རྒུན་ཆང་།

ཀླད་ཀོར།(སྨར་ཁམས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-02-19
གྲོགས་པོ  ཁྱོད་ཀྱིས་འཐུང་གིན་པ་ནི་རྒུན་ཆང་མིན་པར
སྒེའུ་ཁུང་ཕྱི་རོལ་གྱི་མཚམས་སྤྲིན་དམར་པོ་དེ་རང་རེད
པེ་ཙིའི་མཚམས་སྤྲིན ནམ་མཁའི་མཚམས་སྤྲིན
གྲོགས་པོ   ད་ཞབས་དག་ཡིན་མ་ཟེར
དེ་གཉིས་འཕྲད་ཚེ
ཁོག་པའི་ནང་དུ་མུན་པར་འགྱུར་ནས
སྲང་གི་གློག་འོད་དག་ཇེ་གསལ་ལ་བཏང་འགྲོ
གློག་འོད་ལྡོག་འཕྲོ་བྱེད་ས་ནི
མེ་ལོང་དྭངས་མོ་ཞིག་ལ་གྱུར་ཡོད་པའི
བཟི་བོའི་ངོ་གདོང་ངོ
དེར་ལམ་འགྲོ་བའི་གདོང་ལྤགས་རྣམས་འཚང་ནས
སྲང་ལམ་གྱི་བཞི་མདོར་ཐོགས
མི་འགྲོ་ཆོག མོ་ཊ་འགྲོ་མི་ཆོག་ཟེར་བའི་གློག་ལྗང་ཁུ་དེ
གདོང་ལྤགས་བོར་བའི་ངོ་ལ་ཤར་འདུག་མོད
བདེ་བགྲོད་ཀྱི་ལམ་ན་ཕར་འགྲོ་ཚུར་འོང་བྱེད་མཁན་ནི
སྒྲིག་ཁྲིམས་མི་ཤེས་པའི་མི་མ་ཡིན་པ་ཁོ་ནའོ

 〔1〕བདེ་བགྲོད་ལམ། སྙན་ངག་འདི་འབྲི་དུས་人行道ལ་བོད་ཡིག་ཏུ་ཅི་ཟེར་བར་དྲན་མ་ཐུབ་མོད། ངའི་ཡིད་ལ་གློ་བུར་བདེ་བགྲོད་ལམ་ཞེས་པ་འཁོར།
 

རྩོམ་སྒྲིག་པ། གངས་དགའ།
 

 (མཆོད་མེའི་དཔར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒུན་ཆང་།

2020-02-19 ཀླད་ཀོར།(སྨར་ཁམས) ཀློག་གྲངས། མཆན ཡོད།
གྲོགས་པོ  ཁྱོད་ཀྱིས་འཐུང་གིན་པ་ནི་རྒུན་ཆང་མིན་པར
སྒེའུ་ཁུང་ཕྱི་རོལ་གྱི་མཚམས་སྤྲིན་དམར་པོ་དེ་རང་རེད
པེ་ཙིའི་མཚམས་སྤྲིན ནམ་མཁའི་མཚམས་སྤྲིན
གྲོགས་པོ   ད་ཞབས་དག་ཡིན་མ་ཟེར
དེ་གཉིས་འཕྲད་ཚེ
ཁོག་པའི་ནང་དུ་མུན་པར་འགྱུར་ནས
སྲང་གི་གློག་འོད་དག་ཇེ་གསལ་ལ་བཏང་འགྲོ
གློག་འོད་ལྡོག་འཕྲོ་བྱེད་ས་ནི
མེ་ལོང་དྭངས་མོ་ཞིག་ལ་གྱུར་ཡོད་པའི
བཟི་བོའི་ངོ་གདོང་ངོ
དེར་ལམ་འགྲོ་བའི་གདོང་ལྤགས་རྣམས་འཚང་ནས
སྲང་ལམ་གྱི་བཞི་མདོར་ཐོགས
མི་འགྲོ་ཆོག མོ་ཊ་འགྲོ་མི་ཆོག་ཟེར་བའི་གློག་ལྗང་ཁུ་དེ
གདོང་ལྤགས་བོར་བའི་ངོ་ལ་ཤར་འདུག་མོད
བདེ་བགྲོད་ཀྱི་ལམ་ན་ཕར་འགྲོ་ཚུར་འོང་བྱེད་མཁན་ནི
སྒྲིག་ཁྲིམས་མི་ཤེས་པའི་མི་མ་ཡིན་པ་ཁོ་ནའོ

 〔1〕བདེ་བགྲོད་ལམ། སྙན་ངག་འདི་འབྲི་དུས་人行道ལ་བོད་ཡིག་ཏུ་ཅི་ཟེར་བར་དྲན་མ་ཐུབ་མོད། ངའི་ཡིད་ལ་གློ་བུར་བདེ་བགྲོད་ལམ་ཞེས་པ་འཁོར།
 

རྩོམ་སྒྲིག་པ། གངས་དགའ།
 

 (མཆོད་མེའི་དཔར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།