སྔོན་ན་མེད་པའི་བོད་ཀྱི་དྲག་རྩལ་བརྩམས་སྒྲུང་།


    
 སྤྱི་ལོ་༡༩༩༤ལོའི་ཟླ་༤པའི་ཚེས༡༣ཉིན་ལ་དངོས་སུ་ལེགས་འགྲུབ་བྱུང་པའི་ནག་པོ་བསྐལ་བཟང་གི་སྒྲུང་རིང་ཨང་གཉིས་པ《དམྱལ་ཟངས་ནང་ན་ཀུ་རེ་མེད》 ཅེས་པའི་འཐབ་རྩལ་གཏམ་རྒྱུད་ཀྱིས་སྲོག་ཤིང་བཟུང་བའི་བརྩམས་སྒྲུང་དེ་༢༠༠༨ལོའི་ཟླ་༨པའི་ནང་པར་སྐྲུན་བྱས་པ་རེད།ངས་ཉིན་རྒྱུན་འཚོ་བའི་ཁྲོད་ནས་སྒྲུང་གཏམ་ཁར་ཁེར་ཀློག་ཞོར་བྱེད་ཀྱང་ 《དམྱལ་ཟངས་ནང་ན་ཀུ་རེ་མེད》 ཅེས་པའི་སྒྲུང་གཏམ་འདི་གསར་འགྱུར་གྱི་ཚུལ་ཏུ་ངོ་སྤྲོད་བྱ་དོན་ནི།དེ་ནི་རང་ཅག་བོད་ལ་ཉུང་བའི་དྲག་རྩལ་གཏམ་རྒྱུད་ཀྱི་སྲོག་ཤིང་བཟུང་ཡོད་པའི་བརྩམས་སྒྲུང་དང་དངོས་ཡོད་དགོས་མཁོ་དང་མཐུན་པའི་རྩོམ་རིག་བརྩམས་ཆོས་ཀྱི་ཆ་གང་ཡིན་སྤྱིར་བཏང་སྨྱུག་ཐོགས་པ་ཞིག་གི་བརྩམས་ཆོས་དང་མཐུན་ཐབས་མེད་པ་ནི་བོད་ལ་མཚོན་ན་གསར་འགྱུར་ཡིན། བརྩམས་སྒྲུང་འདིའི་སྤྱི་ཡོངས་ནས་སྤར་བཅིངས་བྱེད་ན་དཀར་ཕྱོགས་དང་ནག་ཕྱོགས་གཉིས་ཁས་འཐབ་འཛིང་རབ་དང་རིམ་པ་སྤེལ་ཏེ་དམྱལ་ཟངས་སུ་ལྷུང་བའི་དཀར་ཕྱོགས་པ་ཧྲུའུ་ཅི་ནག་རྡོ་དང་བཀྲ་རྡོ་གཉིས་ཀྱི་སྙིང་སྟོབས་མཚོན་པར་བྱེད་པ་མ་ཟད། ནག་ཕྱོགས་པ་ཐེན་སྐུ་ཞབས་དང་ཀྲང་ཀྲུང་གཙོ་བྱས་པའི་བུ་མོ་ལྷ་སྒྲོན་དང་ཐུན་ཐུན་ལ་སོགས་པའི་ཚུལ་མིན་གྱི་བྱ་སྤྱོད་རྒྱས་བཤད་ཀྱི་སྒོ་ནས་རྗེན་པར་བཏོན་ཡོད།ལྷག་པར་དུ་ལོ་ངོ་སུམ་ཅི་ལྷག་གི་སྔོན་ནས་བཟུང་ཀྲུང་གོའི་ཆེས་གཙོ་རྒྱུག་གི་དྲག་རྩལ་འཁྲབ་གཞུང་དེ་དག་བོད་དུ་དར་ཁྱབ་མ་བྱུང་བའི་སྟོང་ཆ་དེ་ཁ་སྐོང་བྱས་པ་རེད།བརྩམས་སྒྲུང་འདིའི་འབུར་ཐོན་གྱི་ཁྱད་ཆོས་ཉག་གཅིག་ནི་མི་སྣའི་དྲག་རྩལ་རྒྱག་སྟངས་ཞིབ་འབྲི་བྱེད་པ་དེ་རེད།དཔེ་ཆ་འདིའམ་བརྩམས་སྒྲུང་འདི་ཉིད་རང་ཅག་བོད་ལ་མཚོན་ན་ངེས་པར་དུ་ངོ་སྤྲོད་དང་རྒྱས་བཤད་བྱ་དགོས་འདུག རང་ཅག་བོད་ཀྱི་གློག་བརྙན་འཁྲབ་གཞུང་གི་སྒྱུ་རྩལ་མཐོར་འདེགས་དང་དེའི་ཕྱོགས་སུ་བློ་ཁ་ཐོག་མ་ཕྱོགས་པས་དགེ་མཚན་མི་དམན་པ་མཆིས་སོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྔོན་ན་མེད་པའི་བོད་ཀྱི་དྲག་རྩལ་བརྩམས་སྒྲུང་།

2010-12-30 ཀའོ་མའེ། ཀློག་གྲངས། མཆན ཡོད།


    
 སྤྱི་ལོ་༡༩༩༤ལོའི་ཟླ་༤པའི་ཚེས༡༣ཉིན་ལ་དངོས་སུ་ལེགས་འགྲུབ་བྱུང་པའི་ནག་པོ་བསྐལ་བཟང་གི་སྒྲུང་རིང་ཨང་གཉིས་པ《དམྱལ་ཟངས་ནང་ན་ཀུ་རེ་མེད》 ཅེས་པའི་འཐབ་རྩལ་གཏམ་རྒྱུད་ཀྱིས་སྲོག་ཤིང་བཟུང་བའི་བརྩམས་སྒྲུང་དེ་༢༠༠༨ལོའི་ཟླ་༨པའི་ནང་པར་སྐྲུན་བྱས་པ་རེད།ངས་ཉིན་རྒྱུན་འཚོ་བའི་ཁྲོད་ནས་སྒྲུང་གཏམ་ཁར་ཁེར་ཀློག་ཞོར་བྱེད་ཀྱང་ 《དམྱལ་ཟངས་ནང་ན་ཀུ་རེ་མེད》 ཅེས་པའི་སྒྲུང་གཏམ་འདི་གསར་འགྱུར་གྱི་ཚུལ་ཏུ་ངོ་སྤྲོད་བྱ་དོན་ནི།དེ་ནི་རང་ཅག་བོད་ལ་ཉུང་བའི་དྲག་རྩལ་གཏམ་རྒྱུད་ཀྱི་སྲོག་ཤིང་བཟུང་ཡོད་པའི་བརྩམས་སྒྲུང་དང་དངོས་ཡོད་དགོས་མཁོ་དང་མཐུན་པའི་རྩོམ་རིག་བརྩམས་ཆོས་ཀྱི་ཆ་གང་ཡིན་སྤྱིར་བཏང་སྨྱུག་ཐོགས་པ་ཞིག་གི་བརྩམས་ཆོས་དང་མཐུན་ཐབས་མེད་པ་ནི་བོད་ལ་མཚོན་ན་གསར་འགྱུར་ཡིན། བརྩམས་སྒྲུང་འདིའི་སྤྱི་ཡོངས་ནས་སྤར་བཅིངས་བྱེད་ན་དཀར་ཕྱོགས་དང་ནག་ཕྱོགས་གཉིས་ཁས་འཐབ་འཛིང་རབ་དང་རིམ་པ་སྤེལ་ཏེ་དམྱལ་ཟངས་སུ་ལྷུང་བའི་དཀར་ཕྱོགས་པ་ཧྲུའུ་ཅི་ནག་རྡོ་དང་བཀྲ་རྡོ་གཉིས་ཀྱི་སྙིང་སྟོབས་མཚོན་པར་བྱེད་པ་མ་ཟད། ནག་ཕྱོགས་པ་ཐེན་སྐུ་ཞབས་དང་ཀྲང་ཀྲུང་གཙོ་བྱས་པའི་བུ་མོ་ལྷ་སྒྲོན་དང་ཐུན་ཐུན་ལ་སོགས་པའི་ཚུལ་མིན་གྱི་བྱ་སྤྱོད་རྒྱས་བཤད་ཀྱི་སྒོ་ནས་རྗེན་པར་བཏོན་ཡོད།ལྷག་པར་དུ་ལོ་ངོ་སུམ་ཅི་ལྷག་གི་སྔོན་ནས་བཟུང་ཀྲུང་གོའི་ཆེས་གཙོ་རྒྱུག་གི་དྲག་རྩལ་འཁྲབ་གཞུང་དེ་དག་བོད་དུ་དར་ཁྱབ་མ་བྱུང་བའི་སྟོང་ཆ་དེ་ཁ་སྐོང་བྱས་པ་རེད།བརྩམས་སྒྲུང་འདིའི་འབུར་ཐོན་གྱི་ཁྱད་ཆོས་ཉག་གཅིག་ནི་མི་སྣའི་དྲག་རྩལ་རྒྱག་སྟངས་ཞིབ་འབྲི་བྱེད་པ་དེ་རེད།དཔེ་ཆ་འདིའམ་བརྩམས་སྒྲུང་འདི་ཉིད་རང་ཅག་བོད་ལ་མཚོན་ན་ངེས་པར་དུ་ངོ་སྤྲོད་དང་རྒྱས་བཤད་བྱ་དགོས་འདུག རང་ཅག་བོད་ཀྱི་གློག་བརྙན་འཁྲབ་གཞུང་གི་སྒྱུ་རྩལ་མཐོར་འདེགས་དང་དེའི་ཕྱོགས་སུ་བློ་ཁ་ཐོག་མ་ཕྱོགས་པས་དགེ་མཚན་མི་དམན་པ་མཆིས་སོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།