གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《འབྱམས་སུ་ཀླས་པའི་ངག་ཅེས་བྱ་བ།༼ ཞར་བཀོད་གཅིག་ཡོད ༽

  • འབྲོག་རེ་ལྡེ།ip:182.140.31.*
    2016-05-11 15:51:05
    བདག་འབྲོག་ལུང་གི་མི་བུ་ཕལ་བ་ཞིག་གི་སྐྱེ་བ་བླངས་ནས་མི་ལོ་བཅུ་གསུམ་རྩྭ་ཐང་གི་ནོར་རྗེས་ལས་ཟད་དུ་བཅུག་ཅིང་། ད་རུང་གྲོང་ཆོག་གི་ལས་ཀ་སོགས་མདོར་ན་ཁྱིམ་རྒྱུད་ཀྱི་སློབ་གསོ་དང་ཡུལ་ཁམས་ཀྱི་འགྲོ་སྟངས་རང་ག་བར་ཞེན་ནས་བགྲངས་བྱ་དུ་མ་ཞིག་རྫོགས་པར་བྱས་རྗེས། རང་སྐུལ་དང་གཞན་འདེད་ཀྱིས་རྐྱེན་ལ་བརྟེན་ནས་སློབ་གླིང་གི་རྨི་ལམ་འཐུ་མགོ་བརྩམས་ཤིང་། བཀའ་པོད་ཀྱི་རྒྱ་མཚོ་ཆེན་པོར་ཞུགས་ནས་འཆད་པ་དང་རྩོད་པའི་བྱ་བར་འཇུག་ཞོར་དུ་ཡིག་འབྲུ་འགའ་ཞིག་ཀྱང་འབྲི་བར་རྔོ་ཨེ་ཐོགས་ཀྱི་རེ་བ་ཤིན་ཏུ་ཆེ་བས། ཀློག་པ་པོ་དག་གིས་བདག་ལ་རྒྱབ་སྐྱོར་རོགས་རམ་གྱི་ཚུལ་དུ་«མཆན»་རེ་གནང་བར་མཁྱེན།
  • དྲྭ་འབུ།ip:182.140.31.*
    2016-05-11 15:40:09
    སྤྱིར་རང་ཉིད་ལ་མཚོན་ན་སྙན་ངག་པ་ཡིན་མདོག་ཁ་བོ་སྟོན་མཁན་ཚོར་མཐོང་ཆེན་བྱེར་རྒྱུར་དགའ་བོ་མེད་མོད།
    འོན་ཀྱང་ན་གཞོན་སྙན་ངག་པ་འབྲོག་ལྡེ་ལགས་ལ་མཚོན་ན་དེ་ལས་ལྡོག་སྟེ་ངམ་ངམ་ཤུགས་ཀྱི་གཙིགས་ཆེན་མི་བྱེད་ཀ་མེད་བྱུང་།    རྒྱུ་མཚན་ཅིའི་ཕྱིར་ཟེར་ན།   ཁོང་གི་སྙན་ངག་དག་ང་རང་ཀློག་པ་པོ་ཞིག་གི་ངོས་ནས་མཚོན་ན་ཚིགས་ཀི་སྡེབ་སྦྱོར་དང་སྙན་ཆ་གནའ་དང་གི་སྙན་ངག་སྒྱུ་རྩལ་ལ་སོགས་པ་གང་ཅིའི་ཐད་ནས་བསམ་བློ་བཏང་ན་བླ་ན་མེད་པའི་ཚོར་བ་ཞིག་ངང་གིས་སྟེར་སོང་།   
  • འབྲོག་རེ་ལྡེ།ip:182.140.31.*
    2016-05-11 15:39:45
    དཔྱད་མཆན་ཡོད་པར་ཞུ།
  • གཟའ་དུགip:182.140.31.*
    2016-05-11 14:59:37
    སྤྱིར་སྙན་ངག་འབྲི་བ་དེ་ལས་སླ་མོ་ཡེ་ནས་མིན་ཞིང་ལྷག་ཏུ་དེང་གི་སྐབས་ཏེ་སྙན་ངག་འབྲི་མཁན་ནི་སྤང་ལ་ཤ་མོང་རྡོལ་བ་ལྟར་ཤིན་ཏུ་མོད་པའི་དུས་འདིར་རང་དང་གཞན་གྱིས་ཀློག་པར་སྤྲོ་བའི་སྙན་དུམ་ཞིག་འབྲི་དགོས་ནའང་རབ་ཏུ་དཀའ་མོད།  འོན་ཏེ།  དེ་འདྲའི་རྒྱུ་མཚན་ཆུང་ངུ་ཞིག་ལ་གཞི་བཞག་ཏེ་ཡི་གེ་འབྲི་སྦྱོང་གི་ལས་ལ་མི་འབད་པ་མི་བྱེད་པའི་གང་ཟག་དེའི་སྐོར་ནི་ཕྱོགས་གཅིག་ནས་བཤད་ན་གློས་ཁ་ནག་ཅིག་རེད་ཅེས་བཤད་ཕོད་ཡིན།   དེ་བས་ཁྱོད་དང་ང་ད་དུང་ཕན་ཚུན་ལ་བློ་དཀར་བའི་གཞོན་པ་དག་དང་ལྷན་དུ་སྙན་ངག་གི་མཐའི་རྒྱ་མཚོར་གོམ་པ་རེ་རེ་བཞིན་སྤོས་ཏེ་འགྲོ་དགོས་ཡ།  སྤུན་ཟླ།