དགའ་ལྡན་ལྷ་བརྒྱ་མ་ཞེས་བྱ་བ་བཞུགས་སོ།།

འདུར་ནག་པ་དཔལ་ལྡན་བཟང་བོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-04-30

      ཨོཾསྭསྟི།།དགའ་ལྡན་ལྷ་བརྒྱའི་མགོན་གྱིཐུགས་ཀ་ནས། །རབ་དཀར་ཞོ་གསར་སྤུངས་འདྲའིཆུའཛིན་རྩེར། །ཆོས་ཀྱི་རྒྱལ་པོཀུན་མཁྱེན་བློ་བཟངགྲགས། །སྲས་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའིསྟེང༌།།རྗེ་བཙུན་བླ་མ་དགྱེས་པའིའཛུམ་དཀར་ཅན། །བདག་བློ་དད་པའི་བསོད་ནམས་ཞིང་མཆོག་དང༌། །བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ། །ཤེས་བྱའི་ཁྱོན་ཀུན་འཇལ་བའིབློ་གྲོས་ཐུགས། །སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང༌། །གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་པའི་སྐུ། །མཐོང་ཐོས་དྲན་པས་དོན་ལྡན་ལ་ཕྱག་འཚལ། །ཡིད་འོང་མཆོད་ཡོན་སྣ་ཚོགས་མེ་ཏོག་དང༌། །དྲི་ཞིམ་བདུག་སྤོས་སྣང་གསལ་དྲི་ཆབ་སོགས། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོའདི། །བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པར་འབུལ། །གང་ཞིག་ཐོག་མེད་དུས་ནས་བསགས་པ་ཡི། ། ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་དང༌། །ཁྱད་པར་སྡོམ་པ་གསུམ་གྱིམི་མཐུན་ཕྱོགས། །སྙིང་ནས་འགྱོད་པ་དྲག་པོས་ སོ་སོར་བཤགས། །སྙིགས་མའིདུས་འདིར་མང་ཐོས་སྒྲུབ་ལ་བརྩོན། ། ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱེ། །མགོན་པོ་ཁྱོད་ཀྱིརླབས་ཆེན་མཛད་པ་ལ། །བདག་ཅག་བསམ་པ་ཐག་པས་ཡི་རང་ངོ། ། རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱིས། །ཆོས་སྐུའི་མཁའ་ལ་མཁྱེན་བརྩེའིསྤྲིན་འཁྲིགས་ནས། །ཇི་ལྟར་འཚམས་པའི་གདུལ་བྱའི་འཛིན་མ་ལ། །ཟབ་རྒྱས་ཆོས་ཀྱི་ཆར་པ་དབབ་ཏུ་གསོལ། །རྣམ་དག་འོད་གསལ་དབྱིངས་ལས་བཞེངས་པ་ཡི། །ཟུང་འཇུག་སྐུ་ལ་འཆར་ནུབ་མི་མངའ་ཡང༌། །ཐ་མལ་སྣང་ངོར་སྤྲུལ་སྐུ་རགས་པ་ཉི། །སྲིད་མཐའི་བར་དུ་བརྟན་པར་བཞུགས་སུ་གསོལ། །བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས། །བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང༌། །ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི། །བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག། ས་གཞི་སྤོས་ཀྱིx། དམིགས་མེད་བརྩེ་བའིx། དྲི་མེད་ x། བདུད་དཔུང་ x། གངས་ཅན་ x། བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །བརྒྱ་རྩ་དང༌། ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་པའི། །ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས། །རྒྱལ་བས་བསྔགས་པའིལམ་བཟང་འདི་ཉིད་ལས། །སྐད་ཅིག་ཙམ་ཡང་བཟློག་པར་མ་གྱུར་ཅིག།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགའ་ལྡན་ལྷ་བརྒྱ་མ་ཞེས་བྱ་བ་བཞུགས་སོ།།

2009-04-30 འདུར་ནག་པ་དཔལ་ལྡན་བཟང་བོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།