མཁའ་མོ།ཁྱོད་འཇམ་གེར་བུད་སོང་ངམ།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-02-03

ཁྱོད་ཀྱིས་སྒོ་གླེགས་གང་མ་བརྒྱབ་པར
ཁྱོད་འཇམ་ཅག་གེར་བུད་སོང་ངམ
མཁའ་མོ
ངས་ཁྱོད་ཀྱི་ཕྱིར་མིག་དེ་རྙེད་མ་སོང
ངས་ཁྱོད་ཀྱི་འཛུམ་མདངས་དེ་མཐོང་མ་སོང
 
མཁའ་མོ       ཁྱོད་འཇམ་ཅག་གེར་བུད་སོང་ངམ
བདེ་མོ་དང་ལག་བརྡ་གང་ཡང་མེད་པར
ཁྱོད་ཀྱིས་འཛུམ་མདངས་དེ་སུ་ཞིག་ལ་བསྐྱུར་ཏེ
ཁྱོད་ཀྱིས་ཕྱིར་མིག་དེ་གང་ཞིག་ལ་བཅོལ་ཏེ
ཁྱོད་ཀྱི་ཁ་པར་དང་འདྲ་བར་འཇམ་ཅག་གེར་བུད་སོང
ངས་ཁྱོད་ཀྱི་རྐང་རྗེས་གང་ཡང་མཐོང་མ་སོང
ངས་ཁྱོད་ཀྱི་སྐད་ངག་ཅི་ཡང་ཐོས་མ་སོང
 
ཁྱོད་ཀྱིས་སྒོ་གང་ཡང་མ་གཏན་ཞིང
ཁྱོད་ཀྱིས་སྐད་ཅི་ཡང་མ་བསྐྱུར་པར
འཇམ་ཅག་གེར་བུད་སོང་བས
ངས་སོ་མ་རྙེད་པའི་དྲོད་ཁོལ་དེ་དགུན་གཞུང་ལ་འཐིམ་ཞིང
ངས་བཤད་འདོད་འི་སྙིང་གཏམ་ཐ་དག་བྲང་གཞུང་ནས་རྒས་འགོ་བརྩམས་སོང
 
གང་ལྟར
ཁྱོད་ཁ་པར་མཉམ་དུ་འཇམ་ཅག་གེར་སོང་ཉིན་ནས་བཟུང
ངས་རྣ་བ་བླགས་ནས་མུན་ནག་གི་ཨ་ལན་དེར་སྒུག་ཡོད
ངས་སྙན་ངག་འབྲི་བཞིན་ཁེར་རྐྱང་གི་བྲང་གཞུང་དེར་ཉལ་ཡོད
 
ཁྱོད་བུད་སོང་ངམ
འཇམ་ཅག་གེར   ང་དང་ངའི་སྙན་ངག་གི་ཁམས་ནས་བུད་སོང་ངམ
འུ་གཉིས་ཀྱི་སྒོ་མོ་བརྒྱབ་ནས
ཕྱིར་མིག་དང་འཛུམ་མདངས་ཐ་དག་འཁྱེར་ནས
འཇམ་ཅག་གེར་བུད་སོང་ངམ
ཁྱོད་ཀྱི་ཁ་པར་དང་འདྲ་བར་འཇམ་ཅག་གེར་བུད་སོང་ངམ
 
མཁའ་མོ
ཁྱོད་འཇམ་ཅག་གེར་བུད་སོང་ངམ
སྙན་ངག་ལས་ཅི་ཡང་མ་བསྐྱུར་པར་བུད་སོང་ངམ
བདེ་མོ་དང་ལག་བརྡ་གང་ཡང་མ་བསྐྱུར་བུད་སོང་ངམ
བུད་སོང་ངམ     དངོས་ནས་བུད་སོང་ངམ
         ༢༠༡༢ ༡༢ ༡ཁམས་རྫ་ཆུ་ཁ་བ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཁའ་མོ།ཁྱོད་འཇམ་གེར་བུད་སོང་ངམ།

2013-02-03 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

ཁྱོད་ཀྱིས་སྒོ་གླེགས་གང་མ་བརྒྱབ་པར
ཁྱོད་འཇམ་ཅག་གེར་བུད་སོང་ངམ
མཁའ་མོ
ངས་ཁྱོད་ཀྱི་ཕྱིར་མིག་དེ་རྙེད་མ་སོང
ངས་ཁྱོད་ཀྱི་འཛུམ་མདངས་དེ་མཐོང་མ་སོང
 
མཁའ་མོ       ཁྱོད་འཇམ་ཅག་གེར་བུད་སོང་ངམ
བདེ་མོ་དང་ལག་བརྡ་གང་ཡང་མེད་པར
ཁྱོད་ཀྱིས་འཛུམ་མདངས་དེ་སུ་ཞིག་ལ་བསྐྱུར་ཏེ
ཁྱོད་ཀྱིས་ཕྱིར་མིག་དེ་གང་ཞིག་ལ་བཅོལ་ཏེ
ཁྱོད་ཀྱི་ཁ་པར་དང་འདྲ་བར་འཇམ་ཅག་གེར་བུད་སོང
ངས་ཁྱོད་ཀྱི་རྐང་རྗེས་གང་ཡང་མཐོང་མ་སོང
ངས་ཁྱོད་ཀྱི་སྐད་ངག་ཅི་ཡང་ཐོས་མ་སོང
 
ཁྱོད་ཀྱིས་སྒོ་གང་ཡང་མ་གཏན་ཞིང
ཁྱོད་ཀྱིས་སྐད་ཅི་ཡང་མ་བསྐྱུར་པར
འཇམ་ཅག་གེར་བུད་སོང་བས
ངས་སོ་མ་རྙེད་པའི་དྲོད་ཁོལ་དེ་དགུན་གཞུང་ལ་འཐིམ་ཞིང
ངས་བཤད་འདོད་འི་སྙིང་གཏམ་ཐ་དག་བྲང་གཞུང་ནས་རྒས་འགོ་བརྩམས་སོང
 
གང་ལྟར
ཁྱོད་ཁ་པར་མཉམ་དུ་འཇམ་ཅག་གེར་སོང་ཉིན་ནས་བཟུང
ངས་རྣ་བ་བླགས་ནས་མུན་ནག་གི་ཨ་ལན་དེར་སྒུག་ཡོད
ངས་སྙན་ངག་འབྲི་བཞིན་ཁེར་རྐྱང་གི་བྲང་གཞུང་དེར་ཉལ་ཡོད
 
ཁྱོད་བུད་སོང་ངམ
འཇམ་ཅག་གེར   ང་དང་ངའི་སྙན་ངག་གི་ཁམས་ནས་བུད་སོང་ངམ
འུ་གཉིས་ཀྱི་སྒོ་མོ་བརྒྱབ་ནས
ཕྱིར་མིག་དང་འཛུམ་མདངས་ཐ་དག་འཁྱེར་ནས
འཇམ་ཅག་གེར་བུད་སོང་ངམ
ཁྱོད་ཀྱི་ཁ་པར་དང་འདྲ་བར་འཇམ་ཅག་གེར་བུད་སོང་ངམ
 
མཁའ་མོ
ཁྱོད་འཇམ་ཅག་གེར་བུད་སོང་ངམ
སྙན་ངག་ལས་ཅི་ཡང་མ་བསྐྱུར་པར་བུད་སོང་ངམ
བདེ་མོ་དང་ལག་བརྡ་གང་ཡང་མ་བསྐྱུར་བུད་སོང་ངམ
བུད་སོང་ངམ     དངོས་ནས་བུད་སོང་ངམ
         ༢༠༡༢ ༡༢ ༡ཁམས་རྫ་ཆུ་ཁ་བ་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།