ཚིག་རྒྱན་རིག་པ་དང་ཉིན་གཅིག

 


ཉིན་མོ་དེ་བརྗེད་མི་སྲིད།
སྨྲེང་སྐྱོ་དག་གཟུགས་ཅན་འཕར་མས་འཆུས།
ནད་ཀྱིས་མནར་བའི་མི་རྣམས།
སྙིང་རྗེའི་ཉམས་ཀྱི་དཔེར་བརྗོད་དུ་ཡང་ཡང་བསམ་ཞིང་།
རབ་རྟོག་གསལ་བྱེད་ཀྱི་སྒྲ་དག་མི་རེ་རེའི་སྙིམ་པར་གཏད།

མི་སྡུག་པའི་ཉམས་སུ་གྱུར་ཚར་བས་སམ།
ཀུན་འཁོར་ནང་བཞིན་མགོ་བོ་ནི་འགལ་མེ།
ཟུང་ལྡན་ནང་ལྟར་ངག་ཚིག་ནི་འཁོར་བ།
ཐ་ན  གོམ་སྟབས་ཀྱང་བ་ལང་གཅིན་དང་མཚུངས་ལས་ལྷག་པར་མཛེས།
འཚོ་བའི་ཚིགས་བཅད་འདི་གྲིམ་ལ་འགྲིག་ཆེ།
འོན་ཏེ   དོན་ཉམས་རིམ་ཉམས་དེ་དག་ངའི་རྩིབས་ལོགས་སུ།
པདྨ་དང་སྒེག་ལྡན་མའི་བཞིན་རས་བཞིན་བཀྲག
ངས་དེ་ཚོ་ཤད་ཅིག་གི་ཚུལ་དུ་མི་འཇོག་ག་མེད་རེད།  ག་མེད་རེད།

ཙག་ཤད་ཀྱང་སྙན་ངག་ཆེན་པོ་ཞིག་ཡིན་སྙམ་སྐྱེས།
སྤ་བཀོང་བར་བྱེད་པའི།     སོ་འདར་རྒྱག་བྱེད་ཀྱི།
དབྱངས་ཨེ་ངེས་པའི་ཐག་པ་ཞིག་ལྟར་ང་ལ་མཚམས་མེད་དུ་གཞུས།

ཚིག་རྒྱན་གྱི་ནགས་ཚལ་བཞིན་གྱི་གྲོང་ཁྱེར་དུ།
ཁོ་ཚོ་བསྡུས་བརྗོད་ཤ་སྟག་ཏུ་གྲུབ་པས།
མི་ཚེའང་གབ་ཚིག་ནང་ལྟར་རོལ་བ་ལས་ཐབས་ཅི།
རང་བཞིན་བརྗོད་པའི་རྒྱན་དག་འོག་ལམ་གྱིས་དྲུད་ཤུལ་དུ།
ང་ལ་ཅི་ཡང་ལྷག་མི་འདུག
མཚུངས་པ་གསལ་བྱེད་ཀྱི་སྒྲ་ཞིག་ལག་ཏུ་མི་ཆུད་པས།
རྒྱ་གར་ཤར་བ་དག་གི་རྡོག་ལམ་འཚོལ་མགོ་བརྩམས།

ཉིན་དེར    ཉིན་དེར་གྲོལ་བ་མཛོད་དུ་གྱུར།
ཏིང་འཛིན་དག་སྦྱར་རྒྱན་ལ་འདྲེས།
དཔེ་དོན་གྱི་འཕལ་ཁ་འགལ་རྒྱན་གྱིས་གཏོར་བས།
ངས་ཤིས་བརྗོད་ཅིག་གཞར་ཡང་རྙེད་མ་སོང་། 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚིག་རྒྱན་རིག་པ་དང་ཉིན་གཅིག

2015-10-26 བྱམས་ཕྲུག ཀློག་གྲངས། མཆན ཡོད།

 


ཉིན་མོ་དེ་བརྗེད་མི་སྲིད།
སྨྲེང་སྐྱོ་དག་གཟུགས་ཅན་འཕར་མས་འཆུས།
ནད་ཀྱིས་མནར་བའི་མི་རྣམས།
སྙིང་རྗེའི་ཉམས་ཀྱི་དཔེར་བརྗོད་དུ་ཡང་ཡང་བསམ་ཞིང་།
རབ་རྟོག་གསལ་བྱེད་ཀྱི་སྒྲ་དག་མི་རེ་རེའི་སྙིམ་པར་གཏད།

མི་སྡུག་པའི་ཉམས་སུ་གྱུར་ཚར་བས་སམ།
ཀུན་འཁོར་ནང་བཞིན་མགོ་བོ་ནི་འགལ་མེ།
ཟུང་ལྡན་ནང་ལྟར་ངག་ཚིག་ནི་འཁོར་བ།
ཐ་ན  གོམ་སྟབས་ཀྱང་བ་ལང་གཅིན་དང་མཚུངས་ལས་ལྷག་པར་མཛེས།
འཚོ་བའི་ཚིགས་བཅད་འདི་གྲིམ་ལ་འགྲིག་ཆེ།
འོན་ཏེ   དོན་ཉམས་རིམ་ཉམས་དེ་དག་ངའི་རྩིབས་ལོགས་སུ།
པདྨ་དང་སྒེག་ལྡན་མའི་བཞིན་རས་བཞིན་བཀྲག
ངས་དེ་ཚོ་ཤད་ཅིག་གི་ཚུལ་དུ་མི་འཇོག་ག་མེད་རེད།  ག་མེད་རེད།

ཙག་ཤད་ཀྱང་སྙན་ངག་ཆེན་པོ་ཞིག་ཡིན་སྙམ་སྐྱེས།
སྤ་བཀོང་བར་བྱེད་པའི།     སོ་འདར་རྒྱག་བྱེད་ཀྱི།
དབྱངས་ཨེ་ངེས་པའི་ཐག་པ་ཞིག་ལྟར་ང་ལ་མཚམས་མེད་དུ་གཞུས།

ཚིག་རྒྱན་གྱི་ནགས་ཚལ་བཞིན་གྱི་གྲོང་ཁྱེར་དུ།
ཁོ་ཚོ་བསྡུས་བརྗོད་ཤ་སྟག་ཏུ་གྲུབ་པས།
མི་ཚེའང་གབ་ཚིག་ནང་ལྟར་རོལ་བ་ལས་ཐབས་ཅི།
རང་བཞིན་བརྗོད་པའི་རྒྱན་དག་འོག་ལམ་གྱིས་དྲུད་ཤུལ་དུ།
ང་ལ་ཅི་ཡང་ལྷག་མི་འདུག
མཚུངས་པ་གསལ་བྱེད་ཀྱི་སྒྲ་ཞིག་ལག་ཏུ་མི་ཆུད་པས།
རྒྱ་གར་ཤར་བ་དག་གི་རྡོག་ལམ་འཚོལ་མགོ་བརྩམས།

ཉིན་དེར    ཉིན་དེར་གྲོལ་བ་མཛོད་དུ་གྱུར།
ཏིང་འཛིན་དག་སྦྱར་རྒྱན་ལ་འདྲེས།
དཔེ་དོན་གྱི་འཕལ་ཁ་འགལ་རྒྱན་གྱིས་གཏོར་བས།
ངས་ཤིས་བརྗོད་ཅིག་གཞར་ཡང་རྙེད་མ་སོང་། 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།