ལོ་མའི་སྟེང་གི་མིང་ཡིག
ལོ་མའི་རྒྱབ་ཕྱོགས་ཀྱི་གྲིབ་གཟུགས
རླུང་བུ་ཡང་མོ་ཞིག་གིས་ཁད་ཀྱིས་སྒུལ
རླུང་བུ་གས་ཆག་ཏུ་འཐོར་ཤུལ་ཏུ གྲིབ་མ་ལས་མི་འགའ་མངོན
ལོ་མ་ལ་སྤར་བའི་རྐང་རྗེས་དག་ལས
མི་འགའ་ཡིས རང་ཉིད་ཀྱི་མིང་ཡིག་འཚོལ་བཞིན་འདུག
རླུང་བུ་ཞིག་ལྡང་བས གྲིབ་མ་དག་རླུང་གིས་བཅགས་སོང
རྡུལ་དུ་སྤྲུགས་པའི་མིང་ཡིག་ཞིག
བྱ་རྒོད་ཀྱི་གཤོག་པ་ཇི་བཞིན་དགུང་དུ་སྤུར་སོང
ཤུལ་ཏུ ལོ་མ་དག་གི་ཁ་དོག་འགྱུར་སོང་བས
གྲིབ་མ་དེ་དག་སླར་ཡང་སྡོང་བོ་ཞིག་ཏུ་མངོན་བྱུང
གྲིབ་མའི་མིག་ཀོང་ལས་སྲོད་ལྟ་བུའི་རོལ་མོ་ཞིག་ཁྲོལ
རོལ་མོའི་རྒྱུད་སྐུད་ཆད་ཚུལ
མི་ནག་པོ་དེའི་རང་གི་མིང་ཡིག་མ་བརྙེད་པའི་སྔངས་འཚབ་བཞིན
༢༠༡༢ ༡༢ ༤
རྩོམ་ཁུངས། ངེད་དྲ་བ།