གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《སྙན་ངག་པ་དཔའ་རྩེས་བོད་སྐད་དུ་བསྒྱུར་བའི་སྙན་ངག་བདམས་བཀོད།

  • མཆན་འདེབས་པ།ip:110.185.210.*
    2017-02-21 16:17:36
    ཧ་ཧ་ཧ།  ཧེ་ཙི་ཡི་སྙན་ངག་དེ་ལྟ་བུ་ཞིག་ག་ལ་ཡིན།  
  • དོས་པ།ip:110.185.210.*
    2017-02-21 16:14:26
    བལྟས་ཟིན།  མ་རྩོམ་གྱི་ཁྱད་ཆོས་དང་བྲོ་བ་དེ་རྩ་བ་ནས་ཡལ་ཟིན་པ་རེད། རྒྱ་ཡི་རིག་གནས་ཀྱི་གཞུང་ལུགས་སམ། ཤེས་རིག་གི་གནས་སྟངས་ཅུང་གཏིང་རིམ་དུ་མ་ཐོན་ཚེ།  སྙན་ངག་སྒྱུར་རྒྱུ་དེ་ཅུང་ཁག་པོ་ཞིག་འདུག  དེ་རྒན་དཔལ་རྩེ་ཁོ་ན་མ་རེད།  རྒྱ་ཡིག་གི་ཆུ་ཚད་ཅུང་ཞན་པའི་བོད་པའི་ལོ་ཙྭ་བ་དག་ལའང་འདི་ལྟ་བུའི་ཞན་ཆ་འདུག་གོ

    དོས་པ།
  • དགྲ་སྟ།ip:106.120.105.*
    2017-01-19 16:48:29
    སྙན་ངག་པ་དཔའ་རྩེ་ལགས་ཀྱིས་གཞན་སྐད་ཀྱི་སྙན་ངག་མང་པོ་ཞིག་རང་སྐད་དུ་བསྒྱུར་བར་རྟེན་འབྲེལ་ཞུ་བ་ཡིན།  ངའི་ཉེ་འཁོར་གྱི་གྲོགས་པོ་མང་པོ་ཞིག་གིས་རྒྱ་ཡིག་ནས་ཚུར་བསྒྱུར་བའི་བརྩམས་ཆོས་གང་རུང་མཐོང་དུས་འདི་སྐད་ཟེར།  ད་ལྟ་རྒྱ་ཡིག་མི་ཤེས་མཁན་སུ་ཡོད་དམ།  འགྱུར་མ་ལས་མ་ཡིག་བཀླགས་ན་བཟང་ཟེར།  བསམ་ཚུལ་འདི་ཅན་གྱིས་ལོ་ཙྰ་ཞེས་པ་ནི་ཟ་རྒྱུ་ཞིག་གམ་འཆའ་རྒྱུ་ཞིག་ཡིན་པར་ཧ་གོ་མི་འདུག  ལོ་ཙྰ་ནི་མ་ཡིག་བཀླགས་མི་བཀླག་སྟེང་འཇོག་པ་ཞིག་མ་རེད།  ལོ་ཙྰ་ནི་གཞན་གྱི་རིག་གནས་གང་ཞིག་རང་གི་རིག་གནས་སུ་བསྒྱུར་བའི་ཐབས་ཤིག་ཏུ་ངོས་འཛིན་དགོས་པ་རེད།  དེ་ལ་དཔེ་སླ་མོ་ཞིག་བཞག་ན་སྔོན་བྱུང་ལོ་པཎ་དག་གིས་རྒྱ་གར་སྐད་ནས་ནང་ཆོས་བོད་ཡིག་ཏུ་བསྒྱུར་མེད་པའི་དབང་དུ་བཏང་ན་ད་ལྟའི་བོད་ཀྱི་ནང་བསྟན་རིག་གནས་ཞེས་པ་དེ་གུད་དུ་ཡོད་པ་མ་རེད།  འདི་ཚང་མས་ཤེས་དགོས་པ་ཞིག་རེད།  མདོར་ན།  ལོ་ཙྰ་ནི་རང་གི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་སྒོ་མོ་གཅིག་པུ་དེ་རེད།
  • སྒྲེན་པོ།ip:125.72.60.*
    2016-12-19 17:20:18
    དྲ་ལམ་འདི་ནས་ཞེ་ལྷོད་ལྷོད་ངང་ཐེངས་གཅིག་མཇལ་ཟིན། ཡག་སྣང་འཛད་མཐའ་མེད་པ་ཞིག་སྦྱིན། སྤྱིར་ན་སྙན་ངག་རང་སྐད་དུ་བསྒྱུར་རུང་མི་རུང་གི་སྐད་ཆ་ཞིག་འཛམ་གླིང་ཤར་ནུབ་ཀྱི་རྩོམ་སྟེགས་ནས་ཡུན་རིང་བརྩད་ནས་ཐོན་ནའང་། ད་ལྟའི་བར་དུ་སྙན་ངག་བཟང་བཟང་ལེགས་ལེགས་ཐམས་ཅད་པོ་ལོ་ཙཱའི་གཟིངས་ཆེན་པོ་འདི་ལ་བརྟེན་ནས་ཚོར་སྣང་ཕར་བརྒྱུད་ཚུར་སྤྲོད་བྱས་པ་རེད།  དེས་ཅི་ཞིག་མཚོན་ནམ་ཞེ་ན། དེང་རབས་སྙན་ངག་གི་བདུད་རྩི་ངོམས་མེད་འཐུང་འདོད་ལ་བྲེལ་བའི་འུ་ཅག་ལ་མཚོན་ན། སྔར་བཞིན་སྙན་ངག་གྲགས་ཅན་ཚུར་རང་སྐད་དུ་བསྒྱུར་རྒྱུ་ནི་ཐབས་དམ་པ་རེད། སྙན་ངག་དང་རྩོམ་རིག་གི་བློ་འབྱེད་ཀྱང་ལོ་ཙཱའི་བགྱི་བ་ལས་གཞན་དུ་མེད་འདོད་དོ། །
    སྒྲེན་པོར་འབོད་པས་ཟི་ལིང་ནས་སྦྱར།
  • དགའ་བྱེདip:47.8.30.*
    2016-12-18 12:59:39
    ཆུ་བོའི་ཆུ་ངོགས་སུ།། འདི་དོན་ག་རེ་རེད།
  • ཧོར་རྡོ་རྗེ་ཚེ་རིང་།ip:42.91.115.*
    2016-12-13 23:44:12
    རིགས་རུས་ལ་དུང་ཞེན་ཡོད་མཁན་རྒན་ལགས་ལ་སེམས་གཏིང་ནས་གུས་འདུད་ཞུ།
  • མགོན་པོ་ཚེ་རིང་།ip:111.11.188.*
    2016-12-13 16:04:23
    བོད་ཡིག་བསྒྱུར་དང་བོད་སྐད་དུ་བསྒྱུར།
  • ཀླུ་པད་བཟང་།ip:182.132.46.*
    2016-12-13 15:53:18
    རྒན་ལགས། བཀའ་དྲིན་ཆེ།