མཚན་གུང་འདི་གཅིག་པུ་ང་ལ་སྐྱུར་རོགས།


སོ་བཏབ་ཤུལ་དང་སྡེར་མོས་བྲད་རྗེས་ལ་སེང་རས་ལྷན་བཞིན
ཁུ་སིམ་མེར་ངལ་དུབ་ཀྱིས་ལྷུང་འདུག་པ་འདིར་བལྟས་ན
སྲང་ལམ་འདིས་ཇི་འདྲའི་ལྗིད་མོ་ཞིག་ཁུར་ཡོད་པ་རེད་ཨང

ཁོམ་དྲགས་པའི་རླངས་འཁོར་ཚོས་མཉེས་མཉེས་མཐར
ཨར་འདམ་གྱི་ངོ་གདོང་ནས་སེར་ཁ་གས་ཤིང
གློག་སྒྲོན་ཚོའི་མིག་མདངས་ཉམས་ཏེ་རང་གི་མཐོང་ལམ་ཡང་རྙེད་ཀྱི་མི་འདུག

བཟི་བོ་འགའི་སྐྱུག་དྲི་ཁང་མིག་ཚོའི་སྣ་ལམ་ལ་ཐུལ་བས
གཉིད་མ་ཁུག་པར་སྒྲོན་མེ་མོག་མོག་འགའ་སྒེའུ་ཁུང་དུ་བཞག་འདུག

ཁྲེལ་མེད་ཚོ་འདུར་བའི་སོ་སྒྲས་ཧཱ་པ་ཚོར་འདུ་འཛི་བྱིན
ལྷིང་འཇགས་འདྲ་བའི་འུར་ཟིང་འདིས་སྦས་པའི
བདེ་སྐྱིད་ཕག་གི་དངན་པའི་ངོ་གདོང་དག
སུ་ཡི་སྐད་ཅིག་གི་ལོངས་སྤྱོད་ཀྱི་འཇིགས་སྐྲག་ཡིན

རི་གྲོང་ནད་པ་འདིའི་ཆབ་རོམ་དང་གྲང་རླུང་ཡོད་ཚད
མཚན་གུང་འདི་གཅིག་པུ་ང་ལ་སྐྱུར་རོགས
ལྷིང་འཇགས་ཙམ་ལས་ང་ལ་ཅི་ཡང་མི་མཁོ
འདི་གཅིག་པུས་ཆོག་ནས་འདུག
 
                    ༢༠༡༣-༡༡-༡༠ཉིན་ནམ་གུང་དུ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་གུང་འདི་གཅིག་པུ་ང་ལ་སྐྱུར་རོགས།

2015-07-17 མདའ་ཆོ་ནཱི། ཀློག་གྲངས། མཆན ཡོད།


སོ་བཏབ་ཤུལ་དང་སྡེར་མོས་བྲད་རྗེས་ལ་སེང་རས་ལྷན་བཞིན
ཁུ་སིམ་མེར་ངལ་དུབ་ཀྱིས་ལྷུང་འདུག་པ་འདིར་བལྟས་ན
སྲང་ལམ་འདིས་ཇི་འདྲའི་ལྗིད་མོ་ཞིག་ཁུར་ཡོད་པ་རེད་ཨང

ཁོམ་དྲགས་པའི་རླངས་འཁོར་ཚོས་མཉེས་མཉེས་མཐར
ཨར་འདམ་གྱི་ངོ་གདོང་ནས་སེར་ཁ་གས་ཤིང
གློག་སྒྲོན་ཚོའི་མིག་མདངས་ཉམས་ཏེ་རང་གི་མཐོང་ལམ་ཡང་རྙེད་ཀྱི་མི་འདུག

བཟི་བོ་འགའི་སྐྱུག་དྲི་ཁང་མིག་ཚོའི་སྣ་ལམ་ལ་ཐུལ་བས
གཉིད་མ་ཁུག་པར་སྒྲོན་མེ་མོག་མོག་འགའ་སྒེའུ་ཁུང་དུ་བཞག་འདུག

ཁྲེལ་མེད་ཚོ་འདུར་བའི་སོ་སྒྲས་ཧཱ་པ་ཚོར་འདུ་འཛི་བྱིན
ལྷིང་འཇགས་འདྲ་བའི་འུར་ཟིང་འདིས་སྦས་པའི
བདེ་སྐྱིད་ཕག་གི་དངན་པའི་ངོ་གདོང་དག
སུ་ཡི་སྐད་ཅིག་གི་ལོངས་སྤྱོད་ཀྱི་འཇིགས་སྐྲག་ཡིན

རི་གྲོང་ནད་པ་འདིའི་ཆབ་རོམ་དང་གྲང་རླུང་ཡོད་ཚད
མཚན་གུང་འདི་གཅིག་པུ་ང་ལ་སྐྱུར་རོགས
ལྷིང་འཇགས་ཙམ་ལས་ང་ལ་ཅི་ཡང་མི་མཁོ
འདི་གཅིག་པུས་ཆོག་ནས་འདུག
 
                    ༢༠༡༣-༡༡-༡༠ཉིན་ནམ་གུང་དུ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།