ཁྱོད་རང་སུ་ཚང་གི་ཡིན།

          ༡
སྟོན་མཇུག་འདིར
སྒོ་མོ་དམ་པོར་གཏན་ཟིན
འབྲུ་རིགས་དང
སྙན་ངག་ཨེ་འབབ་ལ་རེ་སྒུག་བྱེད
སྐྱ་མི་དག་ལ་རྒས་ཉམས་མ་མངོན
རྟ་གོང་ནས་རེ་རེ་བཞིན་མཆོངས་འོངས
ཁལ་གཡག་ལ་འཐམ་ནས་གཞི་མ་སྤོར
སྤོར་གྱིན་པའི་ཞིང་གྲོང་དང
རྩྭ་ཐང་གི་བུད་མེད་ཚོ
གཞས་ཀྱི་གོམ་པ་འཁྱོར་ཞིང་འཁྱོར་ཞིང
མེ་ཏོག་ལེན་པར་རེ
བསམ་མ་ཤེས་པའི་བྱིས་པ་ཞིག
གཉིད་ལ་སད་དུས་སམ
ཉི་མ་ཁ་སང་གི་ཕྲག་སྟེང་ནས་བཞད་དུས
ཐབ་ཀ་དེས
མཚེར་ཤུལ་དྲོན་མོ་བསྲུང
མེ་ཕུང་འཚབ་འཚུབ་ཀྱིས་སྦར་ཟིན
དུ་སྨུག་ལང་ལོང་སྔས་འགྲམ་ལ་འཁྱིལ
         ༢
འབྲུ་རིགས་ཀྱི་བུ་མོ
གདོད་མ་དེའི་ནགས་ཚལ་ལ་བསྐུངས་ནས
མི་ལོ་ག་ཚོད་ཕྱིན
སེམས་ཅན་སྐོམ་པས་མ་བཟོད་པའི་ཉིན་མོ
ཨུ་ཚུགས་ཀྱི་ཉིན་མོ
སྒོ་མདུན་གྱི་སྡོང་བོ་སྐྱེ་ཞིང་སྒུར
སྟོན་གྱི་ཕྱིང་ལྭ
སྐར་མའི་ལུང་ཁུད་ལས་མ་བབས་པའི
འབར་གྱིན་པའི་མེ་རུ་ཆུང་ཆུང
མཚན་མོ་ཁོ་ནར
ད་གཟོད་དཀོན་མཆོག་གིས་དགོད་སྒྲ་གནངས
         ༣
གསེར་གྱི་ཉི་མ་དྲུད་ཟིན
ཕ་ས་ན་བྱིས་པ་དག
རྐང་རྗེན་དུ་ཇག་ལ་འགྲོ
གནའ་བོའི་མེ་མདའ་དང་སྒོ་ཁྱི
མཚོ་ངོས་ལ་འཁྱམ་པའི་རླུང་བུ
སྟོན་གྱི་ཆར་བ    ཐལ་མོ་དང
ང་རྒྱལ་གྱི་མིག་འོད་ལ་དྲངས་འོངས
འདི་ལྟར་ཆུ་མོ་ལ་བསྡད་ནས
ལོ་ཟླ་ལ་འཕྲིན་པ་འབྲི
སྐུད་སྣེ་དང་སྐུད་སྣེ་ཡི་བར་ཐག
སྟོན་ཁ་ཞིག་གི་གཏམ་རྒྱུད
         ༤
འཁྱམ་རྐུན་དར་དྲགས་སོང
བརྩེ་འཕྲིན་གྱིས་མ་གས་པའི་གྲོང་ཚོ
ཆུ་ཡི་ལམ་བུར་དེད
གཙང་བོས་འཁྱེར་མི་སྲིད་ཨང་སྙམ
        ༥
ཁྱོད་ཀྱི་རློན་དྲགས་པའི་ཕྱིང་ལྭ
ཁྱོད་ཀྱི་ཕྱིང་ལྭ་རློན་དྲགས་སོང
        ༦
སྐད་ཆ་དག་མཚམས་སྤྲིན་ལ་འཁྱིལ
ཞོགས་པར
རྩྭ་གསེང་ནས་ཟིལ་ཐིགས་མ་རྙེད
སྒུར་ཟིན་པའི་རྒོད་པོ
སྟོན་མཇུག་འདིར
སྒོ་མོ་དམ་པོར་གཏན་ཟིན
ཆུ་ཡི་སྟོན་ཁ
ཆུ་ཕྱིང་དང་སྙན་ངག་གྱོན
འབྲུ་རིགས་གྱོན
འབར་གྱིན་པའི་མེ་རི་ཆུང་ཆུང
བསམ་མེད་ཀྱི་གྲོང་ཚོ་གང་ལ་ཆས་འགྲོ
         ༧
ནམ་ཟླ་དེ་ནམ་འོངས་མ་ཤེས
ངོ་གདོང་དག་ཀྱང་གློ་བུར་དུ་འགྱུར
ལག་པ་དག་ཀྱང
གློ་བུར་གློ་བུར་རྒྱང་ལ་གཡུག
གཟུགས་རིས་དང་སྨུག་ལོང་གིས་གཡོགས་ཟིན

                                      2005.8.19
                                      2006.1.30ལ་བཅོས།


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་རང་སུ་ཚང་གི་ཡིན།

2008-12-16 ལྡོང་བུ། ཀློག་གྲངས། མཆན ཡོད།

          ༡
སྟོན་མཇུག་འདིར
སྒོ་མོ་དམ་པོར་གཏན་ཟིན
འབྲུ་རིགས་དང
སྙན་ངག་ཨེ་འབབ་ལ་རེ་སྒུག་བྱེད
སྐྱ་མི་དག་ལ་རྒས་ཉམས་མ་མངོན
རྟ་གོང་ནས་རེ་རེ་བཞིན་མཆོངས་འོངས
ཁལ་གཡག་ལ་འཐམ་ནས་གཞི་མ་སྤོར
སྤོར་གྱིན་པའི་ཞིང་གྲོང་དང
རྩྭ་ཐང་གི་བུད་མེད་ཚོ
གཞས་ཀྱི་གོམ་པ་འཁྱོར་ཞིང་འཁྱོར་ཞིང
མེ་ཏོག་ལེན་པར་རེ
བསམ་མ་ཤེས་པའི་བྱིས་པ་ཞིག
གཉིད་ལ་སད་དུས་སམ
ཉི་མ་ཁ་སང་གི་ཕྲག་སྟེང་ནས་བཞད་དུས
ཐབ་ཀ་དེས
མཚེར་ཤུལ་དྲོན་མོ་བསྲུང
མེ་ཕུང་འཚབ་འཚུབ་ཀྱིས་སྦར་ཟིན
དུ་སྨུག་ལང་ལོང་སྔས་འགྲམ་ལ་འཁྱིལ
         ༢
འབྲུ་རིགས་ཀྱི་བུ་མོ
གདོད་མ་དེའི་ནགས་ཚལ་ལ་བསྐུངས་ནས
མི་ལོ་ག་ཚོད་ཕྱིན
སེམས་ཅན་སྐོམ་པས་མ་བཟོད་པའི་ཉིན་མོ
ཨུ་ཚུགས་ཀྱི་ཉིན་མོ
སྒོ་མདུན་གྱི་སྡོང་བོ་སྐྱེ་ཞིང་སྒུར
སྟོན་གྱི་ཕྱིང་ལྭ
སྐར་མའི་ལུང་ཁུད་ལས་མ་བབས་པའི
འབར་གྱིན་པའི་མེ་རུ་ཆུང་ཆུང
མཚན་མོ་ཁོ་ནར
ད་གཟོད་དཀོན་མཆོག་གིས་དགོད་སྒྲ་གནངས
         ༣
གསེར་གྱི་ཉི་མ་དྲུད་ཟིན
ཕ་ས་ན་བྱིས་པ་དག
རྐང་རྗེན་དུ་ཇག་ལ་འགྲོ
གནའ་བོའི་མེ་མདའ་དང་སྒོ་ཁྱི
མཚོ་ངོས་ལ་འཁྱམ་པའི་རླུང་བུ
སྟོན་གྱི་ཆར་བ    ཐལ་མོ་དང
ང་རྒྱལ་གྱི་མིག་འོད་ལ་དྲངས་འོངས
འདི་ལྟར་ཆུ་མོ་ལ་བསྡད་ནས
ལོ་ཟླ་ལ་འཕྲིན་པ་འབྲི
སྐུད་སྣེ་དང་སྐུད་སྣེ་ཡི་བར་ཐག
སྟོན་ཁ་ཞིག་གི་གཏམ་རྒྱུད
         ༤
འཁྱམ་རྐུན་དར་དྲགས་སོང
བརྩེ་འཕྲིན་གྱིས་མ་གས་པའི་གྲོང་ཚོ
ཆུ་ཡི་ལམ་བུར་དེད
གཙང་བོས་འཁྱེར་མི་སྲིད་ཨང་སྙམ
        ༥
ཁྱོད་ཀྱི་རློན་དྲགས་པའི་ཕྱིང་ལྭ
ཁྱོད་ཀྱི་ཕྱིང་ལྭ་རློན་དྲགས་སོང
        ༦
སྐད་ཆ་དག་མཚམས་སྤྲིན་ལ་འཁྱིལ
ཞོགས་པར
རྩྭ་གསེང་ནས་ཟིལ་ཐིགས་མ་རྙེད
སྒུར་ཟིན་པའི་རྒོད་པོ
སྟོན་མཇུག་འདིར
སྒོ་མོ་དམ་པོར་གཏན་ཟིན
ཆུ་ཡི་སྟོན་ཁ
ཆུ་ཕྱིང་དང་སྙན་ངག་གྱོན
འབྲུ་རིགས་གྱོན
འབར་གྱིན་པའི་མེ་རི་ཆུང་ཆུང
བསམ་མེད་ཀྱི་གྲོང་ཚོ་གང་ལ་ཆས་འགྲོ
         ༧
ནམ་ཟླ་དེ་ནམ་འོངས་མ་ཤེས
ངོ་གདོང་དག་ཀྱང་གློ་བུར་དུ་འགྱུར
ལག་པ་དག་ཀྱང
གློ་བུར་གློ་བུར་རྒྱང་ལ་གཡུག
གཟུགས་རིས་དང་སྨུག་ལོང་གིས་གཡོགས་ཟིན

                                      2005.8.19
                                      2006.1.30ལ་བཅོས།


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།