ལྗིད་ཏིག་ཏིག་གི་མི་ཚེ།

                       —རིག་རྒྱམ་གྱི་སྒྲུང་ཐུང་༼ང་དང་ནུབ་ཁའི་༽ཀློག་གྲོལ།

  སྐུ་ཞབས་རིག་རྒྱམ་གྱི་བརྩམས་ཆོས་མང་ཆེ་ཤོས་ཀྱི་ནང་ནས་རིན་ཐང་གི་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ་མི་འདྲ་བའི་གདོང་ཐུག་འོག་ནས་བརྩམས་ཆོས་ཀྱི་འཕེལ་རིམ་དེ་ལམ་སྣ་གཉིས་ལ་བརྒྱུད་ནས་མཐའ་མར་རྩོམ་པ་པོ་རང་ཉིད་ཀྱི་མི་ཚེའི་ལྟ་ཚུལ་འམ་མིའི་རིགས་སྤྱིའི་བསམ་པའི་འཁྱེར་སོ་དང་སྡེབ་སྟེ།བརྩམས་ཆོས་ཀྱི་བརྗོད་སྙིང་འཛམ་གླིང་རང་བཞིན་ཅན་དུ་ཕྱོགས་པའི་ཁྱད་ཆོས་ལྡན་འདུག དེ་ཡང་ཕལ་ཆེར་རྩོམ་པ་པོ་རང་ཉིད་ཕྱི་རྒྱལ་སོགས་སུ་སོང་མྱོང་བ་དང་གནས་དེ་ག་ནས་མྱོང་བའི་སློབ་གསོ་སོགས་ཀྱི་བསྐྱེད་པའི་ཤུགས་རྐྱེན་གྱིས་བརྩམས་ཆོས་ཀྱི་ནང་དོན་ཡང་གཞན་དང་མི་འདྲ་བའི་དེ་འདྲའི་དམིགས་གསལ་གྱི་ཁོར་ཡུག་གིས་བསྐྱེད་ཀྱང་སྲིད། ལྷག་དོན་༼ང་དང་ནུབ་ཁ་༽ནི་སྐུ་ཞབས་རིག་རྒྱམ་གྱིས་༡༩༩༠ཡས་མས་སུ་བྲིས་རྩོམ་གནང་བའི་སྒྲུང་གཏམ་གྱི་སྐོར་གྲོས་ཤིག་ཡིན་ལ།བར་སྐབས་དེ་ནི་ཅུང་ཙམ་ཚ་ཚ་འུར་འུར་ཡིན་པའི་སྤྱི་ཚོགས་ཀྱི་དུས་སྐབས་ཤིག་ཏུ་ཁེལ་འདུག་པས་ན་གཞོན་འགན་འཁྲི་ཅན་ཚོས་རང་ནུས་ཅི་ལྕོག་གིས་ཞབས་འདེགས་དང་སྲིད་ཞུ་བསྒྲུབ་རྒྱུ་ནི་བླ་མེད་ཀྱི་གཟིད་བརྗིད་ཞིག་ཏུ་ངོམ་ཡོད་ལ།ལྷག་པར་སྐུ་ཞབས་རང་གྲོལ་གྱི་དཔྱོད་ཤེས་དང་ལ་རྒྱས་ཤེས་ལྡན་པའི་སྡེར་གྲགས་འགུལ་མི་ཉུང་མྱོང་བ་ཞིག་བཟོས་ཡོད་ཕྱིར་སྐབས་དེའི་རྩོམ་པོ་བ་མང་ཤོས་ཤིག་གིས་ལྟ་ཚུལ་གསར་བ་དང་བསམ་བློ་གསར་བ་བརྗོད་པའི་དམིགས་གསལ་གྱི་དུས་སྐབས་ཤིག་ཏུ་༼ང་དང་ནུབ་ཁའི་༽ སྐུ་གཏམས་པ་རེད།

              ༡ ནུབ་ཁ་ང་དང་འཚམས་པའི་དུས་ཚིགས་ཤིག
  སྤྱིར་སྒྲུང་གཏམ་ཐུང་གྲོས་འདི་འདྲ་ཞིག་གི་ཤོང་ཚད་ཀྱི་ཕྱོགས་ནས་ཀྱང་བྱུང་རིམ་གྱི་དུས་ཚོད་རིང་དྲགས་པ་དང་བརྗོད་བྱའི་ནང་དོན་ཆེ་དྲགས་པའི་སྐྱོན་ཤོར་ལེ་ཆེ།ཡིན་ཡང་༼ང་དང་ནུབ་ཁས༽་འདིའི་ཕྱོགས་ལ་དོ་སྣང་དང་ཞིབ་ཚགས་ཡོང་བ་ཅུང་དམ་པོར་བྱེད་འདུགརྩོམ་པ་པོས་གཏམ་རྒྱུད་ཀྱི་མགོ་གླེང་མ་ཐག་ནུབ་ཁའི་རྣམ་པ་ཞིག་བྲིས་གནང་མཛད་དེ་ནང་སེམས་ཀྱི་ཚོར་འདུ་དང་ཕྱི་རོལ་ཀྱི་རྣམ་པ་གཉིས་གཞི་གཅིག་ཏུ་འདྲིས་བར་བྱས་ནས་ང་དེ་ནུབ་ཁ་དང་འདྲ་ལ་ནུབ་ཁ་ང་དང་མཚམས་པའི་གཏམ་རྒྱུད་ཀྱི་རྒྱུན་ཐག་དེ་ཐོག་མར་ནུབ་ཁ་ནས་འཇུ་བར་ཀློག་པ་པོར་དམིགས་ཀྱིས་བསྟན་འདུག ངའི་སེམས་ཁམས་མཚོན་བྱེད་ཀྱི་བརྡ་རྟགས་གལ་ཆེན་༼ནུབ་ཁ་༽དེས་མ་རྩོམ་ཧྲིལ་བོར་
  སྐྱོ་ཉམས་རང་བཞིན་ཅན་གྱི་རླབས་རྒྱུན་གྱིས་གཏམ་རྒྱུད་ཀྱི་མགོ་མཇུག་བར་གསུམ་ཡོངས་སུ་གཡོས་འདུག་པས་སྒྲུང་གཏམ་འདི་སྐྱོ་གར་སྒྲུང་གཏམ་གྱི་ཁོངས་སུ་བཞག་ན་འོས་བར་སྙམ།དེ་ཡང་མ་གཞི་ནས་སྐྱོ་གར་དེ་སྙིང་སྟོབས་རིགས་ཤིག་ཏུ་གཏོགས་ལ་ལྷག་དོན་རྩོམ་རིག་གི་སྐྱོ་གར་དེ་འཕེལ་རྒྱས་ཀྱི་གོ་རྟོགས་ཤིག་སད་བཞིན་པའི་སྔོན་བརྡ་ཙམ་དུ་ཅིས་ཀྱང་ཡིན་སྲིད།འཛམ་གླིང་རང་བཞིན་ཅན་གྱི་རྩོམ་རིག་ལ་ཡང་སྐྱོ་གར་གྱིས་ཞུགས་པའི་ཆ་ཤིན་ཏུ་མང་སྟེ“གནའ་བོའི་ཀེ་རི་སེའི་སྐབས་ཀྱི་༼ཧོ་མེའི་ལོ་རྒྱུས་སྙན་རྩོམ་༽ལ་ལས་དབང་གི་སྐྱོ་གར་(命运悲剧)དང་རིག་རྩལ་བསྐྱར་དར་སྐབས་སུ་ཤིག་སེ་ཕེར་གྱིས་བརྩམས་པའི་༼ཧམ་ལེ་ཐི་༽ལ་མི་གཤིས་སྐྱོ་གར་ཅན།(性格悲剧)ད་དུང་དུས་རབས་བཅུ་དགུ་བར་བརྩམས་པའི་སྤྱི་ཚོགས་སྐྱོ་གར་(社会悲) ”རང་བཞིན་ཅན་གྱི་བརྩམས་ཆོས་མང་དུ་བྱུང་།ལྷག་པར་དུ་སྐུ་ཞབས་རིག་རྒྱམ་གྱིས་རྩོམ་གྱི་མགོ་བརྩམས་ས་དང་མཇུག་བསྡུ་ས་དེ་ནུབ་ཁའི་སྟེང་དུ་བཀལ་བ་ནི་སྒྲུང་ཐུང་འདིའི་ཆེས་ལེགས་འགྲུབ་བྱུང་བའི་གནས་སུ་འཁུམས་ཡོད།ཏག་ཏག་ནུབ་ཁ་དེའི་དབང་གིས་༼ང་ལ་བསམ་བློ་འདི་ཁོ་ནས་མི་ཚད།བསམ་བློ་གང་མང་གི་སྒོ་ཕྱེ།སྦྲང་ཚང་གི་ཁ་ཕྱེ་བ་ཇི་བཞིན།༽ཞེས་པ་ལས་རྩོམ་པ་པོས་ནུབ་ཁ་ནི་བསམ་གཞིགས་ཀྱི་ངག་སྒོ་འཁྲོལ་ས་དང་ན་ཟུག་གི་མདུང་རྩེ་གཏོད་ཡུལ་དམིགས་གསལ་བ་ཞིག་ཏུ་བྲིས་པར་རྒྱུ་མཚན་དང་གནས་ལུགས་ཡེ་ནས་མེད་པ་ཞིག་མིན་པར་དེ་ཡང་སྤྱི་ཚོགས་དང་ལོ་རྒྱུསརིག་གནསཕམ་ཁ་སོགས་ཀྱིས་བསྐྱེད་པའི་ན་ཟུག་གིས་རྩོམ་པ་པོས་རང་སེམས་ཀྱི་བཟོད་བརླག་མེད་པའི་སྐྱོ་གདུང་དེ་ནུབ་ཁར་བློས་སློང་བྱེད་པ་ནི་སྒྱུ་རྩལ་ཁྱད་ཆོས་བླ་མེད་ཞིག་ཏུ་འཁུམས་པར་འདོད།
  རྩོམ་རིག་གི་མཚོན་བྱ་སྤྱི་ཚོགས་འཚོ་བའི་ནང་སྙིང་ཡིན་པའི་༼མྱིའི་༽རིག་གནས་ཀྱི་ཟབ་ཚད་དང་ལོ་རྒྱུས་རྒྱབ་ལྗོངས་ལ་མྱོང་རྟོགས་བྱེད་པ་ནི་འཚོ་བའི་དཀྱིལ་སྙིང་དངོས་ལ་རེག་པ་ཡིན་ལ་རྩོམ་རིག་གི་རིན་ཐང་བཀྲམ་སྟོན་བྱེད་པ་ཞིག་ཀྱང་ཡིན།རྩོམ་པ་པོས་༼ང་དང་ནུབ་ཁ་༽བྲིས་པའི་བར་སྐབས་དེ་ནི་རིག་གསར་མཇུག་སྒྲིལ་ནས་སྤྱི་ཚོགས་ཞི་འཇགས་ཡོང་བའི་དུས་དང་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཚ་རླབས་དགུང་ལ་འཕྱོ་བཞིན་པའི་བར་ལ་འཁེལ་པས་ན་གཞོན་ཤེས་ལྡན་པ་ཚོས་མུན་ནག་གི་ལོ་ངོ་བཅུའི་དཀའ་སྡུག་ལ་ཕྱིར་རྟོག་དང་མི་བུ་སྒེར་སོ་སོའི་སད་རྟོགས་ལ་རྒྱང་འབོད་ཐེངས་གཅིག་མི་བྱེད་ཀ་མེད་བྱུང་སོང་།ཏག་ཏག་སྐབས་དེར་རྩོམ་པ་པོས་རང་ཉིད་ཀྱི་སྨྱུ་གུར་བརྟེན་ནས་ཐོབ་ཤོར་གྱི་ལོ་ཟླའི་བར་གསེང་གི་འཇིགས་ཉེན་དང་སྐྱོ་ཡུས་ལ་ཚང་རྩིས་ཤིག་རྒྱག་དགོས་ཏེ།༼ནུབ་ཁ་༽ལྟ་བུའི་གང་ཞིག་ལ་སིམ་འགྲོ་བའི་རང་དང་བར་ཐག་ཉེ་བ་ཐ་དག་ལ་བསམ་གཞིག་གི་སྨྱུག་ཁ་ཞིག་བསྐོར་དགོས་ཤིང་།དེ་ཡང་རྩོམ་པ་པོས་རང་ཉིད་ཀྱི་འགན་འཁྲི་དེ་མ་བོར་བར་༼ཁྱིམ་མཚེས་ཟླ་སྒྲོན་དང་བསམ་གཏན་ལྟར་འཇིག་རྟེན་གྱི་ལོངས་སྤྱོད་གང་མང་ལ་རོལ་༽བའི་བསྐལ་བ་རང་དུ་དོར་ནས་རིག་གསར་དང་བཅོས་བསྒྱུར་གྱི་རླབས་རྒྱུན་གྱི་འོག་ནས་དེད་འོང་བའི་རིག་གནས་ཀྱི་ཤུགས་རྐྱེན་ལས་འཚོ་གནས་གནད་དོན་དང་བདེ་སྐྱིད་ལ་བཟུང་བའི་སྟ་སྟངས་དེར་ཅིས་ཀྱང་ཡང་བསྐྱར་ཚད་ཐེངས་གཅིག་འཇལ་དགོས་བར་བརྩམས་ཆོས་ཧྲིལ་བོའི་ཁ་དབུགས་སུ་ངང་གིས་ཆགས་འདུགའདི་ལྟ་བུའི་རིག་གནས་ཀྱི་རྡབ་གསུག་ཞིག་གི་འོག་ནས་༼ངས་སྐམ་རྙིད་དུ་གྱུར་བའི་སྡོང་ལོའི་སྟེང་རྡོག་བརྫིས་བཏང་སྟེ་མདུན་དུ་སྐྱོད་༽རྒྱུ་ནི་ནོར་འཁྲུལ་གྱི་བསམ་བློ་ཞིག་མིན་པའི་ངེས་པ་མེད་ཀྱང་ང་ཚོས་རང་ཉིད་ཀྱི་ངོ་གདོང་ལ་བལྟ་བྱེད་ཀྱི་མེ་ལོང་ཞིག་བཙལ་ཆེད་རྡོག་སྒྲ་དེ་ཅིས་ཀྱང་འཇགས་མི་ཉན་པའི་ཆོད་སེམས་ཀྱིས་ཀློག་པ་པོར་གཏམ་རྒྱུད་ཀྱི་མགོ་ནས་ཡིད་ཆེས་དང་ངར་ཤུགས་ལྡུད་ཐུབ་པའི་སྒྲིག་རིམ་གྱི་ཁྱད་ཆོས་ལྡན་འདུག

              ༢ མི་སྣ་སོ་སོའི་ཡང་ལྕི་ལས་རང་ཉིད་འཇལ་བ།

  མེ་ལན་ཁིན་ཏིར་གྱི་༼སྒྲུང་གཏམ་གྱི་སྒྱུ་རྩལ་༽ཞེས་པ་ལས་༼གཏམ་རྒྱུད་ཅིག་ལྷུག་འབྲི་བྱེད་པ་དང་གཏམ་རྒྱུད་ཅིག་བཀོད་འབྲི་བྱེད་པ།གཏམ་རྒྱུད་ཅིག་ལ་བསམ་གཞིགས་བྱེད་པའི་༽སྒྲུང་གཏམ་གྱི་འབྲི་སྟངས་རིགས་གསུམ་བྲིས་ཡོད་པ་ལས་སྐུ་ཞབས་རིག་རྒྱམ་གྱིས་༼ང་དང་ནུབ་ཁ་༽ཏག་ཏག་གཏམ་རྒྱུད་ཅིག་ལ་བསམ་གཞིགས་བྱེད་པའི་འབྲི་སྟངས་བེད་སྤྱད་དེ་མི་སྣ་སོ་སོའི་རིན་ཐང་གི་ལྟ་བ་དང་འཚོ་གནས་ཀྱི་ལྟ་ཚུལ་མ་འདྲ་བའི་དབང་གིས་ངས་ཀྱང་༼ལྷ་མོ་༽དང་༼སྨྱོན་པའི་ཟིན་ཐོ་༽ལྟ་བུའི་སྤྱི་ཚོགས་ཀྱི་བདེ་སྡུག་དང་དུ་བླངས་བའི་དཔེ་ཆ་བརྩེགས་མ་དེ་དག་དང་འདྲ་བར་མནོ་བསམ་ཟབ་མོ་ཞིག་གཏོང་དགོས་བྱུང་།སྤྱིར་ན་མི་རིགས་ཤིག་གམ་ཚོགས་སྤྱི་གང་རུང་ཞིག་གི་བདེ་སྡུག་དེས་མི་བུ་ག་གེ་མོ་ཞིག་གི་ཕྲག་སྟེང་ལ་བབས་པའི་འོས་འགན་ཞིག་མ་ཡིན་པར་དེ་ནི་ཚོགས་སྤྱི་དེར་གནས་བའི་སྒེར་མི་སོ་སོས་དང་དོད་དང་ཁུར་དུ་འོས་པའི་འགན་འཁྲི་ཞིག་ཡིན་ཡང་།ཁྱིམ་མཚེས་ཟླ་སྒྲོན་ལྟ་བུའི་༼ཕོ་མོའི་བརྩེ་དུང་མངོན་སུམ་དུ་མཚོན་པའི་དཔེ་དེབ་༽ཀྱིས་ཡིད་ཚིམས་ཤིང་བློ་ཁ་གང་བའི་མི་བུ་ཁ་ཤས་ཀྱི་སྔོ་ཟད་སྐྱ་སྡུག་གི་གནས་སྟངས་ལ་འཁང་ར་དང་ཕངས་སེམས་སྐྱེས་པའི་ཚུལ་དུ་བྲིས་འདུགལྷག་པར་རྩོམ་པ་པོས་མི་སྣའི་སྣང་བརྙན་བཞེངས་བསྐྲུན་གྱི་ཕྱོགས་ནས་རང་ཉིད་ཀྱི་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་ཐ་དག་ཡི་གེའི་གཟུགས་རུས་སུ་ཕབ་སྟེ་ཟླ་སྒྲོན་ལྟ་བུའི་༼དཔེ་གཞི་ཅན་(典型)༽གྱི་མི་སྣའི་འགྲོ་འདུག་སྤྱོད་གསུམ་དང་སྦྱར་བ་ཤིན་ཏུ་ནས་ཁ་འཕྲོད་འདུག སྤྱིར་ན་སྒྲུང་གཏམ་ཐུང་གྲོས་ལས་རྩོམ་པ་པོ་དང་བརྩམས་ཆོས་ཀྱི་བར་ཐག་དེ་ཉེ་རུ་གཏོང་རྒྱུ་ནི་ཆེས་དཀའ་ཚེགས་དང་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན་ཡང་ལན་རེར་དེ་གཉིས་སོ་སོར་གྱེས་འགྲོ་བ་དང་རྩོམ་པ་པོས་རང་ཉིད་ཀྱི་བརྗོད་འདོད་པ་དེ་མཚོན་མི་ཐུབ་པའི་སྐྱོན་ཤོར་ཉེན་ཆེ།ཡིན་ཡང་སྐུ་ཞབས་རིག་རྒྱམ་གྱིས་བརྩམས་ཆོས་ཀྱི་མི་སྣ་སོ་སོའི་གཤིས་ཀ་དང་རིན་ཐང་གི་ལྟ་ཚུལ་གཉིས་གཞི་གཅིག་ཏུ་དྲིལ་བས་གོང་གི་གནད་དོན་དེ་དག་ཐག་བཅད་འདུག་ལ་ཚགས་དམ་རང་བཞིན་གྱི་སྒྲུང་ཐུང་གི་ཁྱད་ཆོས་ཡང་ལེགས་པར་མངོན་ཐུབ་འདུག ཟླ་སྒྲོན་དང་འདྲ་བའི་མི་རིགས་ཀྱི་འདུ་ཤེས་དང་སྤྱི་ཚོགས་ཀྱི་འགན་འཁྲི་དབེན་པའི་མི་སྣ་དེ་དག་ནི་༼ཡོང་བའང་དེ་ལྟར་གློ་བུར་ཡིན་ལ་སོང་བའང་དེ་ལྟར་གློ་བུར་༽ཡིན་པའི་ཆེས་ཞིབ་ས་དང་ཕྲ་ས་ཞིག་ནས་མི་སྣའི་སྣང་བརྙན་འབྲི་བཞེངས་བྱས་ཏེ།དོན་གྱིས་རྩོམ་པ་པོས་ང་ཚོར་ཨ་ཁུ་སྐྱབས་ལོ་ལྟ་བུའི་གྲོང་ཁྱེར་ལ་གདེང་འཇོག་ཚད་མཐོ་བྱེད་པའི་ཕ་ཡུལ་གྱི་སྤུན་ཟླ་གང་མང་ཞིག་གི་རེ་བཞག་འཛིན་སའི་ཟླ་སྒྲོན་དང་འདྲ་བའི་༼ཡང་མོ་ཡང་མོ་༽དག་གི་བྱ་སྤྱོད་ལ་ཚ་འདྲི་ཐེངས་གཅིག་བྱེད་པ་རེད།ཡང་གཅིག་བཤད་ན་དེ་ནི་རྩོམ་པ་པོས་གཏམ་རྒྱུད་ཚགས་དམ་དང་མི་སྣའི་བྱ་སྤྱོད་ཇེ་གསལ་དུ་བཏང་བ་ཞིག་ཡིན་ལ་རང་ཉིད་ཀྱི་བརྗོད་འདས་གང་རུང་ལེགས་པར་མཚོན་པ་ཞིག་ཀྱང་གང་ནས་མིན།
  ༼རྩོམ་འབྲི་བ་དེ་མི་ཞིག་ལ་མཚོན་ན་དངོས་ཡོད་ལ་གཡོལ་བའི་སྦྲུད་སྨན་ལྟ་བུ་ཞིག་མིན་པར།སྤོབས་པ་ཆེ་བདོག་གི་འཚོ་བར་གདོང་གཏོད་པའི་མཚོན་ཆ་ལྟ་བུ་ཞིག་ཡིན།༽དེ་བས་རྩོམ་རིག་དང་སློབ་གསོ་ནི་རང་གར་གནས་པའི་རིག་ཚན་ཡན་གར་བ་གཉིས་ཡིན་ཡང་མདོར་ན་མི་དྲང་བོ་ཞིག་བཅའ་བྱེད་དམ་རྒྱུ་འབྲས་བློ་མིག་གི་སྐད་ཆ་ཞིག་འཁྲོལ་བྱེད་ཀྱི་སེམས་པའི་ཁ་དོག་ཞིག་ཡིན་ངེས།དེ་རིང་གི་སྐབས་བབས་ཀྱི་གླེང་བྱ་༼ང་དང་ནུབ་ཁས་༽ཀྱང་རྩོམ་རིག་གི་རྩ་དོན་ལྟ་བུའི་བདེན་པའི་རང་བཞིན་སྲུང་བ་གཏམ་རྒྱུད་ཧྲིལ་བོའི་ཆེས་མཛེས་བའི་ཆ་དེ་ཡིན་ལ་རྩོམ་པ་པོའི་འགན་འཁྲིའི་འདུ་ཤེས་བརྟན་པའི་རྟགས་ཤིག་ཀྱང་ཡིན།ང་ཚོས་རྒྱུན་པར་བརྩམས་ཆོས་གང་རུང་ཞིག་འབྲི་དུས་སྤྱི་ཚོགས་ཀྱི་ཟབ་ས་དང་བདེན་པའི་ངོ་བོར་ལག་སྙོམ་བྱེད་ཐུབ་ཀྱི་མེད་པ་ནི་རྩོམ་རིག་གི་བློ་སྦྱོང་ཞན་པ་དང་ཁེར་རྐྱང་དུ་འགྲོ་ཕོད་པའི་སྙིང་སྟོབས་ཀྱིས་མ་འདང་བས་ལན་པ་རེད།ཡིན་ཡང་སྐུ་ཞབས་རིག་རྒྱམ་གྱིས་༼ང་དང་ནུབ་ཁ་༽ལས་མི་སྣ་སོ་སོའི་སྣང་བརྙན་བཞེངས་བསྐྲུན་བྱས་ཏེ་དོན་དངོས་སྤྱི་ཚོགས་སུ་ང་ཚོས་རང་ཉིད་རྟོགས་ཀྱིན་མེད་པ་དང་རིག་གནས་གང་རུང་གི་ཐོན་རྫས་ལྟ་བུ་ཞིག་ཏུ་འགྱུར་པའི་ཉེན་བརྡ་གཏོང་བཞིན་འདུགལྷག་པར་དུ་གྲོང་ཁྱེར་གྱི་ཆེས་མཐོའི་ལས་ཁུངས་སུ་༼ཁྲུའུ་ཀྲང་༽གི་འགན་བཞེས་པའི་རྡོ་རྗེ་ལྟ་བུའི་ཐོབ་དང་གོ་ས་ལྡན་པའི་ཤེས་ལྡན་པ་དག་གིས་ཀྱང་བསམ་གཏན་གྱི་བུ་སྟོན་ལ་༼གངས་སེང་རྟགས་ཅན་གྱི་མགུལ་རྒྱན་༽གྱིས་ལེགས་སྐྱེས་གནང་བ་མ་ཡིན་པར་དེ་ལས་ལྡོག་སྟེ་༼སྒོར་ཉིས་བརྒྱ་དང་གོས་ཡུག་༽ཅིག་གི་ལེགས་སྐྱེས་ཕུལ་སོང་བ་རེད།བསྡུར་བ་འདི་དག་ལས་ང་ཚོའི་ཤེས་ལྡན་པ་ཚོའི་གཉུག་གཤིས་ཀྱི་ཟབ་ས་རུ་རིགས་ཞེན་གྱི་འདུ་ཤེས་དང་སྤྱི་ཚོགས་ཀྱི་འགན་འཁྲི་དབེན་པ་ངང་གིས་མཚོན་ཐུབ།གཞན་ཡང་བྱིས་པ་ནི་མ་འོངས་པའི་རེ་བ་དང་མི་རིགས་ཀྱི་སྲོག་རྩ་ལྟ་བུ་ཞིག་ཡིན་པས་ན་བྱིས་པའི་འཚར་ལོངས་དང་རིག་གནས་ཀྱི་བག་ཆགས་ནི་དེ་ལས་ཀྱང་གལ་ཆེན་དུ་སྣང་འདུགརྡོ་རྗེ་ཁྲུའུ་ཀྲང་ལྟ་བུའི་འགྲུལ་བ་དག་གིས་བྱིས་པ་དང་བར་ཐག་རིང་དུ་བཀྱེད་པའི་༼སྒོར་ཉིས་བརྒྱ་དང་གོས་ཡུག་༽ཅིག་གི་ལེགས་སྐྱེས་ཕུལ་བར་ཕངས་སེམས་སྐྱེས་མཁན་ནི་ང་གཅིག་པུ་ཡིན་ལ།ངའི་ལེགས་སྐྱེས་༼གངས་སེང་རྟགས་ཅན་གྱི་མགུལ་རྒྱན་༽ལ་ཕངས་སེམས་སྐྱེས་མཁན་ནི་འགྲུལ་བ་ཚང་མ་ཡིན་པའི་དེས་འདྲའི་ལེགས་ཉེས་གོ་ལྡོག་གི་ཧེ་བག་ལས་རྩོམ་པ་པོས་ང་ཚོས་རང་ཉིད་འབོར་བཞིན་པ་དང་།ལྷག་ཏུ་རིག་གནས་གང་རུང་གི་ཐོན་རྫས་ལྟ་བུ་ཞིག་ཏུ་འགྱུར་བཞིན་པའི་ཉེན་ཚབས་རང་བཞིན་ལ་ཡིད་ཆད་དང་ཕངས་སེམས་སྐྱེས་པའི་ཚུལ་དུ་བྲིས་འདུག

              ༣ མཇུག་བསྡུ་བ།

  སྒྲུང་ཐུང་འདིར་རྩོམ་པ་པོས་རིག་གནས་ཀྱིས་བསྐྱེད་པའི་ཤུགས་རྐྱེན་གྱིས་མི་སྣ་སོ་སོའི་རིན་ཐང་གི་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ་མ་འདྲ་བའི་དབང་གིས་སོ་སོས་སྤྱི་ཚོགས་ལ་བལྟ་བའི་མིག་དབང་ཡང་མི་འདྲ་སྟེ།ཁོ་བོ་ནི་༼རང་ཉིད་ལ་ཞིབ་ལྟ་ཙམ་ཡང་བྱས་མ་མྱོང་༽བའི་༼ལྷ་མོ་༽དང་༼སྨྱོན་པའི་ཟིན་ཐོ་༽ལྟ་བུའི་མི་རིགས་དང་སྤྱི་ཚོགས་ཀྱི་བདེ་སྡུག་དང་དུ་འཁུར་བའི་གདོང་ལེན་མཁན་ཞིག་ཡིན་ཡང་།ཟླ་སྒྲོན་དང་རྡོ་རྗེ་ཁྲུའུ་ཀྲང་ལྟ་བུའི་སྒེར་ཚུགས་ཀྱི་བསམ་བློ་དང་འགན་འཁྲིའི་འདུ་ཤེས་མེད་པའི་རིག་གནས་གང་རུང་གི་ཐོན་རྫས་ལྟ་བུ་ཞིག་ཏུ་འགྱུར་བཞིན་པའི་ཤེས་ལྡན་པ་༼ཡང་མོ་ཡང་མོ་༽དག་གི་མིག་ཟུང་ལས་ནམ་ཡང་༼སྨྱོན་པ་༽དང་༼ཆང་རྐྱལ༽༼དྲང་མོ་༽ཞིག་ལས་ཅི་ཡང་མིན་འདུགའདི་ལས་རྩོམ་པ་པོས་ང་ཚོར་མི་རིགས་དང་སྤྱི་ཚོགས་ཀྱི་དོན་དུ་བསམ་གཞིག་བྱེད་མཁན་ཞིག་ཡིན་ན།ཁེར་རྐྱང་དུ་འགྲོ་ཕོད་པ་དང་དོན་དངོས་ལ་གདོང་གཏོད་ཕོད་པའི་སྙིབ་སྟོབས་ཤིག་ཅིས་ཀྱང་ཡོད་དགོས་བའི་སྐུལ་ལྕགས་བྱེད་འདུག་གོ།

ཟུར་ལྟའི་དཔེ་དེབ།
《小说的艺术》 米兰 昆德拉
《文学是什么》
༼བསམ་གཞིག་གི་ཁ་དོག༽ཁྲི་སེམས་དཔའ།
༼འཚོལ་རྟོག་སྙིང་སྟོབས༽བདུད་ལྷ་རྒྱལ།
༼རྩོམ་རིག་དང་མི༽བྱ་གཞུང་དབྱངས་བྷ།
༼གནའ་གྲོང༽རིག་རྒྱམ། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྗིད་ཏིག་ཏིག་གི་མི་ཚེ།

2015-01-20 ཐེ་གེ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།