གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《ཨ་སྐྱབས་དར་རྒྱས་ཀྱི་བརྩམས་སྒྲུང་གསར་བ། 110ལ་ཁ་པར་བཏང་བའི་མཇུག་འབྲས།

  • བཀྲ་བྷ།ip:211.101.61.*
    2016-04-18 16:32:45
    བརྩེ་ལྡན་གྱི་ཀློག་པ་པོ་ལགས།  ང་རང་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་མིང་འཛིན་པ་བཀྲ་བྷ་ཡིན།  ཕྲན་གྱིས་འདས་པའི་དུས་སུ་དྲ་བའི་ངོས་སུ་ཡིན་མིན་སྐོར་གྱི་སྐད་ཆ་གཅིག་ཀྱང་བཤད་མ་མྱོང་མོད།   དེ་རིང་སློབ་མ་ཞིག་གི་ངག་ལས་བདག་གིས་ཨ་སྐྱབས་དར་རྒྱས་ཀྱི་སྒྲུང་གཏམ་གྱི་དཔྱད་མཆན་དུ་འོས་པ་མིན་པ་སྐོར་ཞིག་བརྗོད་འདུག་ཅེས་པ་གོ་པས།   ཆེད་དུ་མཆོད་མེ་དྲ་བའི་དྲ་སྒོ་ཕྱེ་ནས་བལྟས་པ་ཡིན།   འདིར་གསལ་བཤད་བྱ་དགོས་པ་ཞིག་ནི།   སྐབས་འདིར་དཔྱད་བརྗོད་སྤེལ་མཁན“བཀྲ་བྷ”ཞེས་པ་ནི་ང་རང་མིན་ཏེ།   དེ་ནི་ངའི་མིང་དང་མཚུངས་པ་ཞིག་གམ།   ཡང་ན་གཞན་ཞིག་གིས་ངའི་མིང་གཡར་ནས་བྲིས་པ་ལས་མ་འདས།   གལ་སྲིད་དཔྱད་མཆན་འདིའི་འབྲི་མཁན་ང་རང་ཡིན་པར་སྙམ་ནས་ཁོང་ཁྲོ་བསླངས་སོང་ན།   དེ་དག་རྣམས་ལ་དགོངས་དག་ཞུས་པ་ཡིན།   
  • གངས་སྲས།ip:182.140.31.*
    2016-04-18 10:28:36
    སྒྲུང་གཏམ་འདི་ལ་གཟིགས་མཁན་གྱི་ཀློག་པ་པོ་རྣམ་པ་དང་། ལེགས་ཉེས་གང་རུང་གི་དཔྱད་བརྗོད་སྤེལ་མཁན་གྱི་དྲ་གྲོགས་ཡོངས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ།
  • ནམ་མཁའ།ip:223.220.146.*
    2016-04-16 19:52:40
    ཀྲུང་དབྱང་ནས་རྒན་བཀྲ་བྷ་སོགས་ཀྱི་དྲིན་ལ་སྒྲུང་གཏམ་རྩོམ་པ་པོ་སྐོར་ཅིག་བྱུང་བ་དང་།   ནུབ་བྱང་ནས་རྒན་བདུད་ལྷ་རྒྱལ་དང་དཔའ་རྩེ་སོགས་ཀྱི་དྲིན་ལ་སྙན་ངག་པ་སྐོར་ཅིག་བྱུང་བར་རྗེས་སུ་ཡི་རིང་ཞུ་བཞིན་ཡོད།   རང་རེའི་རྩོམ་རིག་གི་སྡེ་ལ་ཁོང་ཅག་ལྟ་བུའི་རྒན་མང་ཙམ་འབྱུང་རྒྱུ་ན།    རྩོམ་རིག་གི་འཕེལ་ཁ་སྔར་ལས་ཀྱང་རྒྱས་ངེས་རེད།   
  • བཀྲ་བྷ།ip:175.96.193.*
    2016-04-14 11:42:05
    ཟི་ལིང་བ།   ཚེ་དབང་རྣམ་རྒྱལ་ལ་བསྙོན་མ་འཛུགས་ཨ།   ཁོས་གང་ཞིག་ནས་ཅི་ཞིག་ལ་ལད་ཟློས་བྱས་འདུག   གསལ་བོར་བཤད་རྒྱུ་ཨེ་ཡོད།  མེད་ན་ཁྱི་ཁ་ཚུམས།  ཡོད་ན་གཅིག་གཅིག་གཉིས་གཉིས་སྒོས་ཤོད་དང་།  དགའ་བསུ་ཞུ་གི་ཡིན།
  • ཟི་ལིང་།ip:223.220.245.*
    2016-04-14 08:54:19
    སོ་སོར་སོ་སོའི་ཁྱད་ཆོས་ཡོད།   ཚེ་དབང་རྣམ་རྒྱལ་གྱི་སྒྲུང་གཏམ་ཡག་ཀྱང་ཁྱད་ཆོས་མི་འདུག   ལད་ཟློས་ཀྱི་ཤུལ་ཧ་ཅང་གསལ།   ཨ་སྐྱབས་དར་རྒྱས་ཀྱི་སྒྲུང་གཏམ་ནི་དེ་ལྟར་མིན་ཏེ།    བོད་ཀྱི་དུས་རབས་གསར་བའི་སྒྲུང་གཏམ་ཁྲོད་ནས་རང་ཚུགས་ཐུབ་པ་ཞིག་ཏུ་འགྱུར་བཞིན་འདུག    གང་ལྟར།    ཁོ་གཉིས་ནི་ལོ་རབས་བརྒྱད་བཅུའི་རྗེས་ཀྱི་སྒྲུང་འབྲི་མཁན་དགའ་གཉིས་རེད།   
  • 尖参ip:175.96.147.*
    2016-04-11 05:14:42
    我一直关注阿杰达吉的小说,每次读着读着就无法读下去,要硬着头皮读完,感觉他的小说缺了一些氛围,他笔下的语言显得有些苍白无力,勾不起我的的兴趣。不过我还是期待他的下一个作品。恕我直言,当然这纯粹是个人的看法。
    藏语小说的第四代人中没人能写出贵德才子才项南杰那种美文。