་སྒྲུང་གཏམ་གྱི་རྣམ་པ་གསར་བ“འཁྱམ་པོའི་སྒྲུང་གཏམ” (La novela picaresca )སི་ཕན་དུ་དར་མགོ་བཙུགས། ༡༥༥༤ལོར་བརྩམས་གྲུབ་པའི《ཐོམ་ཟི་གཙང་བོའི་ཐོག་གི་ལཱ་ཟར》(LaVidadeLazarillodeTormes)ཞེས་པ་འབུར་དུ་ཐོན།
དུས་རབས༡༦པའི་དུས་སྨད་ནས་དུས་རབས༡༧པ།
     དབྱི་ཐ་ལི་དང་སི་ཕན་ནས་འབུས་པའི“པཱ་རོ་གྷེའི་རྩོམ་རིག”(baroque literature)དེ་ཧྥ་རན་སིར་རྩེར་སོན་པ་ཞིག་འཕེལ་རྒྱས་བྱུང་བ་མ་ཟད། ཕྱིས་ཀྱི་འཆར་ཡན་རིང་ལུགས་ལ་ཡང་ཤན་ཆེན་པོ་ཐེབས།
༡༥༩༥ལོ།
     ཧྥ་རན་སིའི་རིག་རྩལ་བསྐྱར་དར་མཇུག་གི་མི་ཚུལ་རིང་ལུགས་ཀྱི་རྩོམ་མཁན་མོན་ཐེན(Michel de Montaigne)གྱིས《མོན་ཐེན་གྱི་རྩོམ་ཡིག་བདམས་བཏུས》(LesEssaisdeMicheldeMontaigne)ཞེས་པ་དཔར།
༡༦༠༡ལོ།
     ཤིག་སི་ཕེར(W. William Shakespeare)གྱིས《ཧམ་ལེ་ཐྲི》(Hamlet)དཔར། འདི་ནི་ཁོའི་རྩོམ་རིག་ཐད་ཀྱི་ཆེས་མཐོའི་གྲུབ་འབྲས་སོ།།
༡༦༠༥ལོ།
     སི་ཕན་གྱི་རྩོམ་མཁན་སཱ་བེ་དྷ་རའི(Miguel de Cervantes Saavedra)《ཏོན་ཆི་བོ་ཏེ》(Don Quixote)གྱི་སྟོད་ཆ་བརྩམས་གྲུབ། སྨད་ཆ༡༦༡༥ལོར་སྒོར་བཏོན།
༡༦༡༦ལོ།
     དབྱིན་ཇིའི་རྩོམ་པ་པོ་གྲགས་ཅན། འཛམ་གླིང་ཟློས་གར་གྱི་ཁྱུ་མཆོག་ཤིག་སི་ཕེར་སྐུ་གཤེགས། བགྲང་བྱ༥༢རིང་འཚོ་གཞེས།
དུས་རབས༡༧པ།
     ཧྥ་རན་སི་ནས་དར་བའི་གནའ་སྲོལ་རིང་ལུགས(Le Classicisme)ཡོ་རོབ་གླིང་གི་རྩོམ་རིག་རླབས་རྒྱུན་དུ་གྲུབ། དབྱིན་ཇིར“ཕུ་རི་ཏན་རྩོམ་རིག”(Puritan Literature)གི་མགོ་འབུས་ཤིང་། འཐུས་ཚབ་རྩོམ་པ་པོ་ལ་མཱེལ་ཏོན(John Milton)དང་པུན་ཡཱང(John Bunyan)སོགས་ཡོད།
༡༦༦༤ནས༡༦༦༩ལོ།
     ཧྥ་རན་སིའི་གནའ་སྲོལ་རིང་ལུགས་ཀྱི་འཐུས་ཚབ་པ། འཛམ་གླིང་སྤྲོ་གར་རྩོམ་པ་པོའི་དབུ་རྒྱན་མཱོ་ལིར་ཨེ(Moliere)གྱི《གསོབ་མྱི》(Tartuffe)བཀྲམས།
དུས་རབས༡༨པ།
     ཡོ་རོབ་ཏུ་བློ་འབྱེད་ལས་འགུལ་ལངས། བློ་འབྱེད་རྩོམ་རིག(Enlightenment Literature)ཀྱང་དེ་ནས་འབྱུང་མགོ་བརྩམས།
༡༧༡༩ལོ།
     ཏཱེ་ཧྥོས(Daniel Defoe)《རཱོ་བྷེན་སོན་གྱི་ཡུལ་འཁྱར་ཟིན་ཐོ》(RobinsonCrusoe)བརྩམས་པ་དེས་ཁོ“དབྱིན་ཇིའི་སྒྲུང་གཏམ་གྱི་ཡབ་ཆེན”དུ་བསྐོས།
དུས་རབས༡༨པའི་ལོ་རབས༧༠ནས༨༠བར།
     འཇར་མན་རྩོམ་སྟེགས་སུ་རྩོམ་རིག་རླབས་རྒྱུན་ཐོག་མ་སྟེ་འཚུབ་མ་ཐོལ་རྒྱུག(Sturm und Drang)བྱུང་། དེས་བློ་འབྱེད་རྩོམ་རིག་འཇར་མན་དུ་དར་མགོ་བཙུགས་ལ་འཐུས་ཚབ་པ་གྷོ་དྷེ(Johann Wolfgang von Goethe)དང་ཞཱི་ལེར(Johann Christoph Friedrich von Schiller)སོགས་ཡོད།
དུས་རབས༡༨པའི་དུས་སྨད་ནས༡༩བའི་དུས་མགོ
     འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་ཡོ་རོབ་རྩོམ་སྟེགས་སྟེང་གི་སྐད་གྲགས་ཆོད་ཤོས་དེར་གྱུར།
༡༨༠༦ལོ།
     འཇར་མན་གྱི་རླབས་ཆེ་བའི་སྙན་ངག་པ་དང་རྩོམ་པ་པོ། བསམ་བློ་བ་གྷོ་དྷིའི་སྙན་ངག་ལུས་གྱི་སྐྱོ་གར《ཧྥོ་སི་ཐི》(Faust)མི་ཡུལ་དུ་བལྟམས།
༡༨༡༢ལོ།
     འཇར་མན་གྱི་གྲགས་ཆོད་པའི་བྱིས་སྒྲུང་རྩོམ་པ་པོ་གྷི་རེམ་སྤུན་གཉིས(Die Brüder Grimm)ཀྱིས་དམངས་ཁྲོད་ཀྱི་གཏམ་རྒྱུད་ལེགས་སྒྲིག་དང་སྣོན་འཕྲི་མཛད་པའི《གྷི་རེམ་བྱིས་སྒྲུང》(Kinder- und Hausmärchen)གི་ཁག་དང་པོ་པར་དུ་བསྐྲུན།
༡༨༢༣ལོ།
     དབྱིན་ཇིའི་སྙན་ངག་པ། འཆར་ཡན་རིང་ལུགས་ཀྱི་རྩོམ་མཁན་བྷེ་རོན(George Gordon Noel Byron)གྱིས་དོན་བརྗོད་སྙན་ངག་རིང་མོ《དྷོན རྗོན》(Don Juan)བརྩམས་མ་གྲུབ་གོང་ནད་ཀྱིས་མནར་སོང་ན་ཡང་། དེ་ཉིད་ཡོ་རོབ་འཆར་ཡན་རིང་ལུགས་ཀྱི་རྩོམ་གྲགས་ཆོད་ཤོས་དེར་གྱུར།
༡༨༢༩ལོ།
     དུས་རབས་བཅུ་དགུ་བའི་རྩོམ་མཁན། དངོས་ཡོད་རིང་ལུགས་རྩོམ་རྒྱུན་གྱི་གཞི་འདིང་བ་བྷལ་ཙ་ཁེས(Honoré de Balzac)《མི་ཡུལ་གྱི་སྤྲོ་བའི་ཟློས་གར》(Comédie Humaine)རྩོམ་མགོ་ཚུགས།
༡༨༣༠ལོ།
     ཧྥ་རན་སིའི་སྙན་ངག་པ་དང་ཟློས་གར་རྩོམ་པ་པོ། སྒྲུང་གཏམ་པ་དང་འཆར་ཡན་རིང་ལུགས་ཀྱི་སྣེ་ཁྲིད་པ་ཧུ་གོའི(Victor Hugo)《ཧུན་ནན》(Hernan)འཁྲབ་སྟོན་ལེགས་འགྲུབ་བྱུང་། དེས་འཆར་ཡན་རིང་ལུགས་གནའ་སྲོལ་རིང་ལུགས་ལས་རྒྱལ་བ་མཚོན། ལོ་འདིར་སི་ཏེན་དྷའི(Stendhal)《དམར་པོ་དང་ནག་པོ》(Le Rouge et le Noir)ཡང་བརྩམས་གྲུབ་བྱུང་། དེ་ནི་དུས་རབས༡༠བའི་ཧྥ་རན་སིའི་དངོས་ཡོད་རིང་ལུགས་ཀྱི་ཀ་རྡོ་ལྟ་བུའི་བརྩམས་ཆོས་སུ་བརྩི།
དུས་རབས༡༩བའི་ལོ་རབས༣༠བ།
     དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་ཡོ་རོབ་གླིང་དུ་གཞི་ཆགས་པ་དང་ཆབས་ཅིག དུས་རབས༡༩བའི་ཡོ་མེའི་རྩོམ་རིག་གི་གཙོ་རྒྱུགས་དང་ཉེ་རབས་ཡོ་མེའི་རྩོམ་རིག་གི་མཐོ་རླབས་ཀྱང་བསླངས།
༡༨༣༥ལོ།
     ཏན་མག་རྒྱལ་ཁབ(Kongeriget Danmark)ཀྱི་གྲགས་ཆོད་པའི་བྱིས་སྒྲུང་རྩོམ་པ་པོ་ཨན་དྷེར་སེན(Hans Christian Andersen)གྱི《བྱིས་སྒྲུང་ཕྱོགས་བསྒྲིགས》(Fairy tales, Told for Children)དཔར། དེའི་ཁྲོད《འབར་ཞུན་འཚོང་བའི་བུ་མོ་ཆུང་ཆུང》(The Little Match-Girl)དང《སྲན་རྡོག་སྟེང་གི་ཀོང་ཇོ》(The Princess onthe Pea)སོགས་འདུག
༡༨༣༦ནས༡༨༣༧ལོ།
     སྒྲུང་རིང《ཕིས་ཁད་བིས་ཁེ་ཡི་ཕྱིའི་གཏམ་རྒྱུད》(The Pickwick Papers)སྤེལ་བ་དེས་ཏིས་ཀེན་སི(Charles John Huffam Dickens)རྩོམ་རིག་གི་ལམ་ཁར་དྲངས་ལ། རྗེས་ནས་དུས་རབས༡༩བའི་རླབས་ཆེ་བའི་དགག་སྒྲུབ་དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་པར་གྱུར།
༡༨༣༧ལོའི་ཟླ༡པོའི་ཚེས༢༩ཉིན།
     “ཨུ་རུ་སུའི་རྩོམ་རིག་གི་ཉི་མར”འབོད་པའི་ཕུ་ཞི་ཀིན(Александр Сергеевич Пушкин)དང་ཏན་ཐེ་ཧྲི་གཉིས་འཐབ་རེས་བརྒྱབ་སྟེ། རྨས་ཕོག་པ་བཅོས་ཐབས་མེད་པར་འདས། དགུང་ལོ༣༨དོ།།
༡༨༤༢ལོའི་ཟླ༥བ།
     ཨུ་རུ་སུའི་ཟློས་གར་བ་དང་སྒྲུང་གཏམ་པ་གྷོ་གྷོལ(Николай Гоголъ)གྱི་འཐུས་ཚབ་བརྩམས་ཆོས《རྣམ་ཤེས་ཤི་བོ》(Мёртвые души)པར་དུ་བསྐྲུན། སྒྲུང་གཏམ་འདི་ཡོངས་གྲགས་སུ“རང་བྱུང་གྲུབ་མཐའི” (naturalism)རྨང་ལྟ་བུར་འཇོག་པ་རེད།
༡༨༤༣ལོ།
     ལོ་བདུན་ཅུར་སོན་པའི་དབྱིན་ཇིའི་འཆར་ཡན་རིང་ལུགས་ཀྱི་སྔོན་བསྐྱོད་པ།“མཚོ་འགྲམ་སྙན་ངག་གྲུབ་མཐའི” (Lake Poets)མགྲིན་ཚབ་པ་ལྟ་བུའི་སྙན་ངག་པ་བོར་ཌྷི་བོར་ཟིར(William Wordsworth)དབུ་རྒྱན་ཅན་གྱི་སྙན་ངག་པ་ཞེས་པའི་མཚན་བཏགས་གནང་།
༡༨༤༤ལོ།
     ཧྥ་རན་སིའི་སྒྲུང་གཏམ་པ་དཱི་མེས(Alexandre Dumas, père)《ཇ་ཤིང་ཐོགས་པའི་བུད་མེད》(Le Comte de Monte-Cristo)དཔར། སྒྲུང་གཏམ་འདི་དང་ཁོའི་བུ་དཱི་མེ་ཆུང་བའི(Alexandre Dumasfils)《ཡེ་ཤུ་རི་བོའི་སྟེང་གི་སྒོམ་པ》(La dame aux Camélias)གཉིས་ནི་དུས་རབས༡༩བའི་ཕལ་བའི་རྩོམ་རིག(popular literature)གི་ཆེས་མཐོའི་གྲུབ་འབྲས་སུ་བརྩི།
༡༨༤༧ལོ།
     དབྱིན་ཇིའི་བུད་མེད་རྩོམ་པ་པོ་བྷི་རོན་ཐེ་སྤུན་གསུམ་སྟེ། ཆཱར་ལོ་ཐེ•བྷི་རོན་ཐེའི(Charlotte Brontë)《རྗོན•ཨེར》(Jane eyre)དང་ཨེ་མིས་ལེ•བྷི་རོན་ཐེའི(Emily Brontë)《གྲོང་ཚོའི་གད་རྒྱངས》( Wuthering Heights)ཨན་ནེ•བྷི་རོན་ཐེའི(Anne Brontë)《ཨ་གྷི་ནེ་སི•གྷི་རེ》(Agnes Grey)གསུམ་དང་། དུས་སྔོན་གྱི་དབྱིན་ཇིའི་རྩོམ་པ་པོ་རྗན•ཨོ་སི་ཏེན(Jane Austen)གྱི་བརྩམས་ཆོས་དག་གིས་བུད་མེད་རྩོམ་རིག་གི་སྟོང་ཆ་བསྐངས།
དུས་རབས༡༩བའི་དུས་སྨད།
     ཕ་རི་སི་ཀུང་ཧྲེའི་རྩོམ་རིག(Literary Paris)གམ་འབྱོར་མེད་གྲལ་རིམ་གྱི་རྩོམ་རིག་དངོས་ཡོད་རིང་ལུགས་ཀྱི་རྩོམ་ཐབས་གསར་མའི་ཚུལ་གྱིས་ཡོ་རོབ་རྩོམ་སྟེགས་སུ་བུད། འཐུས་ཚབ་ལྟ་བུར《རྒྱལ་སྤྱིའི་གཞས》(L'Internationale)གྱི་ཚིག་རྩོམ་པ་པོ་ཕོ་ཏི་ཨེར(Eugène Edine Pottie)དང་། “དཔའ་མོ་དམར་པོར”འབོད་ཀྱིན་པའི་ལོའི་ཡིས་ཟི•མཱེ་ཆེལ(Louise Michel)སོགས་ཡོད། དེ་དང་སྦྲགས་གྷོན་གྷོའར་སྤུན་གཉིས་(Goncourt, Edmond and Jules)ཀྱི་སྣེ་ཁྲིད་ཁྲོད་ཧྥ་རན་སིར་རང་བྱུང་རིང་ལུགས་ཀྱི་རྩོམ་རིག་གྲུབ་མཐའ་བྱུང་། དུས་རབས༡༩བའི་མཇུག་ནས༢༠བའི་སྟོད་དུ་འཛམ་གླིང་ཡུལ་གྲུ་སོ་སོར་དར།
༡༨༥༥ལོ།
     ཝེ་ཐི་མན(Walt Whitman)གྱིས་ཨ་རིའི་དེང་རབས་སྙན་ངག་གི་སྒོ་འབྱེད་བརྩམས་ཆོས《རྩྭ་ལོ་གཅེས་བསྡུས》(Leaves of Grass)པར་དུ་བཏབ།
༡༨༥༦ལོའི་ཟླ༤བ།
     ཧྥ་རན་སིའི་རྩོམ་པ་པོ་ཧྥི་ལོའི་བྷེར(Gustave Flaubert)གྱིས་དངོས་ཡོད་རིང་ལུགས་དང་རང་བྱུང་རིང་ལུགས་གཉིས་བར་གྱི་སྔ་འདྲེན་རྗེས་མཐུད་ལྟ་བུའི་བརྩམས་ཆོས《ལྕམ་བྷོ་བ་རིས》(Madame Bovary)བརྩམས།
༡༨༥༧ལོ།
     ཧྥ་རན་སིའི་སྙན་ངག་པ། དེང་རབས་གྲུབ་མཐའི་ཡབ་ཆེན་བྷོ་དྷི་ལཱེར(Charles Pierre Baudelaire)གྱིས《སྡིག་པའི་མེ་ཏོག》(Les Fleurs du mal)བརྩམས།
༡༨༧༢ལོ།
     《ཕ་རི་སིའི་དུས་བབ》(Paris Times)ཀྱིས་ཧྥ་རན་སིའི་སྒྲུང་གཏམ་པ། ཚན་འཁྲུལ་སྒྲུང་གཏམ་གྱི་ཡབ་ཆེན་ཝེར་ནཱེའི(Jules Verne)《ཉིན་བརྒྱད་ཅུར་འཛམ་གླིང་བསྐོར་བ》(Around The World In 80 Days)ཞེས་པ་མུ་འགོད་བྱས།
༡༨༧༩ལོ།
     ནོར་ཝེའི་ཟློས་གར་རྩོམ་མཁན་ལེ་བྷི་སེན(Henrik Johan Ibsen)གྱིས《རྩེད་ཆས་ཀྱི་ཁྱིམ》(A Doll's House)བརྩམས་གྲུབ། དེ་ནི་སྤྱི་ཚོགས་གནད་དོན་སྐོར་གྱི་ཟློས་གར་གྲགས་ཆེ་བ་ཞིག་གོ
༡༨༨༤ལོ།
     ཨ་རིའི་སྒྲུང་གཏམ་པ་གྲགས་ཅན། མཱར་ཁད•ཐི་བེན(Mark Twain)གྱིས་འཐུས་ཚབ་བརྩམས་ཆོས《ཐོམ•ཟོ་ཡའི་ཉེན་བརྒྱུད་ཟིན་བྲིས》(The Adventure of Tom Sawyer)བརྩམས་གྲུབ། དེ་ནི《ཧོ་ཁེལ་བྷེ་རིས•ཧྥེན་གྱི་ཉེན་བརྒྱུད་ཟིན་བྲིས》(The Adventures of Huckleberry Finn)ཀྱི་མཆེད་ལྟ་བུའོ།
དུས་རབས༡༩བའི་དུས་མཇུག
     མཛེས་གཙོ་རིང་ལུགས(Aesthetic movement)ཡོ་རོབ་ཏུ་དར། དབྱིན་ཇིའི་ཟློས་གར་མཁན་དང་སྒྲུང་གཏམ་མཁན་བེལ་ཌྷེ(Oscar Wilde)ནི་མགྲིན་ཚབ་ཡིན། མཚོན་རྟགས་རིང་ལུགས་ཧྥ་རན་སིར་དར། མགྲིན་ཚབ་པ་ནི་བྷོ་དྷི་ལཱེར་ཡིན།
དུས་རབས༢༠པའི་དུས་མགོ
     འཇར་མན་དུ་ཕྱིར་མཚོན་རིང་ལུགས(Expressionism)བྱུང་། སུའུ་ལེ་ཧྲི་དང་ཉིག་ཡོར། བྷེར་ལིན་སོགས་སུ་ཏཱ་ཏཱ་རིང་ལུགས(Dadaism)བྱུང་། མྱུར་ཚད་ཀྱི་མཛེས་པ་དང་སྟོབས་ཤུགས་གཙོར་འཛིན་པའི་མ་འོངས་རིང་ལུགས(Futurism)དབྱི་ཐ་ལིར་དར། མཐུད་དེ་ཡོ་རོབ་ཡོངས་སུ་འབྱམས།
༡༩༠༡ལོ།
     འཛམ་གླིང་རྩོམ་རིག་གི་ཆེས་མཐོའི་གཟེངས་སྐྱེས་སྟེ་ནའོ་བྷེལ་བྱ་དགའ(Nobelpriset i litteratur)ཧྥ་རན་སིའི་སྙན་ངག་པ་ཕུ་རོ་དྷོམ(Sully Prudhomm)ལ་ཆེས་ཐོག་མར་བྱིན།
༡༩༠༤ནས༡༩༡༢ལོ།
     ཧྥ་རན་སིའི་སྒྲུང་གཏམ་པ་དང་ཟློས་གར་བ། ལྷུག་རྩོམ་པ་རཱོ་མན•རཱོ་ལན་ཌིས(Romain Rolland)«རྗོན ཁི་རེ་སི་ཏོ་ཧྥེ»(Jean-Christophe)ཞེས་པའི་སྒྲུང་གཏམ་བརྩམས། དེ་ལ་བརྟེན་ནས་ཁོས༡༩༡༥ལོའི་ནའོ་བྷེལ་བྱ་དགའ་མནོས།
༡༩༠༦ལོ།
     འབྱོར་མེད་གྲལ་རིམ་གྱི་རྩོམ་མཁན། སུའུ་ལེན་རྩོམ་རིག་གི་ཤིང་རྟ་བ་གྷོར་ཁེས(Максим Горький)«ཡུམ་ཆེན»(MOTHER)གྱི་དབྱིན་ཡིག་མ་བརྩམས་གྲུབ་པ་དེས་འབྱོར་མེད་གྲལ་རིམ་གྱི་རྩོམ་རིག་གི་ཤོག་ལྷེ་གསར་བ་ཞིག་བཏོད།
༡༩༡༠ལོའི་ཟླ༡༡པའི་ཚེས༢༠ཉིན།
     ཨུ་རུ་སུའི་དངོས་ཡོད་རིང་ལུགས་ཀྱི་རྩོམ་མཁན་ལེ་བོ•ཐོལ་སི་ཏཱོ(Лев Николаевич Толстой)དགུང་ལོ་གྱ་གཉིས་ཐོག་ནད་ཀྱིས་མནར།
༡༩༡༢ལོ།
     ཨོ་སི་ཁྲི་རེའི་སྒྲུང་གཏམ་པ་དང་། ཕྱིར་མཚོན་རིང་ལུགས་ཀྱི་རྩོམ་མཁན་ཁབ་ཁཱའི(Franz Kafka)«གཟུགས་འགྱུར་ཟིན་ཐོ»(The Metamorphosis)མི་ཡུལ་དུ་བལྟམས། ལོ་དེར། ཨ་རིའི་སྙན་ངག་པ་དང་དཔྱད་བརྗོད་པ་ཕོན་དྷིས(Ezra Pound)ཡིད་བརྙན་རིག་པའི(Imagism)སྙན་ངག་གི་ལྟ་ཚུལ་བཏོན། ཡིད་བརྙན་རིག་པ་ནི་ཧྥ་རན་སིའི་མཚོན་རྟགས་རིང་ལུགས(Symbolism)ཀྱི་རྗེས་མཐུད་ལྟ་བུ་ཡིན།
༡༩༡༣ལོ།
     རྒྱ་གར་གྱི་རླབས་ཆེ་བའི་སྙན་ངག་པ་དང་སྒྲུང་གཏམ་པ་རཱ་བྷིན་ཏཱ་ར་ནཱ་ཐ་ཐེ་ཀོར(RabindranathTagore)གྱིས་དབྱིན་པར་མའི«ཀེ་ཐན་ཀྱཱ་ལི»(Gitanjali)བརྩམས་ཏེ་ནའོ་བྷེལ་བྱ་དགའ་མནོས། ལོ་དེར། དུས་རབས༢༠པའི་དབྱིན་ཇིའི་ལོ་རྒྱུས་ཐོག་གི་གལ་ཆེའི་མི་སྣ་ལཱོ་རེན་སཱིའི(David Herbert lawrence)གྲགས་རྩོམ«བུ་དང་དགའ་མ»(Sons and Lovers)ཞེས་པ་པར་དུ་སྐྲུན།
དུས་རབས༢༠པའི་ལོ་རབས༢༠པ།
     ཉི་ཧོང་དུ་ཚོར་རྟོག་གསར་མའི་གྲུབ་མཐའ(New-feeling genre)དར། སྲོལ་རྒྱུན་ལ་དགག་པའི་དར་འཕྱར་ཏེ་རྣམ་པ་དང་ཐབས་རྩལ་གང་ཐད་ནས་ལམ་ཁ་གསར་བ་བཏོད་པའི་གྲབས་བཤམས། མཚོན་བྱེད་མི་སྣ་ནི་ཡཱ་སོའི་ན་རཱི(かわばた やすなり)ཡིན།
དུས་རབས༢༠པའི་ལོ་རབས༢༠ནས༣༠བར།
     རང་འགུལ་རྩོམ་འབྲིའི་ཐབས་དང་རྨི་འཕྲུལ་ཟིན་འགོད་ཐབས་སྤྱོད་པའི་དངོས་བརྒལ་རིང་ལུགས(Surréalisme)ཧྥ་རན་སིར་དར། སྲོལ་བཏོད་པོ་དང་གཞུང་ལུགས་པ་ནི་ཨན་ཌི་རེ•བྷི་རེ་ཏོན(André Breton)ཡིན། ཆབས་ཅིག ཚོར་རྟོག་རྒྱ་ཡན་པའི(Stream of consciousness)སྒྲུང་གཏམ་དབྱིན། ཧྥ། ཨ་རི་སོགས་སུ་དར། སྔོན་བསྐྱོད་པ་ནི་ཧྥ་རན་སིའི་ཕུ་རཱོ་སི་ཐི(Marcel Proust)དང་རྗེམ་སི•རྗོ་ཡིས་སི།(James Joyce)ལྦེ་ལེམ•ཧྥུ་ཁེ་ནེར(William Faulkner)སོགས་ཡིན།
དུས་རབས༢༠པའི་ལོ་རབས༢༠ནས༤༠བར།
     རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཆེ་ཤོས་ཀྱི་མཚོན་རྟགས་རིང་ལུགས་ཕྱི་མའི་རྩོམ་རིག་གྲུབ་མཐའ(Late Symbolism)བྱུང་། འཐུས་ཚབ་རྩོམ་པ་པོ་ནི་དབྱིན་ཇིའི་སྙན་ངག་པ་ཐོ་མ་སི•སི་ཐེན་སི•ཨེལ་ཐུ(Thomas Stearns Eliot)ཡིན།
༡༩༢༢ལོ།
     ཟླ༢པའི་ཚེས༢ཉིན། ཕ་རི་སིའི་ཤིག་སི་ཕེར་དཔེ་ཁང་གིས་ཧྥ་ཡིག་ཅན་གྱི«ཡོའི་ལེ་སེ་སི»(Ulysses)པར་དུ་བཏབ། འདི་ནི་རྗོ་ཡིས་སིའི་བརྩམས་ཆོས་གལ་ཆེ་བོ་ཞིག་སྟེ་དེང་རབས་རིང་ལུགས་རྩོམ་རིག་གི་གྲགས་རྩོམ་ཞིག་གོ ཟླ༡༠པར། ཨེལ་ཐུའི་འཐུས་ཚབ་བརྩམས་ཆོས«མྱ་ངམ་ཐང»(The Waste Land)ཁོས་གཙོ་སྒྲུབ་བྱ་བཞིན་པའི«ཚད་ལྡན»དེབ་དང་པོར་བཀོད། འདི་ནི་དེང་རབས་གྲུབ་མཐའི་སྙན་ངག་གི་ཚན་འབྱེད་རྡོ་རིང་ལྟ་བུར་བརྩི།
༡༩༢༣ལོ།
     ལེ་པ་ནོན་གྱི་སྙན་ངག་པ་གྷི་པི་རཱན(Gibran)གྱི་མཚན་ཉིད་འདྲེས་མའི་དུངས་བརྗོད་ལྷུག་རྩོམ་དེབ«མ་འོངས་སྔོན་མཐོང»(حديقة النبي)པར་དུ་བསྐྲུན། ཤར་ཕྱོགས་དེང་རབས་རྩོམ་རིག་གི་སྔོན་བསྐྱོད་བརྩམས་ཆོས་འདིས་གྷི་པི་རཱན་ཁོ་རང་ཨ་རབ་དེང་རབས་རྩོམ་རིག་གི་བསྐྱར་དར་ལས་འགུལ་གྱི་རུ་འདྲེན་ལྟ་བུར་འཇོག་པ་མ་ཟད། འཛམ་གླིང་དུ་ཡང་གྲགས་ཆེ་བའི་ལྷུག་རྩོམ་སྙན་ངག་པར་གྱུར།
༡༩༢༤ལོ།
     འཇར་མན་གྱི་རྩོམ་མཁན་ཐའོ་མ་སི་མན(Thomas Mann)གྱི་གྲགས་རྩོམ«སྒྱུ་མའི་རི་བོ»(Der Zauberberg)དང་འཐུས་ཚབ་བརྩམས་ཆོས་གཞན«བྷོ་ཏེན་པི་རའོ་ཁི་ཚང»(Buddenbrooks: Verfall einer Familie)བསྟུད་མར་བཀྲམས། སྒྲུང་གཏམ་ཁྲོད་ཐའོ་མ་སི་མན་གྱི་ཞི་བདེའི་ལངས་ཕྱོགས་བསྟན་འདུག་ལ། དུས་རབས༢༠པའི་འཇར་མན་གྱི་ཧྥ་ཤི་སིར་རྒོལ་བའི་རྐན་སྒྲ་ཆེས་ཆེ་ཤོས་དེར་གྱུར།
༡༩༢༥ལོ།
     དབྱིན་ཇིའི་དངོས་ཡོད་རིང་ལུགས་ཀྱི་ཟློས་གར་མཁན་རྗོར་རྗི་བྷི་རན་ཌི་ཞའོ(George Bernard Shaw)ཡིས«མཛངས་མ་རྗོན»(Jeannela Pucelle)བརྩམས་ཏེ་ནའོ་བྷེལ་བྱ་དགའ་མནོས།
༡༩༢༦ལོ།
     ཨ་རིའི་སྒྲུང་གཏམ་མཁན་ཧེ་མིན་ཝེས(Ernest Hemingway)སྒྲུང་རིང་ཐོག་མ«ཉི་མ་སྔར་བཞིན་འཆར་སྲིད»(The Sun Also Rises)ཅེས་པའི་མགོ་ཚིག་ཏུ་ཁྱོད་ཚོ་ནི་མགོ་རྨོངས་པའི་མི་རབས་ཤིག(You are a lost generation)ཅེས་བཤད། ཁྱོད་ཚོ་ནི་མགོ་རྨོངས་པའི་མི་རབས་ཤིག་ཅེས་པ་ཨ་རིའི་རྩོམ་སྟེགས་སྟེང་གི་བརྡ་ཆད་ཅིག་ཏུ་གྱུར་ལ་དེས་འཁྲུག་ཆེན་དང་པོའི་རྗེས་ནས་འཚར་ལོངས་བྱུང་བའི་རྩོམ་པ་པོའི་རབས་ལ་གོ
དུས་རབས༢༠པའི་ལོ་རབས༢༠བའི་སྨད་ནས༣༠བའི་མགོ
     དུས་རབས༢༠པའི་ནང་འཇར་མན་རྩོམ་སྟེགས་སྟེང་གི་ཟློས་གར་མཁན་པོ་དང་སྙན་ངག་པ་བྷ་རེ་ཆི་ཐིས(Bertolt Brecht)ཨེ་ལེགས་ཟན་དྷར་ལྟར་མ་ཡིན་པའི་ཟློས་གར་གྱི་གཞུང་ལུགས་རྩོམ་མགོ་བརྩམས།
དུས་རབས༢༠པའི་ལོ་རབས༣༠ནས༤༠བར།
     ལ་ཐིན་མེ་གླིང་དུ་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས(magical realism)དར། འཐུས་ཚབ་རྩོམ་པ་པོར་ཁོ་རོམ་བྷི་ཡའི་རྗ་ཞི་ཡ་མ་ཨར་ཁེའུ་ཟི(Gabriel García Márquez)བྱུང་།
༡༩༣༦ལོ།
     ཕུའུ་ལེ་ཟེར་བྱ་དགའ(Pulitzer Prize)ཐེངས་བཞིར་མནོས་མྱོང་བའི་ཨ་རིའི་དེང་རབས་རྩོམ་མཁན། ཕྱིར་མཚོན་རིང་ལུགས་ཀྱི་ཟློས་གར་བ་ཨོ་ནེལ(EugeneO'Neill)གྱིས་ལོ་དེའི་ནོའོ་བྷེལ་བྱ་དགའ་མནོས།
དུས་རབས༢༠པའི་དུས་དཀྱིལ།
     གཞི་གྲུབ་རིང་ལུགས(Existentialism)ཀྱི་རྩོམ་སྟངས་ཧྥ་རན་སི་ནས་དར། འཁྲུག་ཆེན་གཉིས་པའི་རྗེས་འཛམ་གླིང་ཡུལ་གྲུ་སོ་སོར་འབྱམས། འཐུས་ཚབ་པ་གཙོ་བོར་སར་ཐར(Jean-Paul Sartre)དང་ཁཱ་མུའུ་སི(Albert Camus)སོགས་ཡོད།
དུས་རབས༢༠པའི་ལོ་རབས༥༠བ།
     འཆལ་བོའི་ཟློས་གར(absurd theatre)དང་སྒྲུང་གཏམ་གསར་མ(Description)ཧྥ་རན་སིར་དར། སྔོན་མའི་འཐུས་ཚབ་པ་ནི་ཨཱོ་ནེ་སི་ཁོ(Eugene Ionesco)དང་བྷེ་ཁེ་ཐི(Samuel Beckett)དང་། རྗེས་མའི་འཐུས་ཚབ་པ་ནི་གྷི་རི་ལེར(Alain ROBBE-GRILLET)དང་པུ་ཐོར(Michel·Butor)ཡིན། དུས་མཚུངས་སུ་ཨ་རིར་རྒུད་པའི་མི་རབས་གཅིག(BeatGeneration)གི་རྩོམ་རིག་དཔུང་སྡེ་བྱུང་། ཁེ་རོ་ཡ་ཁིའི(Jack Kerouac(«ལམ་དུ»(On the Road)དང་ཨེ་ལོན་རྗིན་སི་བྷོར་གྷའི(Allen Ginsberg)«ཀུ་ཅོ»(Howl)གཉིས་གྲགས་ཆེ།
༡༩༥༡ལོ།
     ཨ་རིའི་རྩོམ་མཁན་ས་ལེན་གྷིའི(Jerome David Salinge)«གྲོ་ཞིང་ནང་གི་སོ་སྲུང་བ»(The Catcher In The Rye)ཞེས་པའི་སྒྲུང་གཏམ་པར་དུ་བསྐྲུན། དཔའ་རྟུལ་འཆལ་བོར་གྲགས་པའི་མི་སྣ་གཙོ་བོས་འཛམ་གླིང་རྩོམ་སྟེགས་སུ་སྒེའུ་ཁུང་གསར་པ་ཞིག་ཕྱེས།
དུས་རབས༢༠པའི་ལོ་རབས༦༠པ།
     ལ་ཐིན་མེ་གླིང་དུ་རྩོམ་རིག་འགས་གཏོར(Boom Latinoamericano)གྱི་དུས་རབས་བྱུང་། སྔོན་བསྐྱོད་པ་བཞི་སྟེ་ལཱོ་ས(Mario Vargas Llosa)དང་མ་ཨར་ཁེའུ་ཟི(García Márquez )ཧྥུ་ཨིན་ཐེ་ཟི(Carlos Fuentes Macías)ཁོ་ཐཱ་ཟར(Julio Cortázar)བཅས་སྐད་གྲགས་ཆེ།
དུས་རབས༢༠པའི་ལོ་རབས༦༠ནས༧༠བར།
      ཨ་རིའི་རྩོམ་སྟེགས་སུ་ཁ་མཚར་ནག་པོའི(Black humor)རྩོམ་སྟངས་དར། འཐུས་ཚབ་རྩོམ་པ་པོར་རྗོ་སི་ཧྥུ་ཧེ་ལེར(Joseph Heller)དང་བོན་ནེ་གྷི་ཐ(Kurt Vonnegut)སོགས་ཡོད།
༩༦༥ལོ།
     སུའུ་ལེན་གྱི་དོན་བརྗོད་རྩོམ་རིག་གི་ནང་དུ་སྐྱོ་གར་སྙན་ངག་རིང་མོའི་སྲོལ་བཏོད་མཁན་གྱི་ཞའོ་ལོ་ཁོབ(M.A.Sholokhov)ཀྱིས་ལོ་འདིའི་ནའོ་བྷེལ་བྱ་དགའ་མནོས། འཐུས་ཚབ་བརྩམས་ཆོས་ལ«འཇམ་ཐིང་ཐིང་གི་ཏོན་གཙང་བོ»(Quiet Flows the Don)སོགས་ཡོད།
༡༩༦༧ལོ།
     ཁོ་ལོམ་བྷེལ་གྱི་སྒྲུང་གཏམ་པ། སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་རྩོམ་རིག་གི་གཞི་འདིང་བ་རྗ་ཞི་ཡཱ་མ་ཨར་ཁེའུ་ཟིའི«ལོ་བརྒྱའི་ཁེར་རྐྱང»(One Hundred Years of Solitude)ཨ་རྒྱིན་ཐེན་ནས་བཀྲམ། ལཱ་ཐིན་མེ་གླིང་ཡོངས་སུ་རྩོམ་རིག་གི་ས་འགུལ་ལྟ་བུ་ཞིག་ལངས།
༡༩༦༨ལོ།
     ཡ་སི་ནཱ་རིས(かわばた やすなり)«ཁ་བའི་རྒྱལ་ཁབ»(雪国)དང«གནའ་གྲོང»(古都)«ཁྲུང་ཁྲུང་སྒྲོ་སྟོང་མ»(千羽鹤)ལ་བརྟེན་ནས་ལོ་དེའི་ནའོ་བྷེལ་བྱ་དགའ་མནོས། མཚུངས་སུ་ཉི་ཧོང་གི་དེང་རབས་གྲུབ་མཐའི་སྲོལ་ཕྱེས།
༡༩༨༤ལོ།
     ཅེ་ཁོའི་སྒྲུང་གཏམ་པ་དང་ཟློས་གར་མཁན། སྙན་ངག་པ་མུས་ལན་ཁུན་ཏེ་རཱས(Milan Kundera)ཚབ་མཚོན་བརྩམས་ཆོས«ཚེ་སྲོག་གིས་འདེགས་དཀའ་བ་ནི་ཡང་མོའོ»(Nesnesitelná lehkost bytí)ཞེས་པ་པར་དུ་བསྐྲུན།
༡༩༨༦ལོ།
     ནི་གྷེ་རིའི་རྩོམ་མཁན་སཱོ་ཡེན་ཁཱར(WoleSoyinka)ལོ་འདིའི་ནའོ་བྷེལ་བྱ་དགའ་ཐོབ། ཁོ་ནི་ཧྥེ་གླིང་རྩོམ་པ་པོའི་ཁྲོད་ནས་བྱ་དགའ་འདི་མནོ་མཁན་ཐོག་མ་ཡིན་ལ། བོངས་ཆེ་བའི་བརྩམས་ཆོས་ཀྱིས་མི་ཚོས་ཁོ་ལ〝དབྱིན་ཡིག་ལམ་གྱི་ཧྥེ་གླིང་གི་ཟློས་གར་མཁན་པོ〞དང〝ལྷུག་རྩོམ་སློབ་དཔོན〞དུ་འབོད།
༡༩༨༨ལོ།
     〝ཨ་རབ་སྒྲུང་གཏམ་གྱི་རྒྱལ་བོར〞འབོད་པའི་ཨེ་ཅེབ་ཀྱི་རྩོམ་པ་པོ་མ་ཧཱ་ཧྥོ་ཙིས(نجيب محفوظ‎)ལོ་འདིའི་ནའོ་བྷེལ་བྱ་དགའ་མནོས། འཐུས་ཚབ་བརྩམས་ཆོས་ལ«ཁེ་རོའི་ཁག་གསུམ»(Cairo Trilogy)སོགས་ཡོད།
༡༩༩༡ལོ།
     ཧྥེ་གླིང་ལྷོ་མའི་རྩོམ་མཁན་གྷོ་དྷི་མེ(Nadine Gordimer)གྱིས«རྗོ་ལེའི་མི་དམངས»(July's People)ལ་བརྟེན་ནས་ལོ་འདིའི་ནའོ་བྷེལ་བྱ་དགའ་མནོས། མོ་ནི་ཧྥེ་གླིང་ལྷོ་མ་ལས་བྱ་དགའ་འདི་མནོ་མཁན་ཐོག་དང་པོ་ཡིན།
༡༩༩༤ལོ།
     ཁེ་ན་ཟ་པི་རོ(おおえけんざぶろう)ནའོ་བྷེལ་བྱ་དགའ་མནོས་པའི་ཉི་ཧོང་གི་རྩོམ་པ་པོ་གཉིས་པར་གྱུར།
༢༠༠༤ལོ།
     ཨོ་སི་ཁྲི་རི་ཡའི་རྩོམ་མཁན་རྗེ་ལེན་ཁེས(Elfriede Jelinek)«རྣོ་སྦྲེང་དགེ་རྒན»(La Pianiste)བརྩམས་ཏེ་ལོ་འདིའི་ནའོ་བྷེལ་བྱ་དགའ་མནོས།

               ལོ་སྟོང་ལྔའི་རིང་གི་འཛམ་གླིང་རྩོམ་རིག་ཅེས་པ་འདི་ཁོ་བོས་ཉིས་སྟོང་བཅུ་གཅིག་ལོར་ཡོངས་སུ་རྫོགས་པར་བསྒྱུར་ཡོད་པ་ལ། ད་རེས་ནོར་བ་འགའ་དག་པར་བཅོས་ཤིང་། མི་དང་ས་ཆ། རིང་ལུགས་དང་བརྩམས་ཆོས་དག་གི་འགྱུར་གྱི་སྒྲ་དང་དོན་གང་དེའི་སྐད་ལ་སྒོ་བསྟུན་ཏེ་ཤན་སྦྱར་གྱི་རྣམ་པར་བཀོད་ཡོད་པ་འདི་བཞིན་ཡིན། ཁྱེད་ཅག་ལ་ཕན་ཏོག་ཙམ་ཨེ་ཐོགས་ཀྱི་རེ་བ་དང་བཅས་བྱམས་ཕྲུག་ཏུ་འབོད་པ་དེས་པེ་ཅིན་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་སྟོང་ལྔའི་རིང་གི་འཛམ་གླིང་རྩོམ་རིག

2015-09-02 བྱམས་ཕྲུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།