ཁྱོད་ཁོ་ན་ཡོད་པས་ང་བདེ་བར་གཟིམ་ཆོག

བཙན་རྐང་།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-11-21

 

 

བརྡ་རྟགས་མ་རྙེད་པའི་སྔ་རོལ
སྲོང་བཙན་གྱི་མགོ་ན་ལྷ་སྐུ་ཡོད་རབས་དང་
གླང་དར་གྱི་མགོ་ན་རྭ་ཅོ་ཡོད་རབས
གཏམ་རྒྱུད་ནས་གཏམ་རྒྱུད་མང་པོ་བསྒྲིགས་མྱོང་
 
ཉི་ཤར་གྱི་འོད་ཟེར་ཡུན་གྱིས་འཕྲོས་དུས
ཟིལ་བ་དེ་མེ་ཏོག་གི་རྒྱན་ཆར་གྱུར་སོང་ལ
བྱམས་པ་དེ་འོད་མདངས་ཀྱི་ལྟེ་བར་གྱུར
 རུ་ཚོགས་དང་སྡེ་ཚོགས་ཀྱི་དཀྱིལ་ནས
 མཛེས་མ་ཞིག་ལྷང་ངེར་བུད་འོང་
 
གསེར་ཞིང་གི་ལོ་མར་མགོ་བོ་གླན་ན
 གངས་ཆབ་དེ་དལ་གྱི་རྒྱང་ལ་བཞུར་ཞིང་
ཡིད་དགའ་མེ་ཏོག་དེ་ཡུན་གྱི་འགྲམ་ལ་བཞད
ཕལ་བ་དང་སྙིང་ཉེ་ཡི་ཁྲོམ་ར་ནས
 ང་དང་གདོང་གཏད་ནས་འོང་བ་དེ་ཁྱོད་ཁོ་ན་རེད
 
ཁྱོད་ཁོ་ན་ཡོད་པས་ང་བདེ་བར་གཟིམས་ཆོག
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ཁོ་ན་ཡོད་པས་ང་བདེ་བར་གཟིམ་ཆོག

2013-11-21 བཙན་རྐང་།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

 

 

བརྡ་རྟགས་མ་རྙེད་པའི་སྔ་རོལ
སྲོང་བཙན་གྱི་མགོ་ན་ལྷ་སྐུ་ཡོད་རབས་དང་
གླང་དར་གྱི་མགོ་ན་རྭ་ཅོ་ཡོད་རབས
གཏམ་རྒྱུད་ནས་གཏམ་རྒྱུད་མང་པོ་བསྒྲིགས་མྱོང་
 
ཉི་ཤར་གྱི་འོད་ཟེར་ཡུན་གྱིས་འཕྲོས་དུས
ཟིལ་བ་དེ་མེ་ཏོག་གི་རྒྱན་ཆར་གྱུར་སོང་ལ
བྱམས་པ་དེ་འོད་མདངས་ཀྱི་ལྟེ་བར་གྱུར
 རུ་ཚོགས་དང་སྡེ་ཚོགས་ཀྱི་དཀྱིལ་ནས
 མཛེས་མ་ཞིག་ལྷང་ངེར་བུད་འོང་
 
གསེར་ཞིང་གི་ལོ་མར་མགོ་བོ་གླན་ན
 གངས་ཆབ་དེ་དལ་གྱི་རྒྱང་ལ་བཞུར་ཞིང་
ཡིད་དགའ་མེ་ཏོག་དེ་ཡུན་གྱི་འགྲམ་ལ་བཞད
ཕལ་བ་དང་སྙིང་ཉེ་ཡི་ཁྲོམ་ར་ནས
 ང་དང་གདོང་གཏད་ནས་འོང་བ་དེ་ཁྱོད་ཁོ་ན་རེད
 
ཁྱོད་ཁོ་ན་ཡོད་པས་ང་བདེ་བར་གཟིམས་ཆོག
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།