ཉ་སྲོག་བླུ།(ཞར་བཀོད་གཅིག་ཡོད)

ཀླུ་པད་བཟང་།(དཀར་མཛེས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-12-20

འཁྲུལ་སྣང་གིས་བསྐྱེད་པའི་ཕོ་བྲང་དུ
སྨོན་འདུན་དང་གསོལ་འདེབས་བར་མེད་བཏོན་རྗེས
དུར་ཁྲོད་ལྟ་བུའི་སྲང་ལམ་འདིའི་སྣེ་མོ་ཁད་ཀྱིས་དཀྲོགས
རང་བཞིན་གྱིས་གྲུབ་པ་དེའི་ཕྱིར་ཟུག་གཟེར་དྲག་པོ་ལང་བཞིན
འུ་གཉིས་ཀྱི་ཚབ་ཏུ་ཤུགས་ཆེན་པོས་རྐང་བ་མདུན་དུ་སྤོ་བྱུང
གཙང་པོ་སྔོན་པོ་འདི་ཧུབ་ཀྱིས་འཐུངས་པ་ཐག་གིས་ཆོད
དུས་ལ་བབས་ཚེ་གྲང་འདར་རྒྱག་བཞིན་རྨི་ལམ་ལས་སད་པར་གྱུར་ནའང
མི་ཚོགས་འདུས་ཤིང་འཕྲུལ་འཁོར་གྱི་ཚང་ཁ་སྟུག་པོའི་ཁྲོད་དུ
ཉ་སྲོག་བླུ    ཉ་སྲོག་བླུ་ཞེས
ཡང་དང་བསྐྱར་དུ་ཉ་སྲོག་བླུ་ཞེས་སྐྱེ་བ་སྟོང་གི་རྣམ་ཤེས་ལ
གནས་ལུགས་ལྟ་བུའི་བུ་ལོན་སྤྲོད་རྩིས་ཡོད་དམ

བཤད་ཡམ་དང་རིམས་ནད་གང་གི་རླུང་འཚུབ་ཀྱི་ཁྲོད་དུ
ལམ་འགྲོ་བ་དག་གི་རྨ་ཁ་ལ་གཅེས་པར་བསྐྱངས་པའི་ཟུངས་ཁྲག་རྒྱས
སྨྲ་ལྕེ་གཉེན་མོས་དྲུད་ཡོང་བའི་སྒྱེ་མོ་སྟོང་པ་ལ་མགོ་བོ་བསྙེས་ནས
འདོད་པའི་ལག་པ་དམར་པོ་སྲང་ལམ་འདིའི་སྣེ་མོ་ནས་ཕར་བསྲིངས་ཚེ
ཆུ་འཁྱག་ཕོར་བ་གང་གིས་འུ་ཅག་ལ་གནམ་ས་གཞན་ཞིག་གྲུབ
དུར་ཁྲོད་ན་འདས་ལོག་གི་གླུ་བ་མང་བ་ཇི་བཞིན
འདོད་པ་སྤུང་བའི་སྒོ་འགྲམ་དུ་ང་ཡི་མི་རིགས་ཀྱིས་འཚང་ག་བྱེད

རྒྱ་མཚོའི་རྦ་ཀློང་གི་བསླུ་བྲིད་ཀྱིས་ཉ་མོ་བསླུས་པ་ཇི་བཞིན
མཐོ་ནས་མཐོ་རུ་འཕགས་པའི་རིམས་ནད་ཀྱིས
བྱང་ཐང་གི་སྐྱ་མི་དག་ལ་གཅེས་པར་འོས་པའི་རྨི་ལམ་གཞན་ཞིག་སྦྲུམ
དངུལ་ལོར་གྱི་བར་དུ་བཙིར་བའི་ཉ་མོ་བརྒྱ་ཕྲག་གིས
བསྐལ་བ་སྟོང་གི་ཡར་སྔོན་ནས་ཆགས་པའི་གནམ་མཚོ་ཕྱུག་མོ་གར་སྟེགས་བྱས་ནས
འཁྱུག་རྩལ་མྱུར་མོའི་ངང་དངུལ་ལོར་སིལ་བུ་མཁའ་ལ་གཏོར

                                   2016_12_13

                           དུས་ཚོད་ཀྱི་རླུང་བུ།
                       
རྨི་ལམ་ལས་སད་དུས་གྲང་འཁྱག་ཚད་མེད་པའི་སྡུག་བསྔལ་མྱོང
སྨུག་པ་ལང་ལོང་གསེང་ནས་དཔལ་འབར་མེ་ལ་སྦར་ཚུལ་ནི
ལོ་ངོ་ཁྲི་སྟོང་གི་ཨ་མེས་དག་ཆང་ཁང་ཞིག་ཏུ་འཛོམས་པར་སྒུག་བཞིན
ཚེ་འདས་ཀྱི་རྣམ་ཤེས་ལ་ཁེར་རྐྱང་གི་སྡུག་བསྔལ་གླེང་བ་ཇི་བཞིན
རྨི་ལམ་སྟོང་ཕྲག་གི་གསེབ་ཏུ་འཚང་བའི་ན་ཟུག་དེས
མིག་མདུན་གྱི་ལྗོན་པ་ཁེར་རྐྱང་དེའང་དུམ་བུར་ཧྲུག་ཆག་ཏུ་བཏང

ས་སྲོད་ཀྱིས་བདག་ལ་གྲོགས་བྱས་ཏེ་དཔལ་འབར་མེ་རུ་སྦར
འཇིག་རྟེན་གྱི་རྒྱབ་ངོས་ལྟ་བུའི་མཚན་མོ་འདི་རྨི་ལམ་གྱིས་བརྒལ
རྡུལ་འཚུབ་སྟུག་པོའི་བྱེ་ཐང་དུ་བདག་གི་སྙིང་ཉེ་བའི་མི་དག་འདུས་ཡོད་ཅིང
སྐྱེ་བ་སྔོན་མ་གང་ཞིག་གི་ཆུང་མ་ཡིན་ཟེར་བའི་བུ་མོ་གཅིག་གིས
མོ་རང་གི་སྐྱོ་སྣང་དང་སྨྲེ་སྔགས་དུ་མ་ཞིག་བདག་ལ་ཁུར་བོ་བཞིན་དུ་བཀལ

གཉིད་མི་ཁུགས་པའི་མཚན་གུང་དེ་དག་ཅེས་སྨོད་པ་སྒྲོག་རྗེས
ལག་པ་འདི་གཙང་པོ་བཞིན་བརྐྱངས་ཏེ་བར་སྣང་ཁེབས་པར་བྱས་ཀྱང
ལག་མཐིལ་ངོས་ཀྱི་རི་མོ་སྟོང་བ་འདིས་མིའི་རིགས་ཀྱི་བདེ་སྡུག་རལ་བར་བྱེད

ཁྱོད་ཀྱིས་ཆུང་མའི་སྨྲེ་སྔགས་ལ་བརྟེན་ནས་རྨི་ལམ་གྱི་བདེ་བ་ཐེངས་ཤིག་མཐོང
རང་གི་དྲན་པ་རུ་སྐྱེ་བ་དུ་མའི་རྨི་ལམ་དག་གཅིག་ཏུ་བསྡུས་ཤིང
“འཇིག་རྟེན་འདིའི་ངོ་བོ་རྨང་ནས་འགྱུར་འདུག”ཟེར
འོན་ཀྱང་དུས་ཚོད་ཀྱི་རླུང་བུས་ཐོད་པའི་གཉེར་མ་དག་ཁྱེར་ནས་རྒྱང་དུ་ཡལ་ཟིན

འདོད་པ་དྲག་པོར་འཚང་བའི་དངོས་པོ་དག་ཚེ་གཅིག་གིས་བསྒྲུབས་མི་ཚར་བར་བསམ་ན
གློ་བུར་དུ་རྨི་ལམ་ལས་སད་པ་དེའང་གྲང་འཁྱག་གི་སྡུག་བསྔལ་ཞིག་ཅི་ལ་མིན་ཨང

                             2016_10_5

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉ་སྲོག་བླུ།(ཞར་བཀོད་གཅིག་ཡོད)

2016-12-20 ཀླུ་པད་བཟང་།(དཀར་མཛེས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།