འདྲེ།

ཐོ་རེངས།༼རེབ་ཀོང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-07-23

 

མི་ལོ་ཉེར་བདུན་ཡུན་གྱིས་ཕུད་ཀྱང
སྟོང་བར་ལུས་པ་བྲང་དང་སྙིང་ཆུང་རློན་པ
དོར་བར་བསམ་ཡང་དྲངས་ནས་འོང་བའི
ལག་པ་དང་སོར་མོའི་ལྕགས་ཀྱུ
ཅི་ཙམ་བཀབ་ཀྱང་དེ་ཙམ་ཆེར་བགྲད་འགྲོ་བའི
མིག་ཟུང་དང་ཁ་དོག་གི་བསླུ་བྲིད
ངག་གི་སྒོ་མོ་ཟྭ་ཡིས་ཡང་ཡང་གཅུན་ཡང
འདོད་པའི་འཁུན་སྒྲ་ལྷང་ལྷིང་སྒྲོག་པའི་མགྲིན་པ
རྣ་བའི་བུ་ག་ལྕགས་ཀྱིས་ལྷན་པ་བཟོས་ཀྱང
སེམས་ཀྱི་དར་ལྕོག་རླུང་གིས་བསྐྱོད་པའི་སྒྲ་དབྱངས
རོ་ཡི་རྩ་བ་དུག་གི་ཚེར་མ་བཏབ་རུང
ཧམ་པའི་ཁ་ཆུ་འཛག་འཛག་བྱེད་པའི་ཉི་མའི་འོད་ཟེར
དྲི་ཡི་ལྷ་མོའི་མི་སྡུག་མེ་ཏོག་རྒྱན་དུ་བྱས་ཀྱང
ཆགས་པོའི་དབང་བོའི་ཡིད་ལ་སྣང་བའི་མཁའ་ཡི་འཇའ་ཚོན
ཡོད་ཡོད་བསམ་ནས་ཕར་ལ་མང་པོ་སྦྱིན་ཡང
མེད་མེད་འདོད་ནས་ཚུར་ལ་ཤུགས་ཀྱིས་ལེན་པའི་རྐུན་པོ
དཔའ་མཛངས་སྟོབས་ཀྱི་མེ་ལྕེ་དགུང་ལ་མཆེད་ཀྱང
ལག་རྗེས་མེ་སྟག་ཙམ་ཞིག་མ་ཞོག་བེམ་པོའི་དོ་ཡ
མཆོག་ཤེས་མེ་ལོང་ལག་ཏུ་ཐོགས་པར་བྱས་ཀྱང
སྡུག་གི་མེ་འོབས་ཀློང་དུ་མཆོངས་བར་བྱེད་པའི་ལོང་བ
འཁོར་བའི་མནར་གཅོད་པ་ཏྲའི་རི་མོ་མངོན་པར་གསལ་ཡང
ཞེན་པའི་གོམ་ཁ་རྙི་ལ་འཇོག་པའི་སེམས་ཅན་མཐོ་ཤོས
སྙན་གྲགས་བང་རིམ་བཅོ་བརྒྱད་རྡོག་པས་མནན་ཡང
དོན་གྱི་འབྲས་བུ་དུག་གི་ལོ་མས་སྒྲིབ་པའི་གསང་བ
རྒྱུ་ནོར་རྩྭ་མགོའི་ཟིལ་བ་འོད་སྣང་བཀྲ་ཡང
འཇིག་རྟེན་མི་རྟག་བྱང་ཐང་སྐྱ་མོའི་སྨུག་རྒྱུ
ཉིན་དང་མཚན་ལ་ཇི་ལྟར་སྒོམ་ལ་བསྡད་ཀྱང
རང་སེམས་ཕྲ་མོ་བྲན་ལ་བཀོལ་བའི་བྱེད་པོ
འདྲེ        འདྲེ        འདྲེ        འདྲེའོ།

                                 ༢༠༡༣  ༥  ༢༣དགོང་མོར་བྲིས།
                                 ༢༠༡༣   ༥   ༢༤གློག་ཀླད་དུ་ཕབ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདྲེ།

2013-07-23 ཐོ་རེངས།༼རེབ་ཀོང༽ ཀློག་གྲངས། མཆན ཡོད།

 

མི་ལོ་ཉེར་བདུན་ཡུན་གྱིས་ཕུད་ཀྱང
སྟོང་བར་ལུས་པ་བྲང་དང་སྙིང་ཆུང་རློན་པ
དོར་བར་བསམ་ཡང་དྲངས་ནས་འོང་བའི
ལག་པ་དང་སོར་མོའི་ལྕགས་ཀྱུ
ཅི་ཙམ་བཀབ་ཀྱང་དེ་ཙམ་ཆེར་བགྲད་འགྲོ་བའི
མིག་ཟུང་དང་ཁ་དོག་གི་བསླུ་བྲིད
ངག་གི་སྒོ་མོ་ཟྭ་ཡིས་ཡང་ཡང་གཅུན་ཡང
འདོད་པའི་འཁུན་སྒྲ་ལྷང་ལྷིང་སྒྲོག་པའི་མགྲིན་པ
རྣ་བའི་བུ་ག་ལྕགས་ཀྱིས་ལྷན་པ་བཟོས་ཀྱང
སེམས་ཀྱི་དར་ལྕོག་རླུང་གིས་བསྐྱོད་པའི་སྒྲ་དབྱངས
རོ་ཡི་རྩ་བ་དུག་གི་ཚེར་མ་བཏབ་རུང
ཧམ་པའི་ཁ་ཆུ་འཛག་འཛག་བྱེད་པའི་ཉི་མའི་འོད་ཟེར
དྲི་ཡི་ལྷ་མོའི་མི་སྡུག་མེ་ཏོག་རྒྱན་དུ་བྱས་ཀྱང
ཆགས་པོའི་དབང་བོའི་ཡིད་ལ་སྣང་བའི་མཁའ་ཡི་འཇའ་ཚོན
ཡོད་ཡོད་བསམ་ནས་ཕར་ལ་མང་པོ་སྦྱིན་ཡང
མེད་མེད་འདོད་ནས་ཚུར་ལ་ཤུགས་ཀྱིས་ལེན་པའི་རྐུན་པོ
དཔའ་མཛངས་སྟོབས་ཀྱི་མེ་ལྕེ་དགུང་ལ་མཆེད་ཀྱང
ལག་རྗེས་མེ་སྟག་ཙམ་ཞིག་མ་ཞོག་བེམ་པོའི་དོ་ཡ
མཆོག་ཤེས་མེ་ལོང་ལག་ཏུ་ཐོགས་པར་བྱས་ཀྱང
སྡུག་གི་མེ་འོབས་ཀློང་དུ་མཆོངས་བར་བྱེད་པའི་ལོང་བ
འཁོར་བའི་མནར་གཅོད་པ་ཏྲའི་རི་མོ་མངོན་པར་གསལ་ཡང
ཞེན་པའི་གོམ་ཁ་རྙི་ལ་འཇོག་པའི་སེམས་ཅན་མཐོ་ཤོས
སྙན་གྲགས་བང་རིམ་བཅོ་བརྒྱད་རྡོག་པས་མནན་ཡང
དོན་གྱི་འབྲས་བུ་དུག་གི་ལོ་མས་སྒྲིབ་པའི་གསང་བ
རྒྱུ་ནོར་རྩྭ་མགོའི་ཟིལ་བ་འོད་སྣང་བཀྲ་ཡང
འཇིག་རྟེན་མི་རྟག་བྱང་ཐང་སྐྱ་མོའི་སྨུག་རྒྱུ
ཉིན་དང་མཚན་ལ་ཇི་ལྟར་སྒོམ་ལ་བསྡད་ཀྱང
རང་སེམས་ཕྲ་མོ་བྲན་ལ་བཀོལ་བའི་བྱེད་པོ
འདྲེ        འདྲེ        འདྲེ        འདྲེའོ།

                                 ༢༠༡༣  ༥  ༢༣དགོང་མོར་བྲིས།
                                 ༢༠༡༣   ༥   ༢༤གློག་ཀླད་དུ་ཕབ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།