གྲིབ་མས་ཁྲིད་པའི་རྣམ་ཤེས་ཀྱི་རང་གཟུགས།

རྡོ་སྐས་ཀྱི་ཐེམ་པར་བཞད་པའི་མེ་ཏོག་ཅིག
ཡར་བཏེགས་ཏེ་མི་ཚོགས་ལ་བསྟན་པ་ནི་འཇིག་རྟེན་གྱི་མིག་ཀོང་ཕྱེས་པ་ཡིན་ནམ
ཡང་ན་མཁའ་དབུགས་ཀྱི་མེ་རོ་མ་གསོས་པའི་ལྕཊ་ཀྱི་ཕོ་བྲང་ཞིག་ཏུ་བཅུག་པ་ཡིན
གང་ལྟར  ཁྱོད་རང་ཕོར་བར་སྦངས་པའི་ལོ་མ་ཞིག་ཏུ་འགྱུར་སྲིད་དམ

ནམ་ཞིག་གྲིབ་མ་གྲིབ་མར་འཐིམས་ཚེ
རང་ཉིད་ཀྱི་གྲིབ་མ་ཡལ་བར་བོར་ན
ཁྱོད་ལ་རབ་ཏུ་བཙོག་པའི་རྣམ་རྟོག་ཅིག་ལངས་སྲིད་དམ

ལམ་གྱི་ཕ་བོང་རེ་རེ་འབུར་ཚུགས་ཀྱིས་ཅེར་ཚེ
སུ་ཞིག་འཕྲིན་ཡིག་གི་རི་མོར་སྤྲུལ་ཏེ་མི་སེམས་ཀྱི་གསང་བ་བརྟོལ་སྲིད

མུན་པའི་བྲག་སྲུབས་ནས་མི་དགེའི་རྩྭ་ལྡུམ་གཟེངས་ཚེ
ཁེར་རྐྱང་བར་སྐྲ་ལོ་དང་ལུས་ཀྱི་བ་སྤུ་ལས་ཅི་ཡང་མི་ལྷག
འུ་ཐུག་ཐབས་ཟད་ཀྱི་དབུགས་རིང་གཏོང་དུས
རང་བྱུང་གི་སྣང་ཚུལ་དག་འདྲེ་དང་བདུད་ཀྱི་ཆོ་འཕྲུལ་དུ་བསམ་ན
ཁྱོད་ཀྱིས་རང་ལུས་ཀྱི་གྲིབ་མ་འཚོལ་སྲིད་དམ
མུན་པ་ལས་གྲིབ་མ་མཐོང་མི་སྲིད་པ་ཞེ་ལ་འཁོར་རམ

གླིང་བུ་སྙན་མོ་ཞིག་བུས་པས་སེམས་པ་སྤྲོ་བར་གྱུར་ཚེ
ཚིག་མཚོན་གྱི་མཆིལ་ཞགས་ཀྱིས་གདུང་བར་གྱུར་ཚེ
ཁྱོད་ཀྱིས་འཁོར་བའི་ཨ་ལོང་གི་རི་མོ་ལ་ལག་པས་མི་སྙོབ་པ་ཤེས་སྲིད
དེ་དུས་མི་སེམས་ཀྱི་དྲོ་འཁྱག་གི་ཁ་དོག་མངོན་ཡོང

ག་དུས་ཤིག་ལ
ཁྱོད་རང་རབ་ཁ་མེད་པའི་གཙང་བོ་ཞིག་ལ་འཕྲད་སྲིད
བརྒལ་དུ་མི་བཟོད་པའི་གཉན་འཕྲང་ཞིག་ལའང་འཕྲད་སྲིད
དེ་ནི་ཕོ་འཁྱུད་མོ་འབྱར་གྱི་འདོད་པའི་བང་རིམ་ཞིག་རེད
དེ་ནི་མུན་པའི་དོང་རིང་གི་འཐབ་འཁྲུག་ཅིག་རེད

བརྩེ་དགའི་གླུ་དབྱངས་རེ་རེ
དམག་འཁྲུག་གི་མཚོན་ཆ་གཏུག་པའི་སྒྲ་ལ་ངོས་ཟིན་རྗེས
ད་གཟོད་མི་སེམས་ཀྱི་དུག་གི་ལོ་མ་དག་ཀྱང་མཐོང་ཡོང

ཁྱོད་ཀྱིས་མི་ཡུལ་ལུང་བར
མི་སེམས་ནས་མེ་ཏོག་ཅིག་བཞད་སྲིད་དམ་ཞེས་དྲིས་ཚེ
ཡིད་ཀྱི་སྨག་རིམ་བརྟོལ་བའི་ཨ་ལན་ཞིག་ཐོབ་མི་སྲིད
རྒྱུ་མཚན་མི་རེ་རེའི་སྣང་ངོའི་མཛེས་སྡུག་གི་གཤོག་པ་འདྲ་མི་སྲིད
འོན་ཀྱང  ཁྱོད་ལ་ངལ་གསོ་བྱེད་པའི་གོ་སྐབས་ཕྲན་ཙམ་རག་པ་དེས་ཆོག་པར་བྱོས

ཁྱོད་ཀྱིས་རང་ཉིད་མེ་ཏོག་ཅིག་ཏུ་འཛིན་ཆོག
མཐའ་མར་སད་ཀྱིས་འཇོམས་པའི་མེ་ཏོག་ཅིག་ཏུ་འཛིན་ཆོག
ཁ་དོག་རྣམ་པར་བཀྲ་ཞིང་མི་སེམས་རབ་ཏུ་འཕྲོག་པའི་མེ་ཏོག་ཅིག་ཏུ་བལྟ་ཆོག
དེ་བས   འདབ་མ་ལྷུག་པར་གྲོལ་ཐུབ་པའི་མེ་ཏོག་ཅིག་ཡིན་ན་ཅི་ལ་མི་ཆོག

རང་དབང་ནི་ནམ་མཁའ་ཞིག་སྟེ
ཐོགས་རེག་མེད་པའི་བར་སྣང་ཞིག་ཡིན
བར་སྣང་དེ་རྙེད་པར་ཁྱོད་ཀྱིས་རྒྱལ་ཕམ་གྱི་རི་མོ་མང་པོ་བྲི་དགོས
དེ་ནི་གོ་རིམ་ཞིག་ཡིན  མ་བརྒྱུད་ཐབས་མེད་ཀྱི་གོ་རིམ་ཞིག་ཡིན

གཞོན་དུས་ཀྱི་ལང་ཚོའི་དཔལ་འབར་དུས
རྣམ་དཔྱོད་ཀྱི་གློག་ཞགས་འཁྱུག་དུས
ཏག་ཏག་སུ་ལའང་ཡིད་སྨོན་འཆོར་དགོས་དོན་མེད་ལ
ག་ཤེད་ཅིག་ནས་ཁོ་ཆད་ཡི་མུག་ཀྱང་བྱུང་མི་དགོས་ཏེ
ཁྱོད་ཀྱིས་མུན་པ་ལས་འོད་ཟེར་གྱི་ཡུལ་གྲུ་ཞིག་བཙལ་ཆོག
དེ་ནི་ཁྱོད་ལ་དབང་བའི་རང་དབང་གི་ནམ་མཁའ་ཡིན
ནམ་མཁའ་དེ་ནས་ཁྱོད་ཀྱིས་རང་དབང་གི་གཤོག་པ་བརྐྱངས་ཆོག

ཁྱོད་ཀྱིས་རང་ཉིད་ལ་ཤེས་རབ་ཀྱི་ཕྲ་རྒྱན་བཏབ་ཆོག
རིག་པའི་རྣོ་ལྕགས་ཀྱི་ཁྲབ་རྨོག་བཟོ་ཆོག

ནམ་ཞིག་ཁྱོད་རང་ཆེས་ཡིད་དུ་མི་འོང་བ་དག་གིས་ཅར་སེ་མནན་བཞག་ན
ལུས་སེམས་ངལ་དུབ་ཀྱི་མུན་པས་རུབ་ཚེ
ཆུ་མོ་ཤང་ཤང་བཞུར་སའི་ལྷོད་ཡངས་ཀྱི་སྤང་ལྗོངས་ཤིག་ནས
ཁྱོད་ཀྱིས་དལ་མོར་ཨ་རག་ཅིག་མཆོད་དང
རང་བྱུང་གི་མཛེས་པ་མ་ལུས་ཉམས་སུ་མྱོང་ཐུབ
དེ་དུས་མི་ཡུལ་ལུང་བའི་སྡུག་བསྔལ་མཐའ་དག
རླུང་བུས་དེད་པའི་སྤྲིན་ནག་ཇི་བཞིན
རྒྱང་རིང་རྒྱང་རིང་དུ་བཞུད་འགྲོ
ཁྱོད་དང་ཆེས་རིང་སར་གྱེས་འགྲོ

དེ་ལས་ཀྱང་གཞན་ཞིག་ནི
མི་ཚོགས་ཀྱི་གྲིབ་དུག་མི་ཕོག་སའི་ཀད་སྐྱིབས་ཤིག་ནས
སྐད་མཐོན་པོས་ངུས་ཤིག  ཡིད་ཚིམ་པ་ཞིག་ངུས་ཤིག
ཡང་མིན་ན  རི་མཐོན་པོའི་སྒང་ལ་བུད་དེ
མགྲིན་པ་གཟེངས་ཏེ་གདངས་མཐོན་པོས་སྙན་ངག་ཅིག་གྱེར་དང
ཁྱོད་ཀྱིས་སྙིང་ཁམས་ལྷོད་དུ་འབབ་ཤག་ཡིན
དེ་ནས་ཁྱོད་ཀྱིས་སྣ་གླུ་ཐན་ཐུན་ཞིག་ཀྱང་གཏོང་ངེས

རླུང་བུས་ལོ་མ་དག་ཤོག་ཤོག་གིས་ཕྱོགས་ཕྱོགས་སུ་ཁྱེར་ཚེ
ཁྱོད་ཀྱིས་ཚེ་ཡི་་ཆུ་མོར་ཤར་བའི་རྒས་གཉེར་གྱི་ཆུ་རིས་ཤིག་མཐོང་ངེས
དེ་དུས་ཁྱོད་ཀྱིས་མི་རྟག་པ་ཞེས་ཁ་ནས་ཡང་ཡང་བཟློ་སྲིད
རྟག་ཏུ་མ་ཎི་བགྲང་བའི་སྤོ་བོ་ཞིག་ཀྱང་སེམས་སུ་འཆར་ངེས

ཁྱོད་ཀྱིས་བྲིས་པའི་ཞལ་ཆེམས་ཡི་གེ་དེ
རྗེས་རབས་པའི་རྩོད་གཞི་ཞིག་ཏུ་གྱུར
ལོ་ངོ་ག་ཙམ་འདས་ཀྱང་རྩོད་གཞི་དེའི་མཚམས་བཞག་མ་མྱོང
དེ་བས  ཕྱི་རབས་པར་ལས་ཀ་ཞིག་རེག་སོང

གྲིབ་མར་འགྲོགས་པའི་འཚོ་བའི་ཁ་དོག
རང་ཉིད་དང་འགྲོགས་ཏེ་ཡོད་པས
གང་ཞིག་ལ་འཐམས་འཁྱུད་ཀྱི་མཆུ་སྦྱོར་བྱས་ན
ཁྱོད་ཀྱི་རྣམ་ཤེས་གྲིབ་མས་ཁྲིད་དེ་གང་ཞིག་ལ་བུད་འགྲོ
སླར་ཡང་བཤུལ་ལམ་འཚོལ་སྲིད་དམ

མི་ཚོགས་ཀྱི་རྐང་རྗེས་མང་པོ་དོན་སྟོན་པའི་རི་མོ་ཅིག་ཏུ་གྲུབ་རྗེས
འཇིག་རྟེན་གྱི་ཆོས་མང་པོར་སྡོམ་ཚིག་བཞག་ཀྱང
མཐའ་མར་ཞིག་འགྲོ་བ་དེའང་སུ་ལ་གསང
                                        
                                     ༢༠༡༥/༡༢/༩ཉིན་གྲུབ།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲིབ་མས་ཁྲིད་པའི་རྣམ་ཤེས་ཀྱི་རང་གཟུགས།

2016-09-05 ལྡོག་འཆར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།