གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《གཟའ་འཁོར་གཅིག་གི་ཆོ་འཕྲུལ།

  • ཀླུ་ཐར་བཀྲ་ཤིས།ip:118.116.122.*
    2018-12-18 19:15:50
    བྲེལ་ཟིང་གི་བར་ནས་སྒྲུང་འདི་གཞི་ནས་བཀླགས་གྲུབ།    སྒྲུང་འདི་ནི་སློབ་རའི་བརྩེ་དུང་བརྗོད་བྱ་བྱས་པའི་སྒྲུང་ཅུང་ལེགས་ཤོས་ཤིག་ཏུ་འདོད།   ཡིན་ཡང་ལྗོངས་བྲིས་པ་ཅུང་ཉུང་སྣང་སྐྱེས།         —   ཀླུ་ཐར་བཀྲ་ཤིས་སམ་གངས་མུ་ཏིག་ཏུ་འབོད་པས།
  • བཙན་གྲོལ།ip:217.149.177.*
    2018-12-18 17:17:45
    ཞུ་དག་བྱེད་དགོས་ངོ་མ་རེད། ཡིན་རུང་ཁྱེད་ཀྱི་ཞིབ་འབྲི་ཡག་པོ་བྱས་འདུག བརྟས་དབང་གི་ཉམས་དེ་ཡང་མཐོ་པོ་འདུག ངོ་མ་བྲིས་པར་ལེགས། བཀླགས་ནས་བུད་ཐལ།
  • ཨོ་རྒྱན་ཚེ་རིང་།ip:217.149.177.*
    2018-12-18 17:13:21
    དེ་ཡང་ཉེ་ལམ་སྔོན་གྱི་གྲོགས་པོ་དུ་མས་ང་ལ་ད་བར་ཅིའི་ཕྱིར་རྩོམ་མི་འབྲི་བ་ཡིན་ཟེར། འདས་པའི་ལོ་གཅིག་དང་ཕྱེད་ཀའི་རིང་མཚམས་ལན་རེར་རྩོམ་ཐུང་རེ་གཉིས་ཤིག་ལས། སེམས་རྣལ་དུ་ཕབ་སྟེ་རྩོམ་འོས་འཚམ་ཞིག་འབྲི་ཐུབ་མ་སོང་། ད་ནི་གློ་བུར་ཅིག་འབྲི་བརྩིས་བྱས་ན་ལས་སླ་བོ་ཁྱོན་ནས་མི་འདུག་མོད། གང་ལྟར་རང་དང་འབྲེལ་བ་ཡོད་པའི་དོན་དག་ཅིག་དང་། དེའི་ཁར་དོན་དག་གཞན་ཞིག་མཉམ་བསྲེས་སམ། མཐུན་སྡེབ་ཏུ་བྲིས་ཡོད། ཕངས་པ་ཞིག་ལ། འདིར་དག་བཅོས་ཐེངས་གཅིག་བྱས་རྗེས། རྩོམ་སྒྲིག་པར་བསྐུར་བ་ཡིན་སྟབས། ད་དུང་ཡིག་སྐྱོན་འགའ་རེ་ལྷགས་འདུག་པ་ལགས་ན། དེའི་དོན་ཀུན་གྱིས་མཁྱེན་པར་མཛོད།
  • ལྷུན་གྲུབ་རྡོ་རྗེ།ip:85.26.232.*
    2018-12-18 17:03:08
    མགོ་བརྩམས་ནས་ཀློག་དུས། ཁྱད་ཐོན་གྱི་ཚོར་བ་ཡང་ན་འདྲ་མིན་གྱི་མྱོང་བ་ཅང་མ་བྱིན་ཐལ །  ཡིན་ཡང་བློ་དེ་འདྲ་བཅངས་ནས་མར་ཀློག་དུས་ད་གཟོད་སྒྲུང་གཏམ་འདིའི་འབྲི་རིམ་དང་ཀློག་པ་པོ་སོ་སོ་་།  ནང་བཞིན་རང་ཉིད་ལའང་དེར་བསྟུན་གྱི་ཚོར་བ་ཞིག་སྦྱིན་སོང་། དེ་ནི་ད་གཟོད་ཁྱོད་ཀྱི་སྒྲུང་འདིའི་ཕྱིའི་རྣམ་པའི་ཁྱད་ཆོས་ཡིན་པ་འདྲ་སོང་།  རིམ་བཞིན་ ནང་དུ་ཁོར་ཡུག་དང་རིག་གནས་མི་འདྲ་བར་གཞིགས་ནས་མིའི་འབྲེལ་ལུགས་ལ་སློབ་སྦྱོང་བྱས་ཚུལ།  དེ་དང་ནང་བཞིན་སྤྱིའི་ཆ་ལ་སྣང་བའི་ན་གཞོན་བར་གྱི་ཟོལ་མེད་ཀྱི་བརྩེ་དུང་།  ད་དུང་སྤྱིའི་ཆར་གནས་བའི་ནོར་འཛོལ་དང་།དེའི་མཛེས་ཉམས་ཤུགས་ཆེེར་ཐོན་འདུག་་་་[OK][OK][拥抱][拥抱]
    ཕྲན་ཆུང་གི་དྲན་ཚུལ་ཙམ། སློབ་གྲོགས་ལྷུན་གྲུབ་རྡོ་རྗེས་བྲིས།
  • ཞབས་ཀྱུ།ip:60.165.248.*
    2018-12-18 16:55:41
    བརྩེ་དུངས་ཀྱི་འགྱུར་བག་རྒོད་པའི་སློབ་ཆེན་གྱི་གཟའ་འཁོར་གཅིག་སྟེ། ཐོག་མར་ང་དང་ཨེ་རེ་ན། བར་དུ་ང་དང་མ་རེ་ཡ། མཇུག་ཏུ་སྔར་བཞིན་ང་དང་ཨེ་རེ་ན། ད་དུང་བ་ཉ་ཨེ་རེ་ན་ལ་དགའ་ཡང་དང་ལེན་མི་བྱེད་པ་བཅས་བརྩེ་དུངས་ཀྱི་དྲ་རྒྱ་འཛིངས་པའི་སློབ་ཆེན་འཚོ་བ་ཞིག་བྲིས་འདུག་སྙམ་བྱུང་།