གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《བཅད་གསར་སྙན་ངག་གི་སྤྱི་དོན་མངར་སིལ་འཐུལ་བའི་བྱེ་རིལ་ཞེས་བྱ་བ།

  • སེང་།ip:221.207.37.*
    2015-01-14 09:48:25
    ཧ་ཧ། ད་ནི་རྟ་རྐུན་ཁྱོད་ཀྱིས་རྟ་བདག་ང་ལ་རྐུ་འཛུགས་རྒྱུ་ཡིན་ནམ། ཆུ་ངོགས་གཏམ་རྒྱུད་ནང་ན་འབོལ་རྩོམ་ཡང་ཡོད་དམ། ཕྲག་པ་དོག་པའི་གཏམ་མ་བཤད། ང་ལ་གཞན་གྱི་རྩོམ་ཤན་ཐེབས་མི་ནུས། གལ་ཏེ་ཐེབས་སྲིད་ན་དགའོ། ། ཐུའུ་བཀྭན་གྱི་སྙན་ངག་མང་པོར་རྒྱ་ནག་གི་རྩོམ་ཤན་ཐེབས་ཡོད། ཙོང་ཁ་པའི་རྩོམ་སོགས་ལ་རྒྱ་གར་གྱི་རྩོམ་ཤན་ཐེབས་ཡོད། ས་པཎ་གྱི་ལེགས་བཤད་སོགས་རྒྱ་གར་པ་ཚོའི་ལུགས་ཀྱི་བསྟན་བཅོས་ལ་དཔེ་བྱས་ནས་བྱུང་། འཛམ་གླིང་གི་རྩོམ་མཁན་ཕལ་ཆེའི་རྩོམ་དེ་འདྲ་ཞེ་གཅིག་ཡིན། ཤན་ཕར་ཐེབས་ཚུར་ཐེབས་་འཕེལ་ཞིང་རྒྱས། དར་ཞིང་བདོ་བར་གྱུར་ཏོ།། དགེའོ།། དགེའོ།།
  • གསེད་དཀྲོལ།ip:36.100.83.*
    2015-01-11 22:04:18
    བཅད་གསར་ཞེས་མིང་གསར་བ་ཞིག་བཏགས་འདུག་པ་མ་གཏོགས།    རང་བཞིན་བརྗོད་པའི་རྒྱན་ལས་འདར་མེད།   ཅུང་ཁ་བྲིད་པའི་བྱེད་ཐབས་ནི་རྒྱའི་འབྲི་ལུགས་སྤྱད་ཡོད་པ་དེ་རེད།    སེང་རྡོར་ནི་ཆུ་ངོགས་གཏམ་རྒྱུད་དང་ཐང་གི་སྙན་ངག་ལ་ལད་འབྲི་བྱེད་མཁས་པོ་ཞིག་རེད།   བོད་ཀྱི་ད་ལྟའི་བར་གྱི་སྙན་ངག་དང་དེ་རིང་གི་སེང་རྡོར་སོགས་ཀྱི་སྙན་ངག་གི་བར་ཁྱད་ནི་བོད་མང་ཚོགས་ཀྱི་འཚོ་བ་ལ་ཐག་ཉེ་མི་ཉེའི་སོ་མཚམས་ཡིན།    དེ་རིང་སེང་རྡོར་སོགས་ཀྱིས་འཚོ་བ་དངོས་བརྗོད་བྱར་བཟུང་བ་ནི་དགའ་འོས་པ་ཞིག་རེད།    ཡིན་ཡང་དེ་ཙམ་ལ་བརྟེན་ནས་བཅད་གསར་ཞེས་འུད་སྒྲོག་པ་ཡང་དོན་ལ་གནས་པ་ཞིག་མ་རེད།    སྒྱུ་རྩལ་གྱི་ཐབས་ལམ་དང་ཚིག་གི་བཀོལ་ལུགས།  ཐ་ན་དཔེ་འཇོག་སོགས་གང་གི་ཐད་ནས་སྙན་ངག་མེ་ལོང་མ་ལས་འདར་མེད།   གལ་ཏེ་ལས་སླ་བོའི་ངང་སྙན་ངག་པ་ཞིག་བྱེད་འདོད་ན་འདིར་སྦྱངས་ན་འབྲས་བུ་མྱུར་དུ་འཐོབ་པར་སྙམ།    སྤྱིར་བཏང་གི་གླེལ་མོལ་གྱི་གོ་རིམ་ཞིག་བཅད་དེ་བྲིས་པ་དེའོ།།   གསེད་དཀྲོལ་གྱིས།