ཁྱད་གསོད་ཁྲོད་ཀྱི་མེ་ཏོག(ཞར་བཀོད་གཅིག་ཡོད)

མི་ཁ་ཤས་ཀྱིས།
མེ་ཏོག་བཙོང་གིན་འདུག
འཚང་ཁ་ཤིག་ཤིག་གིས།
མི་ཚང་མས་མེ་ཏོག་ཉོས་བྱུང༌།

མེ་ཏོག་བྲིན་པོ་འདུག་ཟེར་ནས།
ཚང་མས་ཆུན་པོ་རེ་བཟུང་སྟེ།
རང་རངང་ས་ན་དགེ་མཚན་རེ་བརྗོད་ཀྱིན་འདུག

རྗེས་སུ་མེ་ཏོག་དག
འགྱིག་གིས་བཟོས་པ་ཤེས་པས།
ཉོ་མཁན་མ་བྱུང༌།

ལ་ལས།
ངའི་མེ་ཏོག་ཕྱིའི་རྒྱ་མཚོའི་འགྲམ་ནས་བཏོག་ཡོང་པས།
ཁྱོད་ཀྱི་དྲི་བསུང་ཚོར་གྱི་མི་འདུག་ཟེར།
ཡིན་འང༌།     སྔར་བཞིན་ཉོ་མཁན་མ་བྱུང༌།

མེ་ཏོག་འཚོང་མཁན་རྣམས་ཡིད་ཆད།
ཉོ་མཁན་ཡང་ཡིད་ཆད།

ཡུན་རིང་ལ།
མཆོད་པའི་ཁྲི་སྟེང་ན།
འགྱིག་གི་མེ་ཏོག་ཕོན་པོ།
སྔར་བཞིན་བཞད་འདུག

         བྱུང་རིམ།
དང་ཐོག་ས་བོན་བཏབ།
དེ་ནས་མྱུ་གུ་འབུས།
དེ་ནས་གཞུང་རྟ་རྒྱས།

བར་དུ་ཡལ་ག་བརྐྱངས།
ལོ་འདབ་རྒྱས།
འབྲས་བུ་ཐོགས།

མཐའ་མར་མེ་ལྕེ་མཆེད།
ཁུར་དུ་ལྕི།
མི་རྣམས་ཧབ་ཐོབ་ཀྱིས།
ཁ་ཟས་སུ་རོལ་མགོ་བརྩམ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱད་གསོད་ཁྲོད་ཀྱི་མེ་ཏོག(ཞར་བཀོད་གཅིག་ཡོད)

2008-12-18 མོག་ཟླ། ཀློག་གྲངས། མཆན ཡོད།

མི་ཁ་ཤས་ཀྱིས།
མེ་ཏོག་བཙོང་གིན་འདུག
འཚང་ཁ་ཤིག་ཤིག་གིས།
མི་ཚང་མས་མེ་ཏོག་ཉོས་བྱུང༌།

མེ་ཏོག་བྲིན་པོ་འདུག་ཟེར་ནས།
ཚང་མས་ཆུན་པོ་རེ་བཟུང་སྟེ།
རང་རངང་ས་ན་དགེ་མཚན་རེ་བརྗོད་ཀྱིན་འདུག

རྗེས་སུ་མེ་ཏོག་དག
འགྱིག་གིས་བཟོས་པ་ཤེས་པས།
ཉོ་མཁན་མ་བྱུང༌།

ལ་ལས།
ངའི་མེ་ཏོག་ཕྱིའི་རྒྱ་མཚོའི་འགྲམ་ནས་བཏོག་ཡོང་པས།
ཁྱོད་ཀྱི་དྲི་བསུང་ཚོར་གྱི་མི་འདུག་ཟེར།
ཡིན་འང༌།     སྔར་བཞིན་ཉོ་མཁན་མ་བྱུང༌།

མེ་ཏོག་འཚོང་མཁན་རྣམས་ཡིད་ཆད།
ཉོ་མཁན་ཡང་ཡིད་ཆད།

ཡུན་རིང་ལ།
མཆོད་པའི་ཁྲི་སྟེང་ན།
འགྱིག་གི་མེ་ཏོག་ཕོན་པོ།
སྔར་བཞིན་བཞད་འདུག

         བྱུང་རིམ།
དང་ཐོག་ས་བོན་བཏབ།
དེ་ནས་མྱུ་གུ་འབུས།
དེ་ནས་གཞུང་རྟ་རྒྱས།

བར་དུ་ཡལ་ག་བརྐྱངས།
ལོ་འདབ་རྒྱས།
འབྲས་བུ་ཐོགས།

མཐའ་མར་མེ་ལྕེ་མཆེད།
ཁུར་དུ་ལྕི།
མི་རྣམས་ཧབ་ཐོབ་ཀྱིས།
ཁ་ཟས་སུ་རོལ་མགོ་བརྩམ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།