ཕ་མེད་ན་ཡིད་སེམས་སྟོང་བ་རེད།

  ངས་འདི་ནས་གཏམ་རྒྱུད་ཅིག་བཤད་གཏམ་རྒྱུད་དེ་གཏམ་རྒྱུད་ཞིག་ཡིན་ལ་ལད་འབྲི་ཞིག་ཁྱོན་ནས་མ་ཡིན་ཞིང་འཚོ་བ་ལ་བབ་པ་ཞིག་ཀྱང་ག་ལ་མིན།  སྔ་མོ་སྔ་མོ་ཞིག་ལ་མཐོན་པོ་ཚང་ཟེར་བའི་བཟའ་མི་མགོ་འཛོམས་རྒྱུ་འབྱོར་ལྡན་པའི་ཁྱིམ་ཚང་ཞིག་ཡོད་ལ་དེ་བ་ཚང་དང་ས་སྣེ་འདྲེས་པའི་གླེན་པ་ཚང་ཟེར་བའི་ཁྱིམ་ཚང་ཞིག་ཀྱང་ཡོད་བར་སྐབས་ཤིག་ལ་འཇིག་རྟེན་པའི་དཔེ་ལྟར་ཐོབ་ཐང་སོགས་མང་དག་ཞིག་གི་ཐད་ནས་རྩོད་གླེང་ཞིག་ཆགས་ནས་འོང་ལ་མཐོ་དམན་དང་བཙན་དམན་ཟེར་བ་ནང་བཞིན་གླེན་པ་ཚང་གི་མི་རྒྱུ་ཚང་མ་བཅོམ་ཞིང་མཐར་ཕ་རྒན་པོ་དེ་ཡང་རང་ཁྱིམ་ནས་ཕྱིར་བུད་དེ་མི་འགྲོ་རང་འགྲོ་བྱུང་བ་རེད།ཉི་མ་དེ་ནས་ཁོང་ཚང་གི་རྒྱུ་ནོར་དང་ས་ཆ་ཚང་མ་གཞན་ལག་ཏུ་ཤོར་བ་རེད།དུས་དེ་ནས་ཕ་མེད་ཀྱི་ད་ཕྲུག་དག་གིས་རང་མགོ་མི་ཐོན་ཅིང་གཞན་པ་ཚང་གི་ཁ་འོག་ལག་འོག་ནས་བདེ་སྐྱིད་ཟེར་བ་ཞིག་གཞི་ནས་མ་ཤར་ཀྱང་སྐྱོ་སྡུག་གི་མིག་ཆུ་དེ་བཞུར་ནས་ཟད་དགོས་པར་སེམས་ནས་བསྡད་ཡོད་པ་རེད།ཁོང་ཚང་གི་ཕ་རྒན་ནི་སྡེ་བ་གཞན་ཞིག་ན་གནས་ཚང་གཡར་ཏེ་སྡོད་དགོས་ཐུག་པ་རེད་ལ་ཁོ་ཕྱིར་འོང་ས་རྩ་བ་ནས་མེད་པ་རེད་ལ།ཁོས་བུ་ཕྲུག་དག་ལ་ནམ་རྒྱུན་མཐུན་སྒྲིལ་ངང་རང་གི་རྒྱུ་ནོར་སོགས་ལ་བདག་པོ་དགོས་ཞེས་སྐད་རེ་སྐུར་བ་ལས་ངོ་ཐུག་པའི་དུས་ཤིག་མེད་པ་ལྟ་བུར་ཆགས་འདུག་པ་དེ་རེད།བུ་ཕྲུག་དེ་དག་གིས་ནང་འཁོན་རེ་བྱེད་པ་དང་སྣོག་ལས་ཀྱིས་རང་ཉིད་མི་གྲལ་ནས་ཕུད་བྱེད་ཀྱི་བྱ་སྤྱོད་ཞིག་ལས་རང་གི་ཡོད་ཚད་སུས་བཅོམ་སོང་བ་དང་འཕྲོག་སོང་བ་སོགས་ལ་རྩ་བ་ནས་བསམ་བློ་གཏོང་ཤེས་ཀྱི་མེད་ལ་རང་ཚུགས་འཛུན་ཐུབ་ཀྱིན་མེད་པ་རེད།ཉིན་ཞིག་ལ་ད་ཕྲུག་དེ་དག་ལས་ཆུང་བ་ཞིག་གིས་འདི་ལྟར་ལབ་བྱུང་ལ་ཕུ་བོ་དག་ང་ཚོ་ད་བར་དུ་འདི་བ་ཚང་གི་བཙན་དབང་འོག་མི་ཚེ་སྡུག་ལ་ཟད་པ་རེད་ལ་འདི་ལས་ཀྱང་ང་རང་ངུ་ཤུམ་ཤོར་བ་ཞིག་ཡོད་པ་ནི་ང་ཚོའི་ཡ་ཁོག་གི་སྙིང་ལྟ་བུའི་ཕ་རྒན་པོ་དེ་ཡང་རང་ཁྱིམ་དུ་འོང་དབང་མེད་ན་ང་ཚོ་གསོན་ནས་དོན་ཅི་ཡོད་ཟེར།དེ་རྗེས་སུ་བུ་གཞན་པ་ཞིག་གིས་ཡང་འདི་ལྟར་ལབ་བྱུང་ད་ལྟ་ང་ཚོའི་ཕ་རྒན་དེ་དགུང་ལོ་ག་ཚོད་རེད་ད་བར་དུ་ངོ་ཙམ་ཡང་ཐུག་མེད་ལ་ད་ནི་མི་ཚེ་འདིར་ངོ་ཐུག་དཀའ་བར་སླེབ་མེད་དམ་ཨ་ཕ་ཕྱིར་འོང་ས་མེད་ན་ང་ཚོ་འདི་ནས་སྡོད་ས་ཙམ་ཡོད་ཀྱང་དོན་ཅི་ཡོད་ཟེར་ནས་བསྡད།དེ་ནས་བུ་ཆེ་བ་དེས་ངོ་མ་ཕ་རྒན་པོ་གཞན་ཡུལ་དེ་ནས་ཚེ་ཕྱི་མར་བུད་སོང་ན་བུ་ང་ཚོར་སེམས་སྡུག་ལས་ངོ་ཚ་ཆེ་ས་རེད་ད་ཅི་བྱ་ཟེར་ནས་སྡུག་སྡུག་གིས་གཞན་པ་ཚོར་བལྟས་འདུགསྐབས་དེར་སྲིང་མོ་ཆུང་བ་དེས་ད་ནི་ངས་ཨ་ཕ་རྒྱུན་དུ་རྨི་ལམ་དུ་རྨིས་ཀི་ཁོ་དྲན་ཡང་དྲན་གི་འདུག་འོན་ཀྱང་མཐོན་པོ་ཚང་གི་གོ་ས་ནས་ངས་ཨ་ཕ་དྲན་གི་ཡང་ཟེར་ཕོད་ཀྱིན་མེད་ངོ་མ་འཇིག་རྟེན་ན་ལས་རྒྱུ་འབྲས་ཞིག་མེད་ས་རེད་ཟེར་ནས་སྔམ་པ་འཐེན་གྱིན་སྔར་བཞིན་མི་སྡོད་རང་སྡོད་དུ་གྱུར་བ་རེད། །
                  ༢༠༡༡   ༡༢    ༡༨ལ་བྲིས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།