གསང་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས་ལས་རོལ་མོའི་སྐོར།༡

བཀྲ་ཤིས་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-04-18

  སྐབས་གཉིས་པ་སྤྱི་དང་བྱེ་བྲག་གི་རོལ་མོའི་རྣམས་གྲངས་འགའ་ཞིག་བརྗོད་པར་བྱ་སྟེ་ཀུན་འདུས་རིག་པ་ལས། སྒྲུབ་མཆོག་གསང་བས་རྣལ་འབྱོར་བ།། སྐྱེ་བའི་ཡིད་རྣམས་གསང་ཕྱིར་དང་།། གཏི་མུག་མུན་པ་གཞོམ་པའི་ཕྱིར།། དུང་དང་མཁར་རྔ་རྫ་རྔ་དང་།། ཅང་ཏེའུ་པིར་ཝང་ཀོ་ཀོ་ལི།། སྙན་པར་སྒྲོག་པའི་རྫས་རྣམས་ཀུན།། སྣ་ཚོགས་འབྱུང་བའི་རོལ་མོ་སྟེ།། ཉེ་བར་རྫོགས་སུ་འབྱོར་བར་བྱ།། ཞེས་དང་།།

  དེ་ལྟར་བརྩོན་པའི་སྒྲུབ་པ་དག། རྫས་དང་ཡོ་བྱད་ལ་སོགས་ཏེ།། ཤེས་དང་ཡོན་ཏན་ཕུན་སུམ་ཚོགས།། གཞན་དུ་རག་ལས་མེད་པ་ནི།། ཐམས་ཅད་ཚང་བར་རྫོགས་པས་ན།། གསུམ་གསུམ་འཚོགས་ཞེས་དེ་ལ་བྱ།། ཞེས་གསུངས་ཤིང་།། དེ་ཡང་རོལ་མོ་ཞེས་པ་རྣལ་འབྱོར་བས་སྣང་བ་སེམས་ཀྱི་རོལ་མོ་ཡིན་ལ་གང་ཟག་ཕལ་བ་རྣམས་ནི་སེམས་སྣང་བས་རོལ་མོར་འགྱུར་རོ།། གཉིས་ཀའི་ཆ་ལ་ཉེ་བར་བསྔགས་པ་འདི་ལྟར་སྟེ།། འཕགས་པ་རིན་པོ་ཆེས། དད་ལྡན་རྣམས་ཀྱི་མཆོད་པ་དང་།། བཀྲེན་པ་རྣམས་ཀྱི་འཚོ་བ་དང་།། ཆགས་ཅན་རྣམས་ཀྱི་ཡིད་གཡོ་བ།། དེ་ཀུན་རོལ་མོ་མཁན་ལས་བྱུང་།། བློ་ངན་གཟུགས་ཀྱིས་འཕོང་ཡང་རུང་།། རིགས་ངན་ནོར་དང་བྲལ་ཡང་སླ།། རོལ་མོའི་ཆ་ལ་མཁས་གྱུར་ན།། ཚོགས་ཀྱི་ནང་ན་རྒྱན་ལྟར་མཛེས།། གང་ན་ཐོད་དང་སྐྲ་གསར་དང་།། གར་དང་རོལ་མོའི་སྒྲ་ཡོད་སར།། དེ་ན་མྱ་ངན་ཡོད་མིན་པས།། དེས་ན་རོལ་མོ་བསྔགས་པ་ཡིན།། འགའ་ཞིག་འགའ་ལ་མི་མཛེས་ཤིང་།། ལ་ལ་གཞན་ལ་མཛེས་མ་ཡིན།། མཁས་རྨོངས་སྐྱེས་པ་བུད་མེད་སོགས།། ཀུན་ལ་མཛེས་པ་རོལ་མོ་ཡིན།། དཀོན་མཆོག་མཆོད་ཕྱིར་འདུས་པ་དང་།། ཕན་ཚུན་བལྟ་ཕྱིར་འདུས་པ་དང་།། ཕུན་སུམ་ཚོགས་པ་མཐོང་བའི་ཚེ།། མཁས་པས་རོལ་མོ་བརྩམ་པར་བྱ།། ཞེས་སོགས་གསུང་ཞིང་དགོས་པ་བརྗོད་ཀྱིས་མི་ལང་ངོ་།། དེ་ལྟ་བུའི་རོལ་མོ་དེ་ལ་རྣམ་གྲངས་མང་ཡང་ཕལ་ཆེར་དཀྲོལ་བ་དང་། བརྡུང་བ་དང་། འབུད་པ་གསུམ་གྱི་ཁོངས་སུ་མ་འདུས་པ་ཆེར་མེད་ལ།

  དང་པོ་དཀྲོལ་བའི་རོལ་མོ་ལའང་བཞི་ལས་དང་པོ། རྡོ་རྗེ་དང་དྲིལ་བུ་ནི་མཚན་ཉིད་སོགས་གོང་དུ་བསྟན་ལ་གསོར་དང་དཀྲོལ་བའི་ཐབས་ས་བཅད་དུ་བཤད་པར་བྱ་སྟེ། དེ་ཡང་ཐབས་བདེ་བ་ཆེན་པོ་མཚོན་བྱེད་རྡོ་རྗེ་ལག་ཏུ་ཐོགས་ནས།།

  ཧཱུཾ། མི་འགྱུར་ཐུགས་ཀྱི་རྡོ་རྗེ་ནི།། ཐུགས་ཀར་རྟག་ཏུ་བསྟན་བྱས་པའི།། ཐུགས་ཉིད་ཡེ་ཤེས་རྡོ་རྗེ་ཡིན།། གསོར་བས་གདོན་བགེགས་ཐམས་ཅད་འཇོམས།། ཞེས་སོགས་ཀྱི་གསོར་ཞིང་གསོར་ལུགས་ལའང་སྐེད་གསོར་དང་རྩེ་གསོར་སོགས་ཀྱི་ཐ་སྙད་ཡོད་པ་ལས་འདིར་རྩེ་གསོར་ཏེ་མཐེ་བོང་གོང་མོ་རྩེ་སྤྲོད་ཀྱི་རྡོ་རྗེ་ལྟོ་བ་ནས་ཐོགས་ལ་གྱེན་དུ་བསླང་ཞིང་གཡས་སུ་གྱི་ལི་ལི་གསོར་ཞིང་ཐུགས་ཀར་བསྟན་ལ་ཐུགས་ཀྱི་དམ་ཚིག་དྲན་པར་བྱའོ།། རིལ་བུ་ཡང་མཐེབ་སྲིན་གྱི་བར་དུ་དྲང་པོར་ཐོགས་ལ། ཨཿཤེས་རབ་དབྱངས་ཀྱི་སྒྲ་སྒྲོག་པ།། མཚན་མའི་དངོས་པོ་སྒྲ་མཐར་སྟོང་།། སྲིད་གསུམ་རང་བཞིན་ཉིད་ཀྱི་བདག། དངོས་པོ་ཐམས་ཅད་སྟོང་ཉིད་ངང་།། ཞེས་དཀྲོལ་ཞིང་དཀྲོལ་ལུགས་ལའང་ཆིག་བརྡུང་བ་དང་། ཉིས་བྱེད་དང་། གསུམ་དཀྲོལ། རྒྱུན་ཆགས་སོགས་ལས་འདིར་རྒྱུན་ཆགས་ཏེ་དལ་བུའི་སྲི་ལི་ལི་དཀྲོལ་ཞིང་ནང་གི་ངོས་གཉིས་ཀར་དྲིལ་ལྕེ་ཕོག་པར་བྱེད་པའོ།། ཐེངས་གཅིག་འཁྲོལ་ནས་དཀུར་བརྟེན་ལ་གསུང་གི་དམ་ཚིག་དྲན་པར་བྱ་བ་དང་། དེ་ནས་རྡོར་དྲིལ་ཐུགས་ཀར་བསྣོལ་ནས་སྐུའི་དམ་ཚིག་དྲན་པར་བྱ་བ་སྟེ། ཟུང་འཇུག་གི་ལམ་ཡང་དག་པར་འཇུག་པའི་བརྡའ་མཚོན་ནོ།།

  གཉིས་པ། ཌཱ་མ་རུའི་རྒྱུ་དང་མཚན་ཉིད་སོགས་བཤད་པ་ལ། ལར་ཌཱ་མ་རུ་འདི་བླ་མེད་ཀྱི་རྒྱུད་སྡེ་རྣམས་མ་གཏོགས་གང་ཡིན་དུ་དཀྲོལ་པ་སོགས་མ་བཤད་ལ་རྒྱུད་སྡེ་འོག་མ་རྣམས་ལས་ནི་མི་འབྱུང་ངོ་།། རྒྱུ་ནི་སམ་བྷུ་ཊ་སོགས་ལས་འདི་ལྟར་ཏེ། རྒྱ་མཚོ་ཤིང་དང་སེང་ལྡེང་དང་། བཛྲ་ཤྲཱི་ཤའི་རྩ་བ་དང་།། ཙནྡན་དམར་པོ་ལ་སོགས་པའི།། གང་ཉིད་ཡིད་ལ་འདོད་པ་བྱ།། སོགས་གསུངས། འདི་ན་ཤིང་ཁོ་ན་ལས་གཞན་མ་གསུང་ཞིང་། བདེ་མཆོག་ལས། གཞན་པ་ཡེ་ནས་རྔ་ཆུང་ནི།། ཐོད་པ་ལ་ནི་བསྐོར་བ་ཉིད།། སོགས་དང་ཡང་།། སྒྱུ་འཕྲུལ་དྲ་བ་ལས། སྤྲེའུའི་ལྤགས་པས་གཡོས་ན་ནི།། ངོས་གཉིས་ལ་ནི་པདྨ་བྲི།། བུད་མེད་ཁྲག་གིས་མཛེས་པར་བྱ།། སྙིང་སོ་ཁྲེམ་ཁྲེམ་དག་བྲིས་ཏེ།། ཞེས་གསུངས་པས་རྒྱུད་སྔ་མའི་དགོངས་པ་ལ་ནི་ཚད་ཀྱང་། དེ་ཉིད་ལས་འདི་ལྟ་སྟེ། བཅུ་གཉིས་པ་དང་བཅུ་པ་ཉིད།། ཁ་ལ་སོར་ནི་དྲུག་པ་སྟེ།། དགུ་བ་དང་ནི་བཅུ་གཅིག་པ།། ཁ་ལ་དེ་ཡི་ཕྱེད་ཉིད་དོ།། ཞེས་པའི་རབ་ལ་མཆུ་སོར་བཅུ་གཉིས་པ་དང་། ཁ་ལ་སོར་དྲུག འབྲིང་ལ་མཆུ་སོར་བཅུ་བ་དང་། ཁ་ལ་སོར་ལྔ་པ། ཐ་མ་མཆུ་སོར་དགུ་དང་ཁ་ལ་ད་ཡི་ཕྱེད་ཉིད་དོ།། ནང་གི་ངོས་སུ་རྩི་དམར་འཇམ་སོགས་ལེགས་པར་བཏང་ནས་གསེར་དངུལ་སོགས་རིན་པོ་ཆེའི་དཀྱིལ་འཁོར་རམ་སྐུ་གཟུགས་ཕྱག་མཚན་སོགས་བྲི་བར་གསུངས་སོ།། རྒྱུད་ཕྱི་མ་གཉིས་ཀྱི་དགོངས་ལྟར་ན། སྐྱེས་པ་ལོ་བཅུ་དྲུག་ལོན་པ་དང་། བུད་མེད་ལོ་བཅུ་གཉིས་ལོན་པའི་ཐོད་པ་ལྟག་སྤྲོད་བྱས་པ་སྤྲེའུའི་ལྤགས་པ་གཡོགས་པའི་ནང་ངོས་གཉིས་ལ། བུ་མོ་གཙང་མའི་ཟླ་མཚན་གྱིས་པད་མ་བྲིས་པའི་ལྟེ་བར་ཧྲི་མཾཿསོགས་བྲིས་ལ། སྐེད་དཀྲིས་དུར་ཁྲོད་ཀྱི་སྐྲ་ལ་ལ་བྱས་པ་མཐིང་རིལ་གྱི་རྐང་རུས་ཀྱིས་བརྡུང་བར་གསུངས་པ་སྟེ། ཡང་ཅང་ཏེའུ་དྲྭ་བ་ཅན་ཞེས་པའང་རབ་ཞིང་རྒྱུས་ཀྱི་སྟེང་འོག་བུག་པ་ལས་ཕན་ཚུན་བསྣོལ་མར་དྲངས་ནས་བརྒྱུས་པའི་རེ་མིག་ཆོས་འབྱུང་ལྟ་བུའི་སྟེང་དུ་བཅུ་དྲུག་དང་འོག་ཏུ་བཅུ་དྲུག་འབྱུང་སྟེ། ཡས་འབབ་མས་བརྟེན་གྱི་དགའ་བ་བཅུ་དྲུག་མཚོན་པའི་དོན་དུ་བཤད་དོ།། དེ་ལྟ་བུའི་ཅང་ཏེའུ་མཚན་ཉིད་དང་ལྡན་པ་ལ་ནི། དཀྲོལ་ཚུལ་སོགས་ཀྱང་ཞིབ་རྒྱས་གཞན་ལས་བྱུང་མོད། འདིར་ཅི་ཙམ་དུ་ནི་ལག་གཡས་མཐེ་བོང་དང་མཛུབ་མོས་ཌཱ་མ་རུའི་སྐེད་དཀྲིས་བསྣོལ་མཚམས་ནས་བཟུང་། ཐང་ལྷོད་མེད་པར་དཀྲོལ་བ་སྟེ། ཀོང་ལོ་གཞན་ཕན་རྡོ་རྗེ་སོགས་ཀྱི་ལ་བསྐྲད་པ་ལ་སོགས་པ་ལ་མཐེ་བོང་ཕྱིར་བསྟན་གྱིས་དཀྲོལ་ལ། བྱིན་རླབས་དབང་བསྐུར་སོགས་ལ་མཛུབ་མོ་ནང་བསྟན་གྱིས་དཀྲོལ་བར་གསུངས་ལ། དོན་དུ་གཡས་སྐོར་གཡོན་སྐོར་གྱི་ཁྱད་ལྟ་བུ་ཡོད་དོ།། ཅང་ཏེའུ་དེ་ཡི་དེ་ཉིད། དེའི་ཁོག་པ་དང་པགས་པ་རྒྱུད་རྡུང་བྱེད་སྐྱེས་བུའི་ལག་པའི་རྩོལ་བ་སོགས་གཅིག་ལ་གཅིག་རྟེན་ཅིང་འབྲེལ་བར་འབྱུང་བ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་དང་། སྒྲ་གྲགས་སྟོང་སྐྱེ་འགག་མེད་པ་ཆོས་ཉིད་སྐྱེ་འགག་སོགས་མཚོན་དོན་ནོ།།

  དགོས་པ་ནི། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རྣམས་ལ་མཆོད་པ་དང་། མཁའ་འགྲོ་ཞིང་སྐྱོང་དབང་དུ་བསྡུ་བ་དང་དམ་ཅན་ཆོས་སྐྱོང་རྣམས་ཀྱི་རྒྱུད་བསྐུལ་བ་སོགས་སོ།། དེ་ལྟ་བུའི་ཌཱ་མ་རུ་བྱིན་བརླབས་པ་དང་ལག་ཏུ་ཐོགས་ལ། ཧཱུཾ་རྣལ་འབྱོར་མཆོག་གི་ཌཱ་མ་རུ།། ཡུམ་ཉིད་མ་སྐྱེས་ཆོས་ཀྱི་དབྱིངས།། འཛིན་རྟོག་བྲལ་བའི་ཡེ་ཤེས་ཀྱི།། ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་སྒྲོག། སོགས་ཀྱིས་དཀྲོལ་ཞིང་དེ་ཉིད་དྲན་པར་བྱའོ།།

  གསུམ་པ་སིལ་སྙན་ནི། ཁ་སྦྱོར་ལས། སིལ་སྙན་ཡང་དག་སྦྱོར་མཚན་ཉིད། །བཤད་པར་བྱ་ཡི་ལྷ་མོ་ཉོན།། ཞེས་དང་། ལྷ་ཡི་སིལ་སྙན་དམ་པ་འདི། ཞེས་དང་། རོལ་མོ་སིལ་སྙན་ཕན་གདུགས་དང་། སོགས་གསུངས་ཤིང་རྒྱུད་རྒྱ་གཞུང་གང་ནས་བསྟན་ལ་ཁུངས་ཆེ་བ་ཡིན་ཡང་མཚན་ཉིད་སོགས་ཞིབ་པར་བཤད་པ་ཆེར་མ་མཐོང་ཡང་བྱུང་ཁུངས་ཐོག་མར་ལྷ་ཡུལ་དུ་དར་ལ། རང་ཅག་གི་སྟོན་པའི་བསྟན་པ་དང་མཉམ་དུ་མི་ཡི་ཡུལ་དུ་བྱུང་བའི་རྒྱུ་མཚན་ཁ་ཅིག་བཤད་པ་དང་། ཡང་སྔོན་འཁོར་ལོས་བསྒྱུར་རྒྱལ་གྱི་སྐབས་འགའ་ན་སྲས་དང་བཙུན་མོ་བཅས་པ་གླིང་བུ་སིལ་སྙན་སོགས་ཀྱི་རྩེད་མོ་ལ་སྐྱེད་མོས་ཚལ་དུ་ཞེས་སོ།། གང་ལྟར་དེང་སང་རྒྱ་ཧོར་འཇང་སོགས་ནས་བྱུང་བའི་སྤུས་དག་པའི་གྲས་ནི་རོལ་མོ་གཞན་དང་མི་འདྲ་ཞིང་འཇམ་ལ་བྱིན་རླབས་དང་ལྡན་པས་དཀྲོལ་ན་རྒྱལ་བ་སྲས་བཅས་དགྱེས་པ་སྐོང་ཞིང་རྒྱུ་བསོད་ནམས་ཀྱི་ཚོགས་ཆེན་པོ་རྫོགས་པ་དང་། སེམས་ཅན་རྣམས་ཀྱི་ཉོན་མོངས་ཀྱི་ཟུག་རྔུ་ཞི་བར་ནུས་ཤིང་། དཀྲོལ་ཐབས་ལའང་པད་སྐོར་མ་དང་། མེ་ཏོག་སིལ་མ་སོགས་གྲྭ་ས་ཁུངས་མ་རྣམས་ཀྱི་ཕྱག་སྲོལ་ལྟར་བྱེད་པ་ནི་གནད་དམ་པའོ།།

                                                                      རྩོམ་སྒྲིག་པ། དབང་མོ།                    

རྩོམ་ཁུངས། གསང་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསང་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས་ལས་རོལ་མོའི་སྐོར།༡

2016-04-18 བཀྲ་ཤིས་རྒྱ་མཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།