རང་རྣམ།

སྨྱུག་སྨྱོན།(ལྷ་ས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-11-21
མི་ལོ་ལྔ་བཅུར་འཁྲེན་པའི་རྐང་ལམ་ཕྲ་མོ་དེ
ཡུལ་ལུང་སྐྱ་བོ་དེའི་དེའུ་འབུར་དག་བསྐོར་ནས
ད་ལྟའང་ཡུལ་མི་ཚོའི་མིག་ཟུང་གིས་འཚོས
དུས་ཚོད་ཀྱི་སྔ་རོལ་དུ་འཚོ་འདོད་པའི་ཁྭ་ཏ་ཞིག
མཁའ་དབུགས་གཙང་མ་འགམས་ནས་ཁེར་གླུ་གྱེར

ཨ་མེས་ཀྱི་གཉུག་གཤིས་དང་ལེ་ལོ་ཡིས་དྲུད་འོངས་བའི
འཚོ་བའི་གཉོམ་གཟུགས་ཀྱི་ཡུལ་ལྗོངས་དེར
སྒྲུང་དང་ཆང་གིས་ཐོ་ཡོར་ནར་མར་བརྩིགས

འཁོས་ཆུང་གི་བར་སྣང་ལ་འཁྲིགས་པའི་སྨུག་སྤྲིན་གྱི་བང་རིམ
ཁེར་ཧྲེང་གི་འཇིག་རྟེན་ན་རེས་གསལ་རེས་མོག་ཏུ་བྱེར
ལས་སྐལ་དང་དབང་ཤུགས་ཀྱི་གཡང་གཟར་ན
རི་དྭགས་རྨས་མ་བཞིན་འཁྱར

ཡུན་རིང་ཡུན་རིང་ལ་རེ་དོགས་ཀྱི་རྡོག་ཁྲེས་ཁྱེར་ནས
ཕ་ཡུལ་གྱི་རི་རྩེར་ཀེར་ཏེ
རྒྱང་རིང་རྒྱང་རིང་ལ་བལྟས་ཀྱང
འདྲིས་མི་ཤེས་པའི་ཤུལ་ལམ་ཀྱ་ཀྱུ་དེའི
ལྭ་བ་ཧྲུལ་པོ་ལུས་ལ་མ་བགོས་པའམ
མཚན་མུན་དགའ་མ་དེའི་གཏིང་ཟབ་པའི་བསླུ་བྲིད་ལ་མ་འཁྱུད་པ་གང་ཡིན
མཐའ་མཇུག་གི་སྐྱ་རེངས་དེ་དང་ཐག་ཇེ་རིང་ནས་ཇེ་རིང

ཕ་མེས་ཀྱི་ཡིག་ཚང་ཐུ་བ་ཟད་ཟད་སྔོག་པའི་ཕྱི་དལ་བ་ཞིག
གསང་ལམ་གྱི་ཁྱི་རྒན་རྒྱ་བོ་བཞིན སྐབས་དང་སྐབས་སུ
ལོ་ཟླ་རལ་པའི་གསེང་དུ་མུ་ཅོར་བསྲིངས་མོད
མཚོན་ཆའི་མེ་སྟག་གཙུབས་པའི་རྣོ་ལྕགས་ཨར་འདམ་གྱི་མཁར་གྲོང་ལས
གྲག་འོང་བ་ནི  དངུལ་ལོར་གྱི་ཤག་སྒྲའམ
འདོད་སྲེད་ཀྱི་ལན་ཆགས་སྨྲེང་གླུ་ཁོ་ནའོ

ཕྱི་ཕྱིར
ཉེར་ལེན་གྱི་ཕུང་པོ་ལྔའི་བག་ལ་གཞའ་བའི་རླུང་འཚུབ་དེའང
ཁྱོད་ཀྱི་སེམས་ངོགས་ནས་སྐད་ཅིག་ཀྱང་འཇགས་མ་མྱོང་བར
འཚོ་བའི་གྲུ་ཟུར་གྱི་ཁུ་སིམ་ཧད་ཀྱིས་དཀྲོགས
ཡོད་ཚད་ཀྱི་ཡོད་ཚད་ལ་བདག་འཛིན་གྱི་ཚན་ཁ་འབར

དེ་རིང  ལས་འཁྱུར་གྱི་སྒོ་གླེགས་ན
མེས་པོའི་རལ་གྲི་སྨྱུ་གུར་སྒྱུར་བའི་བགྲེས་སོང་ཞིག
ལག་གི་འཁར་བར་ཐོགས་ནས
དགོང་དྲོའི་མཚམས་སྤྲིན་ལ་སེམས་པ་བསླན་ཏེ
སྙན་ངག་གམ ཡང་ན་གཞན་གྱིས
ཕྱིན་ཟིན་པའི་ལོ་རྒྱུས་ལ་གསབ་འབྲི་བྱེད་ཀྱིན
དུས་ཚོད་དང་བང་ཁ་འགྲན
                      ༢༠༢༡/༡༡/༢༠

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རང་རྣམ།

2021-11-21 སྨྱུག་སྨྱོན།(ལྷ་ས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།