མི་ཚེའི་ཉམས་མྱོང་ཁྲོད་ཀྱི་སྡོམ་ཚིག་བཅུ་གསུམ།

མགར་རྩེ་ཨུ་རྒྱན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-06-02

         རང་སྐྱོན་རུམ་ལ་བཅུག་ནས།།
          གཞན་སྐྱོན་ཁབ་ཀྱིས་འཚོལ་བ།།
   

༼༡༽ནམ་རྒྱུན་གཞན་གྱི་ནོར་འཁྲུལ་རེ་གླེང་དུས་རང་ཉིད་ནོར་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས།
༼༢༽མི་སུ་ཡིན་རུང་རྒྱུ་འབྱོར་དང་རྐུབ་སྟེགས་མཐོ་ས་ཞིག་ཐོབ་པ་ན་ད་གཟོད་མི་དེའི་མི་གཞི་དངོས་མ་མཐོང་ཐུབ།
༼༣༽རང་ཉིད་ཚད་གཞིར་བཟུང་ནས་སྐད་ཆ་བཤད་མཁན་དག་ནི་གཞན་གྱི་འདོད་འདུན་ལ་ཁ་ཡ་མི་བྱེད་པའི་སྒེར་གཅོད་པ་ཁོ་ན་ཡིན།
༼༤༽རང་ཉིད་ཀྱི་བསམ་ཚུལ་ཁྱབ་སྦྲགས་མ་བྱས་སྔོན་ལ་བསམ་ཚུལ་དེ་འགྲིམ་མིན་གྱི་ཕྱོགས་སུ་དཔྱད་པ་གཏོང་དགོས།
༼༥༽གདོང་ལ་འཛུམ་གྱིས་བསུས་ནས་ཁོག་ཏུ་གྲི་འཆིང་མཁན་རྣམས་ནི་ཆེས་འཇིགས་སུ་རུང་བའི་དགྲ་བོ་ཡིན་པས། དེ་དག་ནི་རང་ཉིད་ཀྱི་དགེ་རྒན་ཡིན་རུང་དོགས་ཟོན་བྱེད་དགོས།
༼༦༽རང་ཉིད་དཀའ་ཁག་ལ་འཕྲད་དུས་གྲོགས་པོ་འཚོང་མཁན་རྣམས་ནི་ཆེས་སྐྱུག་བྲོ་བའི་ཐ་ཤལ་གྱི་རིགས་ཡིན།
༼༧༽གཞན་གྱི་གྲི་གཡར་ན་མི་གསོད་མཁན་དག་ནི་འཇིག་རྟེན་སྟེང་གི་ཆེས་གཡོ་སྒྱུ་ཅན་གྱི་རིགས་ཡིན།
༼༨༽ཁྱོད་ཉིད་ཕམ་ཁར་འཕྲད་དུས་རོགས་རམ་བྱེད་མཁན་ནི་མི་ཚེའི་སྟེང་གི་གྲོགས་པོ་བཟང་ཤོས་ཡིན་པས་ནམ་ཡང་རྗེད་མི་རུང་།
༼༩༽རང་ཉིད་ཁོ་ནའི་ཁེ་ཕན་ལས་བསམ་མི་ཤེས་མཁན་ནི་དུད་འགྲོ་དང་ཁྱད་པར་མེད།
༼༡༠༽མི་དང་དུད་འགྲོའི་ཁྱད་པར་ནི་ཕན་སེམས་ཡོད་མེད་ཀྱི་སྟེང་ནས་འབྱེད་དགོས།
༼༡༡༽གཞན་མཐོ་སར་འགྲོ་བ་ལ་མི་བཟོད་པ་དང་ངན་གཏམ་བཤད་མཁན་དག་ནི་ཕྲག་དོག་ཆེ་བའི་རིགས་ཡིན།
༼༡༢༽རང་ཉིད་ལ་རྐུབ་སྟེགས་ཆུང་ཆུང་རེ་ཐོབ་པ་ན་སྔོན་ཆད་ཀྱི་གྲོགས་པོ་ཚོའི་མདུན་དུ་རྫིག་ཉམས་སྟོན་མཁན་དག་ནི་མི་གློ་མེད་ཀྱི་རིགས་ཡིན།
༼༡༣༽མེ་ལོང་ལས་གསལ་བའི་རང་གཟུགས་མཐོང་ཐུབ་པའི་དངོས་པོ་ནི་སྡོམ་ཚིག་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཚེའི་ཉམས་མྱོང་ཁྲོད་ཀྱི་སྡོམ་ཚིག་བཅུ་གསུམ།

2013-06-02 མགར་རྩེ་ཨུ་རྒྱན། ཀློག་གྲངས། མཆན ཡོད།

         རང་སྐྱོན་རུམ་ལ་བཅུག་ནས།།
          གཞན་སྐྱོན་ཁབ་ཀྱིས་འཚོལ་བ།།
   

༼༡༽ནམ་རྒྱུན་གཞན་གྱི་ནོར་འཁྲུལ་རེ་གླེང་དུས་རང་ཉིད་ནོར་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས།
༼༢༽མི་སུ་ཡིན་རུང་རྒྱུ་འབྱོར་དང་རྐུབ་སྟེགས་མཐོ་ས་ཞིག་ཐོབ་པ་ན་ད་གཟོད་མི་དེའི་མི་གཞི་དངོས་མ་མཐོང་ཐུབ།
༼༣༽རང་ཉིད་ཚད་གཞིར་བཟུང་ནས་སྐད་ཆ་བཤད་མཁན་དག་ནི་གཞན་གྱི་འདོད་འདུན་ལ་ཁ་ཡ་མི་བྱེད་པའི་སྒེར་གཅོད་པ་ཁོ་ན་ཡིན།
༼༤༽རང་ཉིད་ཀྱི་བསམ་ཚུལ་ཁྱབ་སྦྲགས་མ་བྱས་སྔོན་ལ་བསམ་ཚུལ་དེ་འགྲིམ་མིན་གྱི་ཕྱོགས་སུ་དཔྱད་པ་གཏོང་དགོས།
༼༥༽གདོང་ལ་འཛུམ་གྱིས་བསུས་ནས་ཁོག་ཏུ་གྲི་འཆིང་མཁན་རྣམས་ནི་ཆེས་འཇིགས་སུ་རུང་བའི་དགྲ་བོ་ཡིན་པས། དེ་དག་ནི་རང་ཉིད་ཀྱི་དགེ་རྒན་ཡིན་རུང་དོགས་ཟོན་བྱེད་དགོས།
༼༦༽རང་ཉིད་དཀའ་ཁག་ལ་འཕྲད་དུས་གྲོགས་པོ་འཚོང་མཁན་རྣམས་ནི་ཆེས་སྐྱུག་བྲོ་བའི་ཐ་ཤལ་གྱི་རིགས་ཡིན།
༼༧༽གཞན་གྱི་གྲི་གཡར་ན་མི་གསོད་མཁན་དག་ནི་འཇིག་རྟེན་སྟེང་གི་ཆེས་གཡོ་སྒྱུ་ཅན་གྱི་རིགས་ཡིན།
༼༨༽ཁྱོད་ཉིད་ཕམ་ཁར་འཕྲད་དུས་རོགས་རམ་བྱེད་མཁན་ནི་མི་ཚེའི་སྟེང་གི་གྲོགས་པོ་བཟང་ཤོས་ཡིན་པས་ནམ་ཡང་རྗེད་མི་རུང་།
༼༩༽རང་ཉིད་ཁོ་ནའི་ཁེ་ཕན་ལས་བསམ་མི་ཤེས་མཁན་ནི་དུད་འགྲོ་དང་ཁྱད་པར་མེད།
༼༡༠༽མི་དང་དུད་འགྲོའི་ཁྱད་པར་ནི་ཕན་སེམས་ཡོད་མེད་ཀྱི་སྟེང་ནས་འབྱེད་དགོས།
༼༡༡༽གཞན་མཐོ་སར་འགྲོ་བ་ལ་མི་བཟོད་པ་དང་ངན་གཏམ་བཤད་མཁན་དག་ནི་ཕྲག་དོག་ཆེ་བའི་རིགས་ཡིན།
༼༡༢༽རང་ཉིད་ལ་རྐུབ་སྟེགས་ཆུང་ཆུང་རེ་ཐོབ་པ་ན་སྔོན་ཆད་ཀྱི་གྲོགས་པོ་ཚོའི་མདུན་དུ་རྫིག་ཉམས་སྟོན་མཁན་དག་ནི་མི་གློ་མེད་ཀྱི་རིགས་ཡིན།
༼༡༣༽མེ་ལོང་ལས་གསལ་བའི་རང་གཟུགས་མཐོང་ཐུབ་པའི་དངོས་པོ་ནི་སྡོམ་ཚིག་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།