བསོད་ནམས་ལེགས་བཤད་ཀྱི་ལྷུག་རྩོམ་གསར་པ། 《ཨ་ནེ་གནམ་གྱི་གུང་ཐང་མ》

བསོད་ནམས་ལེགས་བཤད།(པེ་ཅིང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-10-11

     ང་ཚོའི་སྡེ་བར་ཆེ་མིན་ཆུང་མིན་གྱི་སྐད་འཕྲིན་ཚོགས་པ་གཅིག་ཡོད་དེ། དགོས་པ་གང་གི་རྐྱེན་ཡིན་པ་ད་ལྟ་དྲན་རྒྱུ་མི་འདུག་ཀྱང་ལོ་སྟོད་ལ་ཨ་ཅག་གིས་ཕྲན་རང་ཚོགས་པའི་ནང་བཅུག་པ་རེད།  ཟླ་བ་དགུ་པར་ཕ་ཡུལ་གྱི་སྟོན་ཀ་མོ་ཊའི་སྒེའུ་ཁུང་གི་ངོས་ལས་ཡལ་བ་ནས་བཟུང་། ཁོ་བོར་མཚོན་ན།  པེ་ཅིན་གྱི་ཁང་མིག་གྲུ་བཞི་ལས་ཕ་ཡུལ་མཐོང་བྱེད་ཀྱི་སྐར་ཁུང་མཐོང་བ་དོན་ལྡན་ཞེ་ནའང་འདྲ། ཡུལ་མི་ཚོའི་ངག་གི་རིག་བྱེད་ཐོས་སའི་སྙན་དབྱངས་ཕོ་ཉ་ཟེར་ནའང་མི་རུང་བ་མེད་པ། ཚོགས་པ་དེ་ཡིན། ང་རང་ཟླ་དགུ་པར་པེ་ཅིང་ན་བརྟོལ་ཉིན། ཚོགས་པ་གང་དེར་ཡུལ་མི་གཅིག་གིས་བརྙན་ཐུང་ཞིག་བསྐུར་རྗེས། སེར་བ་བྱིའུ་སྒོང་ཙམ་དེ་དག་གིས་ད་ལོའི་ལོ་ཏོག་གི་འབྲས་བུ་བཅོམ་སོང་ཟེར། རེ་ཞིག་གི་འཕྲོར། ཡུལ་མི་གཞན་ཞིག་ན་རེ། བཀྲ་ཤིས་བྲག་དང་ཉེ་སར་ལོ་ཏོག་ཤུལ་ཙམ་ལས་ལྷག་མི་འདུག དེ་མ་ཐག་ཡང་གཅིག་གིས། གནམ་གྱི་ཤོད་ལ་ཡོད་པ་ཆ་རེད། གནམ་གྱིས་ཕྱོགས་རིས་བྱེད་མི་སྲིད་ཅེས་སྨྲ་ཞོར་ཡི་མི་རང་པའི་པར་ཆུང་གཉིས་གསུམ་སྡེབ་གཅིག་ལ་བསྐུར། དེའི་མཇུག་ཏུ། མི་རེའི་ཁ་ནས་གཏམ་རེ་བརྗོད། རང་རང་གི་རྒྱུ་མཚན་ལོས་ཡོད་ཀྱང་ཡང་ཡང་བསམས་ན། ཕ་ཡུལ་གྱི་ཁ་དཔེར། དབང་ཆེན་སྒང་ལ་དབང་ཆུང་བསྣན་པས་ང་ཨང་དང་པོ་ཞེས་པ་ལས་འགོངས་མི་འདུག་སྙམ། འོན་ཏེ། ཆེས་སྤྱིར་བཏང་གི་མོལ་མཆིད་དེ་དང་དེ་ལྟ་བུས།  རྩོམ་རིག་གི་ཁོལ་པོར་གྱུར་བའི་གུས་པའི་སེམས་ཆུང་།  མ་ལྷོད་དམ་དུ་ཕྲོག་པར་བྱས། 
 
       དེ་ལྟར། བས་མཐའི་གྲོང་ཁྱེར་པེ་ཅིན་ནས།  བར་ཐག་རབ་ཏུ་རིང་བའི་ཕ་ཡུལ་གོས་སྔོན་གྱི་བརྡ་རྙིང་འཆད་མཁན་གྱི“སྒྲ་པ”དང་། ཕུལ་བྱུང་ངམ་རབ་རྟོག་རྒྱན་ལ་བྱང་བའི“སྙན་ངག་པ”། འཁོར་བ་དང་མི་སྡེ་སྐྱོང་མཁས་ཀྱི“སྡེ་སྲིད”མང་པོར་ལྐོག་ཉན་བྱེད་བཞིན་བྱེད་བཞིན།  སྨྲ་བ་མེད་པའི་དུས་ཚོད་ཟླ༡༢པའི་ཚེས་ཉི་ཤུའི་ཉི་ནུབ་ལ་འབྱོར།
 
      ངས་རང་ཉིད་ཀྱི་སྒོམ་ཁང་གྲུ་བཞིའི་ནང་། 《བསྐལ་པ་བཟང་པོའི་ལེགས་ལམ》ཀློག་མཚམས་བཞག་ཏེ་སྐད་འཕྲིན་ཁ་ཕྱེ་ཙ་ན། ཚོགས་པ་གང་དེར་ཁ་བའི་བུ་ཕྲུག་ཏུ་འབོད་པའི་ཡུལ་མི་གཅིག་གིས། “བཀྲས་ཟུར་གྱི་ཚེ་འདས་ལ་ཕན་པའི་མ་ཎི་ཁྲི་གཅིག་དང་སུམ་སྟོང་ཡོད་པས་ཕྱག་ཐོའི་ནང་ཁོད་རོགས་ཞུ” ཞེས་བསྐུར་ཡོད་པ་འཆར་ཤེལ་སྟེང་ཝལ་གྱིས་ཤར། སྐབས་རེ། མི་ཞེས་པའི་དབུགས་ཆགས་དེའི་པགས་པ་ཅི་འདྲའི་སྙི་ཞིང་སྲབ་པ་ལ། མིག་མདུན་གྱི་ཡི་གེའི་ཕྲེང་བ་གཉིས་པོའི་རྐང་པ་རྒྱ་ཁབ་ལ་འགྱུར་མགོ་ཚུགས་ཤིང་དབྱངས་ཡིག་དག་ཀྱང་ཀྱོ་བར་བརྫུས་ཏེ། ཁྱུག་ཙམ་ཞིག་ལ། ཁོ་བོའི་ལུས་ཕུང་གི་ཕྱི་ནས་ནང་དུ་ཨི་ཁུང་བརྒྱ་ཕྲག་སྟོང་ཕྲག་ཕུག དེས་ཀྱང་མ་ཚད། མུ་མཐུད་དུ་ཁོག་ནང་གི་དོང་ཞབས་མེད་མའི་གཏིང་ནས་གཏིང་དུ་འབིག་བཞིན་འདུག འབིག་གིན་འབིག་གིན། ནང་སེམས་ཀྱི་མེ་རི་གྲག་འགུལ་ཅིའང་མེད་པར་འབར། དུ་སྤྲིན་ཕོན་པོར་ཕོན་པོར་ཕྲན་གྱི་བྲང་ཁ་ནས་མིད་པ།  དེ་རྗེས་ལྡན་པ་གཡས་གཡོན་བརྒྱུད་མིག་གཉིས་སུ་འཚང་།  རྒྱལ་མོའི་མཐའ་ན་མུན་པ་ཐིབས་སེ་རུབ།  སྒལ་པར་རྡོ་བཏང་བ་བཞིན་ཟུག་གེ་བར་བདོག 
 
       “ཨ་མ། རྨོ་མོ་གང་བྱེད་ཀྱི་འདུག” མི་ཞིག་གི་སྐད་ཆའི་འགྲོས་ལས་ཕ་རོལ་པོའི་སེམས་ཁམས་རྟོགས་ནུས་མཁན། སྲིད་པའི་ཁམས་སུ་འབོལ་པོ་མེད་ཅིང་ཨ་མ་ནི་ཏན་ཏན་འདི་གྲས་ཤིག་ལགས། ཁ་པར་གྱི་སྣེ་མོར་ཡོད་པའི་སྐྱེད་མ་དྲིན་ཅན་གྱིས་ཁོ་བོས་བསྙད་པའི་སྒྲ་མི་རྟག་པའི་དོན་གོ་སྟེ། འདུས་བྱས་ཐམས་ཅད་ལས་མི་འགོངས་བའི་ཕྲན་གྱི་རྨོ་མོའི་མི་རྟག་པའི་རྐྱེན་དང་བྱུང་རིམ་ཆ་ཚང་། འཇིག་རྟེན་འདིར་ཞལ་བཞུགས་པའི་ཆེས་མཐའ་མཇུག་གི་སྐད་ཅིག་མ་སོགས། ཐུགས་སེམས་འཚབ་འཚབ་ཡིན་རུང་སྨྲ་བ་ལྷུག་ལྷུག་སྒོས་གསུངས་གནང་། སེམས་ཀྱི་མེ་རི་འབར་བ་ལས་བྱུང་བའི་དུ་སྤྲིན་ཆར་པར་གྱུར་ལ། ཟིལ་པའི་ཐིགས་པ་རེ་རེ་དུས་ཚོད་ཀྱི་ཁ་སྤྲོད་དུ་བསྒྲེངས་པའི་ཕྲན་གྱི་མཁུར་ཚོས་གཉིས་སྒང་ཟགས། ཟགས་ཟགས་མཐར། ཆུ་ཕྲན་གཅིག་གི་ཚུལ་གྱིས་དལ་བུར་རྨོ་མོ་ཕེབས་སའི་རྒྱང་རིང་དེ་ལ་ལྷན་ཅིག་བཞུར།  སྐད་ཅིག་མར། ཉེ་འཁོར་གྱི་དངོས་པོ་མཐའ་དག་ལ་གཟུགས་མི་འདུག སྒྲའང་མི་འདུག མུན་པ་ཕྱོགས་བཅུ་ནས་རུབ་ལ་ཉེ་བའམ་ཡང་ན་སྔོན་ནས་རུབས་ཟིན་ནམ། སྨྲ་བ་མེད་པའི་འཇིག་རྟེན་ཀྱེ།  “གཟུངས་བསྡུས་ལས་རྒྱབ་ཆོས་ཀྱང་མང་པོ་མི་འདུག ཆོས་པ་དང་ཕྱི་མིས་ན་ཚོད་སྨིན་པ་རེད། ནང་མི་ཁྱེད་ཅག་མིག་ཆུ་མ་གཏོང་གསུངས། ཁྱེད་ཀྱང་ངུས་ན་ག་ལ་འགྲིག གོ་སོང་ངས། ལེགས་བཤད” ཁ་པར་གྱི་སྣེ་གཅིག་ལས་ཨ་མས་བསྐྱར་དུ་མོལ། ངས་གོ་སོང་གོ་སོང་ཞེས་ལན་སྤྲད་རྗེས་ཁ་པར་གྱི་སྒོ་མོ་དམ་དུ་གཏན། སྒོ་མོ་དམ་དུ་གཏན་ཡང་ཀུན་རྟོག་གི་འཆར་སྣང་དེ་སུས་ཀྱང་འགོག་ཐབས་བྲལ་བ། རྨོ་མོ་དྲན་དྲགས་པས་ཡིན་ནམ། ཆུ་ཤེལ་གྱི་མིག་ལས་ཐོར་བའི་ཟིལ་བུ་རེ་རེའི་སྒང། རྨོ་མོའི་འདས་དུས་ཀྱི་གཟུགས་བརྙན་རེ་རེ་ཆགས།
 
         ཁོ་བོའི་དྲན་པས་འཛིན་ཐུབ་པ་ནས་ད་ལྟའི་བར།  ཕྲན་རང་འཚར་སའི་རི་གྲོང་དེར་དུས་མིན་འཆི་བ་མ་བཟློགས་པའི་སྐྱེས་བུ་དག་མ་བཤད། རྒན་རྒོན་རྣམས་ཀྱི་དབུས་སུའང་རྨོ་མོ་ནི་དགུང་གྲངས་མཐོ་གྲས་སུ་ཕེབས། གནད་འདིར་ཁོང་གིས་ཀྱང་ངེས་པ་རྙེད་དེ། ད་ལོའི་ལོ་གསར་ཚེས་པའི་སྔ་དྲོ། རྨོ་མོས་འོག་འཇུག་སྔོན་ནས་མནབས་ཟིན་ཏེ་ཨ་ཅག་རྒན་གཞོན་གཉིས་མལ་ཁང་དུ་ལྷགས་རྒྱུར་སྒུག་ཅིང་། ཁོང་གཉིས་ཀྱིས་རྨོ་མོར་ཕྱུ་པ་སོ་མ་དེ་གཡོགས་ཚར་དུས། རྨོ་མོས་དགའ་སྣང་སྤྲོ་སྣང་དང་བཅས། “དཀོན་མཆོག་གསུམ་པོའི་སྐུ་དྲིན་གྱིས། ང་རང་ད་བར་བསྡད་པ་རེད། ངོ་ཤེས་རྙིང་པ་གྲོངས་ཟིན་པ་དག་དྲན་སྐབས། ང་རང་ད་བར་བསྡད་པར་ཡིད་ཆེས་ཀྱི་མི་འདུག”ཅེས་གསུངས་གནང་བ། ཨ་ཅག་གིས་མ་ཁང་གི་སྒོ་འཚང་མ་ཐག་ཁྱིམ་མི་ཡོངས་ལ་བསྒྲགས། རྗེས་ཙམ་ལ་རྨོ་མོའང་མ་ཁང་ནང་ཁུ་སིམ་པོར་འཛུལ་བྱུང་། ཐེམ་པ་ལས་བརྒལ་ཞོར་ལྕགས་ཐབ་ཀྱི་འཁྲིས་སུ་མེ་ལྡེ་བཞིན་པའི་ཕྲན་ལ་གཟིགས་ཏེ་ཞལ་འཛུམ་གྱིན་ལྗགས་ཀྱང་བསྣར་ཙམ་བྱས(བྱིས་དུས་རྨོ་མོར་བཅོལ་བའི་ཐེ་གེ་ཚུར་ལེན་སྐབས། གཅིག་གཉིས་མ་ཚང་ན་རྨོ་མོས་ཐོག་མར་ལྗགས་སྣར་ཙམ་བྱེད)། དེ་ཉིན་ལྗགས་བསྣར་བའི་བརྡ་དོན་ད་ལྟ་སེམས་ཚེ། ཕལ་ཆེར། “ད་ནི། ཡང་ལོ་གསར་ལན་གཅིག་རོལ་དགོས་འཁེལ་སོང་། གཟབ་མཆོར་ཚར་གཅིག་སྤྲས་དགོས་འཁེལ་སོང་། ངའི་ཧམ་པ་ལ”ཞེས་པ་དེ་ཡིན་ངེས། དུས་རྒྱུན་རྨོ་མོས་རང་གི་བུ་མོའི་ལག་ནས་དཀར་ཡོལ་ཆུང་ཆུང་དེའི་ནང་ཞལ་གསོ་བཟེད་དུས་ཀྱང་ལྗགས་སྣར་ཙམ་བྱེད་ཞོར། “ཏོག་ཙམ་གྱིས་འགྲིག་སོང”ཞེས་མ་ཆད་པར་གསུངས་རྐྱང་རེད།  རྨོ་མོ་དང་ཚེ་གཅིག་ལ་འགྲོགས་ནས་འོངས་བའི།  འདོད་པ་དེ་ཅི་འདྲའི་ཆུང་ཞིང་ཧམ་པ་དེ་ཅི་འདྲའི་མཛེས་སྡུག་ལྡན་པ་ལ།
 
     ཕྲན་གྱི་རྨོ་མོ་བགྲང་གཞི་གཉིས་ལྷག་བརྒྱད་ཅུའི་སྟེང་གཤེགས་པ་ནི། ཆོས་པ་དང་ཕྱི་མིས་ཀྱང་ཁོང་ཉིད་ན་ཚོད་སྨིན་པར་གསུངས་དོན་ཡིན་སྲིད་ཅིང་། རྨོ་མོས་ཀྱང་ད་ལོའི་ལོ་གསར་ཚེས་དུས་ནས་སྐུ་ན་སྨིན་པའི་དོན་དངོས་ཁས་བླངས་ཟིན་པས། ཕྲན་ཆུང་བདག་ལ་འཆད་བྱ་ཅིའང་ལྷག་མེད། འོན་ཀྱང་། རྨོ་མོའི་སྐུ་ན་སྨིན་ཏེ་མཐར་ཐུག་སྟོང་བའི་དབྱིངས་སུ་ཡལ་མོད། ངེད་གཉིས་ཀྱིས་བཏབ་པའི་ཁམ་སྡོང་ལ་ད་དུང་ཡང་འབྲས་བུ་མ་སྨིན། རྨོ་མོའི་སྐུ་ན་སྨིན་རུང་། ཁོ་བོར་ཁམ་བུ་རྐང་གཅིག་ཀྱང་གནང་རྒྱུ་མ་བྱུང་བར་རྟབ་རྟོབ་ཏུ་ཕེབས་དགོས་པ་དེ།  རྨོ་མོ་འདས་ཤུལ་གྱི་གུས་ཕྲན་སྒེར་ལ་མཚོན་ན། བརྣག་པར་དཀའ་བའི་ཚོར་བ་སྐྱུར་མོ་སྐྱུར་མོ་ཞིག་གོ། 
 
        ལོ་ཟླ་འདི་དག་རིང་། ངེད་ཚང་གི་དང་རའི་ནང་གཟུགས་བརྙན་དམིགས་བསལ་བ་ཞིག་ཡོད་པ། ནང་མི་རྣམས་ཀྱི་སེམས་སུ་གསལ་གསལ་རྗེན་རྗེན་དུ་པར་ཡོད། སྟོད་གུག་གུག་གི་རྨོ་མོས་ཆུ་སྣོད་ཆུང་ཆུང་ཞིག་ཁྱེར་ཏེ་དང་རའི་ནུབ་ཀྱི་ཆུ་ཀ་ལ་ནས་ཆུ་གང་བཟེད་རྗེས། ཤར་གྱི་ལྕང་རའི་ནང་འཛུལ་འགྲོ་བའི་བསྐྱར་ཟློས་ཀྱི་གཟུགས་བརྙན་སྣུམ་ཆིལ་ལི་བ་དེ། ད་ལྟའང་ཕྲན་གྱི་ཁྲ་ཆུང་མིག་ལམ་དུ་གསལ་ལྷང་ངེར་འཆར་འོང་། བརྩོན་པ་དང་རྒྱུན་འཁྱོངས་ཀྱི་ཕ་རོལ་དུ་ཕྱིན་པའི་ཕྲན་གྱི་རྨོ་མོས་དགུང་གྲངས་དྲུག་ཅུ་རེ་དགུ་ནས་ད་བར། ཉི་མ་གཉིས་གསུམ་རེ་ནས་མ་ཆད་པར་ཆུ་སྣོད་ཁྱེར་ཏེ་ཁྱར་ཁྱོར་གོམ་པའི་འདེགས་འཇོག་ལྕང་རའི་ནང་ལན་གྲངས་ག་ཙམ་སྤོས་ཡོད་དམ། ལམ་ཐག་དེ་རབ་ཏུ་ཐུང་ནའང་རྨོ་མོའི་ཚེ་མཇུག་གི་འགྲུལ་ཐག་ཆེས་རིང་ཤོས་དེ་ཡིན་ངེས། ཅི་སྟེ། རྨོ་མོའི་དམིགས་ས་ལྕང་རའི་ནང་གི་ཁམ་སྡོང་མིན་པར་གུས་ཕྲན་གནས་བཅས་པའི་གྲོང་ཁྱེར་པེ་ཅིན་ནམ། ཡང་ན་འཛམ་གླིང་ས་ཁྲའི་སྒང་གི་མི་སྡེ་གང་རུང་ཞིག་ཡིན་པར་ཆ་བཞག་ཀྱང་། བགྲང་བྱ་བཅུ་གཉིས་རིང་གི་ལམ་ཐག་ཐུང་ཐུང་དག ཕྱོགས་གཅིག་ཏུ་བསྡུས་ཏེ་བསྣན་ན་རྨོ་མོ་མི་སླེབས་པའི་ས་ཞིག་གོ་ལ་འདིར་ཕལ་ཆེར་ལུས་མེད་པ་འདྲ། ཡིན་ན་ཡང་། ཕྲན་གྱི་རྨོ་མོ། ལྷ་ས་ཞེས་དྲན་ཤེས་གསེབ་ཀྱི་པད་མ་དཀར་པོ་དེ་ལས་རིང་བའི་ས་ཆ་གང་དུའང་ཕེབས་མ་མྱོང་སྟེ།  རྨོ་མོས་བོད་ནི་འཛམ་བུ་གླིང་གི་ལྟེ་བ་དང་ཉ་ཆེན་སྤེན་པའི་སྒལ་བའི་སྟེང་གནས་ལ། ལྷ་ས་ནི་བོད་ཀྱི་དབུས་དང་ཉ་ཆེན་སྤེན་པའི་སྒལ་དཀྱིལ་གྱི་ལུང་པ་དེ་ཡིན་པ་ཡང་ཡང་གསུངས།
 
        སློབ་ཆུང་ལོ་རིམ་གཉིས་པའི་སྐབས། ད་ལྟའི་ལྕང་རའི་ནང་གི་ཁམ་སྡོང་དེ། རྨོ་མོ་ངེད་གཉིས་ཀྱིས་བཟོས་པའི་ཁམ་བུ་འགའི་ཚི་གུ་རྐང་ཁ་ཤས་རེད། ཁམ་བུ་བཏབ་དུས་ཀྱི་ས་སྲོས་དེར་རྨོ་མོས་ཕྲན་ལ། ཁམ་བུ་སྨིན་སོང་ན། རྨོ་མོས་ཁྱེད་ལ་སྟེར་ཆོག་ཨ། ཁ་གྲོ་བ་ཡོད་རེད། ཁ་གྲོ་བ་ཡོད་རེད། ཕྲུ་གུ་ཁྱེད་ལས་ཡག་པ་མེད་གསུངས་ཞོར་ཨམ་ཕྲག་ནས་ཚ་ལུ་མ་ཆུང་ཆུང་ཞིག་བཏོན་ཏེ། འདི་ཁྱེད་ལ་སྟེར་དགོས་བསམ་ནས་བསྲིས་པ་ཡིན། རྨོ་མོས་པགས་པ་བཤུ་ཆོག གསུངས་ཤིང་མགོ་སྒུར་ནས་ཏན་ཏན་ཏིག་ཏིག་སྒོས་ཚུ་ལུ་མའི་ཤུན་སྐོགས་བཤུ་བཞིན་པ། དྲོད་མ་ཡལ་བའི་སྣང་བརྙན་གཅིག་ལྟར་ཕྲན་གྱི་དྲན་འཛིན་ཡུལ་དུ་ལམ་མེར་བཀྲ། ད་ལྟ་སེམས་ན། དུས་དེ་ཙམ་ནས་རྨོ་མོས་ཕྲན་ལ་གནང་བ་ནི་ཚ་ལུ་མ་མིན་པར། ཚ་ལུ་མའི་མདོག་དང་འདྲ་བའི་མཚམས་སྤྲིན་དང་། མཚམས་སྤྲིན་བཞད་དུས་ཀྱི་ས་སྲོས་རེ་རེའམ། སྐྱེ་བ་གཅིག་གི་སོས་དལ་དང་ལྷིང་འཇགས་ཡོད་རྒུ་ཡིན་པ་འདྲ། མཚམས་འདིར་སླེབ་དུས། ཕྲན་གྱིས་འབྲི་བཞིན་པའང་ཡི་གེ་མིན་པར་མིག་ཆུའི་ཐིགས་པ་ཡིན་སྣང་འཆར་ཏེ། གལ་སྲིད་དངོས་གནས་དེ་ལྟར་ཡིན་ཚེ། མཆི་མའི་ཐིགས་ཕྲེང་རེ་རེ་ཁམ་སྡོང་གི་རྩེ་ནས་རྩ་རུ་སིམ་སྟེ་ས་རྡོ་ལ་ཐིམ་པའི་རྨོ་མོའི་རྣམ་ཤེས་ལ་བཞའ་ཚན་ཏོག་ཙམ་ཆགས་ན་ཅི་མ་རུང་། དེ་ནི་ལོ་དང་ཟླ་བ་མང་པོར་རྨོ་མོས་ཁམ་སྡོང་ལ་ཆུ་བྲན་པར་སྐུ་དྲིན་རྗེས་སུ་དྲན་པའི་ཚུལ་ཙམ་ཡིན་གྱིས། དྲིན་བཟང་གཟོ་བར་མི་ནུས་མོད་ཕྲན་གྱི་བསམ་པ་རྫོགས་ཁུལ་ལགས། ལོ་དུ་མའི་སྔོན་གྱི་ཁམ་བུ་བཏབ་དུས་ཀྱི་ས་སྲོས་དེར། ནར་མ་སོན་པའི་ས་བོན་ཆུང་ཆུང་ངམ་ཚིག་གུ་རྐང་འགའི་ནུབ་ཏུ་རྨོ་མོ་དང་ཤར་ལ་ཕྲན་ཆུང་། ལྷོ་རུ་ལྕང་མ་བྱིངས་དང་བྱང་ལ་ཁྱིམ་གྱི་རྩིག་པ་ཡིན་ཞིང་། ལོ་དུ་མའི་རྗེས་ཀྱི་དགུན་ཁ་ལྷག་མ་ཞིག་གི་ས་སྲོས་འདིར། ཁ་མི་གྲགས་པའི་ཆོས་ཉིད་སྣ་ཚོགས་ཀྱིས། རྨོ་མོ་ཕྲན་གྱི་མཐོང་ཡུལ་ནས་གཏན་དུ་འཆབ་ཅིང་། ཁྱིམ་གྱི་རྩིག་པ་ལྷོ་མའི་དཀར་རྩིའི་མདངས་ཀྱང་ཅུང་ཟད་འཕྲི་ལ། ལྕང་མ་རློན་པ་རེ་རེར་ཡང་ཡལ་ག་སྐམ་པོ་རེ་རེ་སྐྱེ་རུ་བཅུག
 
       དམའ་འབྲིང་ལ་ཚུད་པ་ནས་ད་བར་གྱི་མི་ལོ་བརྒྱད་དགུར། ཕ་ཡུལ་དུ་ལོག་རིམ་བཞིན། དགུན་གསེང་ཡིན་ན་རྨོ་མོས། ད་ལོ་ཁམ་བུ་མ་སྨིན་རུང་། སང་ལོ་སྨིན་གཏན་ཁེལ་རེད། ཅེས་མ་བརྗོད་པ་ཧ་ལམ་མེད་ཅིང་། དབྱར་གསེང་ཡིན་ན་རྨོ་མོས། ཁམ་བུ་སྨིན་ཚེ་ཁྱེད་ལ་ཉར་ཆོག རྨོ་མོས་ཁྱེད་ལ་སྟེར་ན་ཁ་གྲོ་བ་ཡོད་རེད། ཅེས་མ་གསུངས་པ་ཚར་གཅིག་ཀྱང་མེད། ཁ་ཕྱིར་འཁོར་ཏེ་རྨོ་མོའི་འདས་སོང་ལ་ལན་གཅིག་བལྟས་ཚེ། རྨོ་མོ་ནི་ལོ་བརྒྱ་ཐུབ་ནས་སྟོན་བརྒྱ་མཇལ་མཁན་གཅིག་རེད་ཅེ་ན་ཐལ་དྲགས་རྒྱུ་ག་ལ་ཡོད། ཁོང་གིས་ཀྱང་སྟོན་བརྒྱ་མཇལ་མྱོང་མཁན་ཞིག་གི་ངོས་ནས། རང་གི་ཚ་བོ་ཐ་ཆུང་ལ་ཁམ་བུ་སྟེར་ཐུབ་ན། ཁ་གྲོ་བ་ཡོད་པའི་གནས་ལུགས་རང་བྱུང་དེའི་ཆེད་དུ། ནམ་ཡིན་ཡང་། ཁམ་སྡོང་ལ་འབྲས་བུ་སྨིན་རྒྱུར་སྒུག་གིན། ཆུ་སྣོད་ཆུང་ཆུང་དེ་ཁྱེར་ནས་ཆུ་འབྲན་གྱིན། རྩད་པར་འཁྲིལ་བའི་ལྡུམ་བུ་དག་འཐུ་བཞིན། རྨོ་མོ་མལ་སའི་སྒེའུ་ཁུང་གི་ཤེལ་ཁྲའི་ལོགས་སུ། དཔྱིད་ཀྱི་ལྗང་མྱུག་དང་དབྱར་གྱི་གྲུ་ཆར། སེར་པོའི་ནས་སྙེ་དང་དཀར་པོའི་ཁ་བ། ལན་མང་ཤར་ཞིང་ནུབ་ལ་གང་མང་ནུབ་ཅིང་ཤར་ཞོར་རྨོ་མོ་རང་ཉིད་ཀྱི་དབུ་སྐྲ་ཇེ་དཀར། རྒས་གཉེར་ཇེ་མང་། རོ་འཛིན་ཇེ་མཁྲེགས་ལ་གྱུར་ཏེ་སྣེ་མར་དབུགས་ཀྱང་ཟད་ལ་ཉེ་རུང་། “ལེགས་བཤད། ག་དུས་ལོག་གི་རེད” ཅེས་སྐྱེད་མ་དྲིན་ཅན་ལ་དྲིས་ཙམ་བྱས་རྗེས། མི་འགྱང་བར་ཆགས་པ་ཞེན་པ་སྤངས་ནས་ལམ་ལ་ཆས་ཏེ་ཕྲན་དང་ཁམ་སྡོང་གཅིག་པུ་དགུན་ཁ་ལྷག་མ་དེའི་ཁུག་ཀྱོག་ན་ཀེ་རེར་བསྐྱུར། དེ་ནས་བཟུང་། གོ་ལ་ཟླུམ་པོའི་ངོས་ཀྱི་ས་སྤར་མོ་གང་དང་རྩྭ་རྩི་ཏོག་གཅིག་ལ་བདག་པོ་ཡོད་ངེས་ཀྱང་། ལྕང་རའི་ནང་གི་ཁམ་སྡོང་དེར་བདག་པོ་མེད་ཅིང་། སྲིད་པ་འཇིག་རྟེན་ཁམས་ཀྱི་ཉ་འབུ་སྲིན་ཡན་དང་བྱ་བྱིའུ་མན་གྱི་དབུགས་ཆགས་ལ་རྨོ་མོ་ཡོད་སྲིད་ཀྱང་། ཕྲན་ཆུང་བདག་ལ་རྨོ་མོ་མེད།
 
       རྨོ་མོ་ན་ཚོད་སྨིན་ཏེ་སྟོང་བའི་དབྱིངས་སུ་ལྷུང་རན་པའི་ཟླ་གཅིག་གི་གོང་དུ། ཕྲན་གྱི་སྒྲུང་ཐུང་ལ་བྱ་དགའ་ཐོབ་པ་རེད། དོན་དེ་ཨ་མས་རྨོ་མོར་བསྙད་དུས། རྨོ་མོས། “ཕངས་པ་ལ། སྒྲུང་ངས་ཀྱང་བཤད་ཤེས་ཀྱི་ཡོད”གསུངས། རེད་ཨང་། སྒྲུང་ནི་རྨོ་མོས་ཀྱང་ཁ་རྒན་པོ་གསུངས་མཁྱེན་ཏེ། སྒྲུང་ཤ་ལག་པ་གཅིག་དང་སྒྲུང་ཡོས་སྦར་གང་བྱུང་ན། རྨོ་མོ་ཁོང་ཅག་ལས་སྒྲུང་འབོལ་པ་སྲིད་པའི་ཁམས་སུ་ཉུང་ཉུང་ངོ་། ཁོ་བོ་འཚར་སའི་རི་གྲོང་དེར༢༠༠༦ལོར་ད་གཟོད་ཆུ་གློག་བཏང་ཐུབ་ཙམ་བྱུང་ཞིང། ལོ་དེའི་སྟོན་ཁར། ཕྲན་ཡང་གངས་ལྷ་སློབ་ཆུང་ཞེས་ཆ་རྒྱུས་མེད་པའི་ཁོར་ཡུག་གཅིག་ལ་བརྒྱད་སོ་ཁ་ཆག་ཁྱུ་གཅིག་དང་ལྷན་དུ་འཛོམས།  དེའི་སྔ་རོལ་གྱི་སྣང་བ་སྐྱིད་པའི་མཚན་མོ་རེ་རེར། སྐར་མའི་ཕྲ་ཚོམ་རྒྱང་རིང་གི་ནམ་མཐའི་མཚམས་ན་ཁྲ་ལམ་མེར་བཞད་ལ། བཀྲས་ཟུར་ཚང་གི་ཁང་ཆུང་གྲུ་བཞིའི་བཞུ་མར་གྱི་འོད་ངོགས་སུ། སྣབས་ལུད་འཛར་འཛར་གྱི་གཅེན་གཅུང་ང་ཚོ། རྨོ་མོས་གསུངས་པའི་སྒྲུང་ལ་ཉན་བཞིན་སྒྲུང་པ་ལྷ་ལས་སྐྱེས་པའི་བུ་ཆུང་ལྷ་བུ་དར་བུ་རང་ཉིད་ཡིན་པར་སྟོང་བསམ་བཅངས་མྱོང་ལ། དབུས་ལ་རོང་ཆུང་འཕྲང་ནས་གཙང་ལ་ནོར་རྒྱས་གླིང་དུ་མནའ་མར་སྟེར་བའི་བུ་མོ་དེ་རང་ཉིད་དང་འཕྲད་ན་ཅི་མ་རུང་བསམས་མྱོང་། དེ་དུས། ཉལ་བའི་གཉིད་ལམ་དུའང་། གཤོག་པ་གཉིས་བརྩེགས་གསུམ་བརྩེགས་སྐྱེས་མྱོང་ཨང་། དེ་དུས་ཀྱི་ཁོ་བོ་ལོ་ཆུང་། དེ་དུས་ཀྱི་རྨོ་མོར་སྒྲུང་མང་། དེ་དུས་ཀྱི་རྐང་ཆུང་ལ་ཚད་པའི་ལྷམ་ཆུང་དང་འཕྲང་ཆུང་ལ་དཔགས་པའི་འགྲོ་ལུགས་དེ། ཡི་གར་འཕྲོད་ཅིང་ཡི་གར་འོང་སྟེ། དུས་ད་ཆ་ཡང། གུས་པ་གློག་མེད་པའི། ཡལ་ཟིན་པའི་རི་གྲོང་དེའི་པང་དུ་ལོག་སྙིང་བྲོ། རི་གྲོང་གི་པང་དུ་ལོག་ནས།  དྲོད་ལ་ཉི་མ་ཤར་ཤར་དང་། སྐྱིད་ལ་དབྱར་རྩྭ་སྐྱེས་སྐྱེས་ཀྱི་རྨོ་མོའི་པུས་མོར་འགྲམ་པ་འབྱར་ཏེ་ཤོར་བ་ལས་ཐོབ་པ་མང་བའི་སྐྱིད་སྡུག་ལམ་འཁྱེར་གྱི་སྒྲུང་དག་མཉན་སྙིང་འདོད།
 
       ཕལ་ཆེར་ལོ་གཉིས་གསུམ་གྱི་སྔོན་ནས། གུས་པས་རང་གི་རྨོ་མོ་ནི་སྒྲུང་པ་ཡིན་པའི་དོན་དངོས་ལ་ཁས་ལེན་བྱ་འདོད་སྐྱེས། དེ་སྐབས། ཕྲན་ཡང་སྒྲུང་འབྲི་མཁན་ལ་གྱུར་དུས་ཏེ།  རྨོ་མོས་བརྒྱུད་མྱོང་བའི་མི་ཚེའི་ལམ་འཕྲང་ཁོ་ན། ལར་ནས་འཁོར་བའི་སྒྲུང་ཞིག་ཡིན་པར་ངེས་ཤེས་གསལ་པོ་འདྲོངས། དུས་དེ་ཙམ་ནས། ཁོ་བོས་ཆེད་དུ་རྨོ་མོའི་འདས་དོན་སྐོར་ལ་སྐད་ཆ་གང་མང་དྲིས། ཅུང་ཟད་ཕྱིས་འདུག་ནའང་ད་ལྟ་ཕྱི་མིག་ལྟ་དུས། སེམས་ཀྱི་ཁང་པ་སྔར་བཞིན་དྲོ་སོབ་སོབ། རྨོ་མོར་སྐད་ཆ་དྲིས་སྐབས། ཁོང་གིས་ཐོག་མར་དྲི་བའི་སྣེ་ལས་འཇུས་ཏེ་ལན་བཏབ་མོད། ཡུད་ཙམ་འགོར་རྗེས། རྨོ་མོ་དང་ན་མཉམ་པའི་རྒན་པོ་སྲ་མཁྲེགས་ཅན་ཞིག་གི་དཔའ་སྤོབས་འཆད་ཀྱིན་འཆད་ཀྱིན། རྒད་པོ་དང་མིང་རོགས་ཡིན་པའི་ཁྱིམ་མཚེས་བྱིས་པ་བསམ་མེད་ཅིག་གི་ཁྲེལ་མེད་ལུགས་མེད་ཀྱི་སྤྱོད་ཉེས་སྟེང་མཆོངས་འགྲོ། ཡང་ཁྱིམ་མཚེས་བྱིས་པའི་སྤྱོད་ཉེས་སྨྲ་གིན་སྨྲ་གིན་ལྷ་སའི་བར་སྐོར་ནས་ཞལ་ཚོར་བའི་ཇ་རོགས་མིང་མེད་ཅིག་གི་སྐྱིད་གཏམ་སྡུག་གཏམ་སྒང་འཕགས་ཏེ། འཕྲལ་དུ་བལྟས་ཚོད་ལ་དགོས་མེད་ཀྱི་མིག་ཆུ་འདྲའང་རྟིང་དུ་བསམས་ན་མི་གཤིས་ཀྱི་ཟབ་ས་ལས་སྙིང་རྗེའི་ཟེགས་མ་ཐོར་ཐོར་ནས། རྟིང་མར་ཕྲན་གྱི་དྲིས་པའི་སྐད་ཆ་ཡོངས་སུ་བརྗེད་དེ་ཁུ་སིམ་པོར་བཞུགས་ཀྱི་ཡོད། དེ་ལྟར། སྐར་མ་ལྔ་དྲུག་བདུན་བརྒྱད་ཀྱི་ཡུན་ལ་རྨོ་མོས་མི་རབས་མི་གཅིག ཡུལ་མི་འདྲ། འབྲེལ་བ་ཁྱོན་ནས་མེད་པའི་མི་འགའི་གཏམ་རྒྱུད་ཕར་བསྣོལ་ཚུར་བསྣོལ། ཕར་བསྲེས་ཚུར་བསྲེས་ཀྱིས་འཁོན་འཁོན་ཐོགས་ཐོགས་མེད་པར་བརྗོད་དེ་ཕྲན་གྱི་མགོ་བོ་གདུགས་ལྟར་འཁོར་དུ་བཅུག ད་ལྟ་དྲན་ན། རྨོ་མོའི་དྲུང་ལས་ཐོས་པ་དག མ་གཞི་ནས་བྱུང་རིམ་ལ་འཕོ་འགྱུར་ཆེ་བའི་སྒྲུང་རབ་ཤ་སྟག་མིན་པའི་ངེས་པའང་མི་འདུག དོན་ངོ་མ། ཕྲན་གྱི་སྒྲུང་པ་རྨོ་མོ་གསོན་པོར་བཞུགས་དུས། ཁོང་གི་སྐུ་གམ་དུ་ཚ་བོ་ཐ་ཆུང་བདག་ནི་འཐོམ་སྒྱེ་གཅིག་གི་ཚད་དུའང་ཐོན་མེད་དེ། རྨོ་མོ་ཐག་རིང་ལ་ཕེབས་པ་ནས་བཟུང་། ཁོ་བོས། ཕངས་པ་ལ། སྒྲུང་ནི་རྨོ་མོས་ཀྱང་གསུངས་མཁྱེན་གྱི་ཡོད། ཅེས་ཆིག་ལབ་བྱེད་ཀྱིན་ཤུགས་རིང་ནར་ནར་དུ་འབྱིན་པ་ལས་ཐབས་ཅི།
 
        ཟླ༡༢པའི་ཚེས་གཅིག་ཉིན། ཕྲན་དང་ཨ་ཅག་བརྙན་ལམ་ནས་ཁ་བརྡ་བྱེད་དུས། རྨོ་མོས་ཨ་ཅག་ལ་གཟིགས་ཙམ་གནང་བ་ཡིན་ནམ། ཡང་ན་རྨོ་མོས་ཁོ་བོར་བཀའ་མོལ་གསུངས་འདོད་པ། ཨ་ཅག་གིས་རྟོགས་པ་གང་ཡིན་ཅི་ཆ། སྐར་མ་བཞི་ལྔ་ཙམ་གྱི་ཡུན་ལ་ཨ་ཅག་གིས་ཁ་པར་བཟུང་སྟེ་ཕྲན་དང་རྨོ་མོ་བརྙན་ལམ་ནས་སྐད་ཆ་བཤད་ཁོམ་རག
 
      འཆར་ཤེལ་ངོས་རྨོ་མོའི་བྱད་བཞིན་གསལ་མ་ཐག ཁོང་གིས་ཀྱང་ཕྲན་གྱི་ངོ་གདོང་རིག་པ་འདྲ་སྟེ་ཕྱག་ཟུང་གིས་ཐལ་མོ་ཡང་ཡང་རྡེབ་ཀྱིན། “ལེགས་བཤད། གྱོང་བ་ལ། གྱོང་བ་ལ། ཞིང་ཆེན་ལ་གཟིགས་བཟོས་ལེན་དུ་ཕྱིན་པ་རྨོ་མོས་གོ་བྱུང”གསུངས་ཤིང་། ནམ་རྒྱུན་ལྟར་གཉེར་མའི་གཅོང་རོང་ནང་བཀག་ཀྱང་མི་ཁོག་པའི་ཤྭ་འོད་སླར་ཡང་བརྒྱུགས་བྱུང་། མཆི་མས་གང་བའི་རྨོ་མོའི་ཞལ་རས་མཇལ་བཞིན་གསུང་ལ་ཉན་གྱིན། ཁོ་བོའི་མིག་གཉིས་ཀྱང་སྨུག་པ་སྲབ་མོས་བསྒྲིབས་ལ་མིད་པའང་འཆུས་ཏེ་སྐད་ཆ་ཚིག་གཅིག་ཀྱང་ཁ་ནས་མ་ཐོན། མ་གཞི། སྐད་ཆ་ཁ་ལས་ཐོན་རུང་རྨོ་མོས་གོ་ཐབས་བྲལ་ཏེ། ལོ་ཟླ་ཞེས་པའི་སྒོ་སྲུང་སྡིག་ཅན་དེས་རྨོ་མོའི་ཐོས་འཛིན་གྱི་སྒོ་མ་རིང་ནས་གཏན་ཚར། “ཞིང་ཆེན་ཟེར་བ། ཆེ་བ་ལ་ཆེ་ཚོད་ཡོད་མག” རྨོ་མོས་སླར་ཡང་གསུངས་གནང་། “རེད་ཤག ཆེན་པོ་ཞེད་པོ་འདུག” ཕྲན་གྱི་ངག་སྒོ་ད་གཟོད་ཕྱེ་བཏུབ། “རྨོ་མོས་རྟག་ཏུ་སྨོན་ལམ་བཏབ་ཀྱི་ཡོད། ན་བ་ཚ་བ་མ་གཏོང་། བསམ་པ་གྲུབ་པ་ཤོག” བཀའ་མོལ་དེ་གསུངས་ཟིན་དུས། རྨོ་མོའི་བཞིན་སྟེང་གི་མཆི་མ་ཇེ་ཉུང་དུ་གྱུར་པས་ཞལ་རས་གསལ་གསལ་པོར་གུས་པའི་མིག་ནང་འཚང། མིག་ནང་འཚང་བས། རྨོ་མོའི་བྱད་བཞིན་ལ་ཅེར་ཅེར་ནས་ཕྲང་རང་སྒོམ་ཁང་གྲུ་བཞིར་ཧད་དེ་ཅུང་ཟད་ལུས་དགོས་ཁེལ། སེམས་ནང་སྔར་རྒྱུན་ལྟར་གཟུགས་མེད་ཀྱི་ལོ་ཟླ་ལ་ལེ་བདའ་བྱ་འདོད་སྐྱེས། གཟུགས་མེད་ཀྱི་ལོ་ཟླས་ཕྲན་གྱི་རྨོ་མོར་བགྲེས་བཟོ་བཏོད། གཟུགས་མེད་ཀྱི་ལོ་ཟླས་ཕྲན་གྱི་རྨོ་མོར་མནར་གཅོད་བཏང་། འོན་ཏེ། གཟུགས་མེད་ཀྱི་ལོ་ཟླས། ཕྲན་དང་རྨོ་མོར་མཐའ་མཇུག་གི་དུས་ཚོད་སྐར་མ་ཁ་ཤས་སྤྲད་པ། ངས་དེ་ཉིན་ཡེ་ནས་ཚོར་མ་བྱུང་། དངོས་གནས་ཚོར་མ་བྱུང་།
 
    ཕྲན་དང་རྨོ་མོའི་རྨི་ལམ་བཏང་བ་ལྟ་བུའི། མངོན་ཤེས་མངའ་བ་ལྟ་བུའི་བརྙན་ལམ་གྱི་ཁ་བརྡ་ཐུང་ངུའི་རྟིང་སོར།  རྨོ་མོས་ཁ་པར་གྱི་སྐུད་སྣེ་གཞན་པར་གནས་པའི་ཁོ་བོར་དབུ་ཐུག་གནང་སྟེ། གཞིས་པས་གཞིས་གོ་ཆོད་པ་ཤོག། བྱེས་པས་བྱེས་གོ་ཆོད་པ་ཤོག། ཅེས་གུས་པས་ཐོས་ཐེངས་ཆེས་མང་བའི་སྨོན་ལམ་དེ་བསྐྱར་དུ་བཏབ་གནང་། ལོ་ཟླ་ཅི་འདྲའི་མང་པོའི་ཞིག་ལ། སྨོན་ལམ་དེ་ལས་མང་བ་ཞིག རྨོ་མོས་སྔ་ཕྱག་དགོང་ཕྱག་དང་མཉམ་དུ་མི་ཚེའི་དབྱར་དགུན་སྟོན་དཔྱིད་ལ་བཏབ་ཡོད་ཅིང་། སྐྱིད་གསུམ་སྡུག་གསུམ་གྱི་མི་ཚེ་རིང་མོར། སྨོན་ལམ་ཞག་ཚིལ་ཅན་རེ་རེ་ནི་རྨོ་མོའི་སྐྱིད་གྲོགས་སམ་སྡུག་གྲོགས་གཙོ་བོ་ཡིན་ངེས། དེ་ཉིན། སྐྱེ་བ་འདིའི་རྨོ་མོ་དང་ཕྲན་ཆུང་བར་གྱི་བཀྲ་ཤིས་དེའང་རྨོ་མོས་སྨོན་ལམ་ཡང་དག་གཅིག་གིས་འཇོག་གནང་མཛད་པ། ཉམས་མྱོང་རྒན་མོའི་ཤེས་རབ་སྟེ། ཚེག་བར་བཅུ་བཞིས་གྲུབ་པའི་གསེར་རིའི་མུ་ཁྱུད་ནང་རེ་བ་དང་དད་འདུན།  ཡིད་ཆེས་དང་ལེགས་བྱས།  ཆོ་ག་དང་ལམ་རིམ་སོགས་རྨོ་མོས་མེད་མེད་འདྲ་བའི་འཇིག་རྟེན་ནས་བླངས་པའི་ཚེ་ཡི་ནོམ་ཆེན་ཏག་ཏག་གིས་བྱུར་བུར་གང་། རྨོ་མོ་དང་ཚེ་གཅིག་ལ་འདྲིས་པའི་སྨོན་ལམ་འདི་ཉིད། ཕར་སོང་ཕར་ལ་འདས་པའི་བགྲང་བྱ་གང་མང་སྔོན་གྱི་སྨོན་ལམ་རྐང་གཅིག་གི་ཁ་སྐོང་ངམ། ཡང་ན་སྲིད་པ་ཆགས་པ་ནས་བརྒྱ་ཕྲག་ཉེར་གཅིག་བར་དུ། རྟག་བརྟན་ངང་གནས་པའི་རྡོ་བ་ཞིག་ལྟར་ཕ་མེས་ཡང་མེས་སྐབས་ནས་བདོག་པ། གང་ལྟར་ཡང་། ཕྲན་གྱི་མིག་ལམ་དུ་དུས་དང་རྣམ་པ་ཀུན་ལ་སྨོན་ལམ་བཟང་པོ་རྐྱང་རྐྱང་འདེབས་མཁན་གྱི་རྨོ་མོ། སྔར་སོང་སྔ་མོའི་མི་དང་།། སྲིད་པ་ཆགས་པའི་རྡོ་བ།། རྡོ་ལ་དྲེག་པ་ཆགས་ཀྱང་།། མཇལ་སྙིང་གཞན་ལས་འདོད་པ།། ཞིག་ཏུ་སྣང་སྟེ། རྨོ་མོའི་མཐའ་མཇུག་གི་སྨོན་ལམ་དེས་ཀྱང་གུས་པ་མཐོང་སྣང་ལ་ར་སྤྲོད་ལན་གཅིག་གནང་།
 
     དེ་ཉིན། ཁོ་བོས་ཀྱང་མགོ་བོ་འཆར་ཤེལ་ལ་བཏུད་ནས་རྨོ་མོ་དང་མཐའ་མཇུག་གི་དབུ་ཐུག་བྱས། ཡིན་ཡང་། དེ་དུས་ཕྲན་གྱིས་དབུ་ཐུག་ཆེས་མཇུག་ཤོས་ཡིན་པ་རྩ་ནས་ཤེས་མེད། དེ་ཉིན། མཐའ་འཁོར་གྱི་ཡོད་ཚད་བརྟན་ཆགས་སུ་གནས་པ་ལས་དམིགས་བསལ་གྱི་རྟགས་དང་མཚན་མ་གང་ཡང་མི་འདུག དབུ་ཐུག་གནང་རྗེས། རྨོ་མོས་གོང་བར་བཏགས་པའི་ཇོ་བོའི་ན་བཟའ་ལྷེབ་ལྷེབ་ཀྱིས་སྤྱན་ཟུང་འབྱིད་བཞིན་དུ་འཆར་ཤེལ་ངོས་ལས་ཕར་ཕར་ཕེབས། དུས་ཚོད་དེ་འདྲ་ཞིག་ནས། འཇིག་རྟེན་ལྷག་པར་ཆེ་ཞིང་དེ་ཐོག་འཚོ་བར་རོལ་མཁན་གྱི་སྐྱེས་བུ་བགྲང་ལས་འདས་ཀྱང་། ཕྲན་ཆུང་བདག་ལ་བཀའ་དྲིན་མི་ཆུང་བའི་རྨོ་མོ། རྒྱང་བཞུད་ཀྱི་ལམ་ལ་ཆས་ཟིན་ཏེ། དེ་ནས་བཟུང་གུས་པས། རྨོ་མོ། རྨོ་མོ། ཞེས་སྨྲ་ལྕེ་འཛད་འཛད་བར་དུ་འབོད་ནའང་། སྤྱི་བོ་གནམ་ལ་བསྟན་པའི་གང་ཟག་སུས་ཀྱང་ཁོ་བོར་ཕྱོགས་ཏེ་ལེགས་བཤད་ཅེས་ཨ་ལན་སྤྲད་མི་སྲིད། དེ་ཉིན། ཁ་པར་བཞག་དུས། གྲོང་ཁྱེར་པེ་ཅིན་སྨག་གིས་བཏུམས་ཚར་ཡང་ཆུ་ཚོད་ལ་བལྟས་ན། ཕ་ཡུལ་གོས་སྔོན་གྱི་ཉི་མ་བཀྲ་ཤིས་བྲག་གི་རྩེ་མོ་ནས་ནུབ་ཕྱོགས་སུ་བཞུད་ལ་ཉེ་ཡོད། དེ་ནས་མར་བརྩིས་པའི་གདགས་སྲིབ་བཅོ་བརྒྱད་ཀྱི་རྗེས་སུ། ཉི་མ་ནུབ་ཏུ་བཞུད་ཉེ་བའི་དུས་ཚོད་དེ་འདྲ་ཞིག་ལ། ཕྲན་གྱི་རྨོ་མོ་ཡང་ལ་ཁའི་ཉི་མ་དང་ལྷན་དུ་ཐག་རིང་རྒྱང་ལ་ཕེབས་པ་འདྲ།
 
          “གཟིམ་ཁྲིའི་སྟེང་ཉི་མ་གསུམ་ལུས་ཀྱང་། མཆི་མ་མཆི་ཐིགས་གཅིག་དང་ཟུག་རྔུ་ཚར་གཅིག་ཀྱང་ཕྱུང་མ་སོང” རྨོ་མོའི་སྐུ་ཕུང་བསམ་ཡས་མཆིམས་ཕུར་གདན་འདྲེན་པའི་ཕྱི་ཉིན་སྐྱེད་མ་དྲིན་ཅན་གྱིས་བདག་ལ་དེ་སྐད་གསུངས། ད་ལྟའི་བར། རྨོ་མོར་རྒྱུན་གཏན་མིན་པའི་སྙུན་གཞི་ཅིའང་མེད་པས་ཟུག་རྔུ་མ་འབྱིན་ཞེ་ན། གུས་ཕྲན་དེ་མ་ཐག་ཏུ་ཡིད་ཆེས་མོད། སྤྱན་ཆབ་བསིལ་བ་ལ་རང་དབང་མེད་པའི་རྨོ་མོས་སྤྱན་ཆབ་མ་བསིལ་བ་ཐོས་དུས། ཁོ་བོས་བསྐྱར་དུ་ད་ལོའི་ཟླ་དགུ་པའི་ཉིན་དེ་དྲན་དགོས་ཁེལ། “ཨ་མ། ད་ཐེངས་ང་ཁྱིམ་ལས་ཐོན་དུས། རྨོ་མོ་མི་བཤུམས་པ་གང་རེད” ཕྲན་རང་སློབ་གྲྭར་འབྱོར་ཡོད་ཅེས་ཨ་མར་ཁ་པར་བཏང་སྐབས། ཕར་བཤད་ཚུར་ཉན་གྱི་བརྒྱུད་རིམ་དུ་ཕྲན་གྱིས་དེ་ལྟར་དྲིས། “དེ། ཨ་མས་ཀྱང་རྨོ་མོར་དྲིས་པ་ཡིན། རྨོ་མོས། རིམས་ནད་ད་དུང་དྭངས་མེད། ལེགས་བཤད་རྒྱ་ཡུལ་ལ་འགྲོ་མཁན་རེད། ངས་ངུས་ན། ལེགས་བཤད་ཀྱི་རླུང་རྟ་ཆག་གི་རེད། གསུངས་བྱུང” ཨ་མའི་ལན་འདི་བྲག་ཆ་ཇི་བཞིན་སླར་ཡང་ཕྲན་ཆུང་གི་རྣ་བར་འཁོར། རྨོ་མོའི་གསུང་འདིས་ཚ་བོ་ཐ་ཆུང་གི་མཁུར་ཚོས་སྔར་བས་བརླན་པར་བཅོས། གུས་པའི་དྲན་ཤེས་ནང་རྨོ་མོས་མཆི་མ་མིད་དེ་ཕྱིར་མ་གློད་པ་ཐེངས་འདི་གཉིས་ལ་མ་བྱུང་ཞིང་། གཅིག་ནི་བསོད་ཟད་ཁོ་བོའི་ཕྱིར་ཡིན་པ། ཕྲན་གྱིས་ནམ་ཞར་བསོད་ནམས་སུ་བསྒོམ་སྟེ་སེམས་སུ་བཅག་ངེས་ལ། གཉིས་ནི་རྨོ་མོ་རང་ཉིད་འགྲོ་འོས་པའི་ལམ་དུ་ཆས་རན་ཁར། ཆགས་པ་ཞེན་པ་བྲལ་བའི་རྟགས་སུ་ཆོས་པ་དང་ཕྱི་མི་ཀུན་གྱིས་མཐོང་བ་ན། ཁོ་བོའི་རང་འདོད་ཀྱི་གཏམ་ཙམ་ག་ལ་ཡིན།
 
          “འོད་དཔག་མེད་དྲན་གསོས་གནང་གི་འདུག་གས”  “དྲན་གསོས་ཀྱི་འདུག སྐུ་ཡིན་དུས་སྐུ་མདོག་དམར་པོ་གཅིག་དང་། སྐུ་ཤ་རློན་པ་ཡིན་དུས་པཎ་ཆེན་རིན་པོ་ཆེ་རེད་པ” གཟིམ་ཁྲིའི་སྟེང་ལུས་པའི་ཉི་མ་དང་པོར་རྨོ་མོས་ཨ་མར་ལན་དེ་ལྟར་སྤྲད། དེ་ནས་བཟུང་། རྨོ་མོའི་བཀའ་མོལ་ལྡབ་ལྡིབ་ལྡབ་ལྡིབ་ལ་གྱུར། སྤྱན་གྱི་འོད་མདངས་ཧྲབ་ཧྲིབ་ཧྲབ་ཧྲིབ་ལ་ཆགས། འོན་ཀྱང། ཕྲན་གྱིས་མ་ཐོས། ཕྲན་གྱིས་མ་མཐོང་། བར་ཐག་གཞལ་མེད་དེས་ཁོ་བོ་གྲོང་ཁྱེར་པེ་ཅིན་དུ་མཚམས་བཅད། ལས་དབང་ཆ་མེད་དེས་ཁོ་བོ་གྲོང་ཁྱེར་པེ་ཅིན་དུ་མགོ་བསྐོར།  ཁྱིམ་དུ་བརྟོལ་རྗེས་སྐྱེད་མ་དྲིན་ཅན་གྱིས་ཕྲན་ལ། “ད་དུང་། རྨོ་མོའི་ཕྱག་ཟུང་སྙིང་ཁར་བཞག་སྟེ་སྐུ་གཤེགས་པས། འདྲ་འདྲའི་ནང་གི་མི་འདྲ་བ་གཅིག་མ་ཡིན་ནམ”གསུངས། ཇི་སྐད་དུ། རྣལ་འབྱོར་པ་རབ་འཆི་བ་ལ་དྲོད། འབྲིང་མི་འཚེར། ཐ་མ་མི་འགྱོད་བྱ་ཞིང་གུས་པའི་རྨོ་མོ་ལ་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་ལྟ་ཞོག ཐ་སྙད་དེ་གཉིས་ལ་གོ་བའང་མེད་པས་སྟག་མཆོང་ས་རུ་ར་མཆོང་བའི་བློ་ཁོག་ནི་ཚེ་གཅིག་ལ་མི་ཆུང་ཉམས་ཆུང་སྒོས་འཚོ་བོར་རོལ་མཁན་ཁོང་ལ་མེད་ཅིང་། ར་ཡི་མཇིང་ཚིགས་ཆུས་ཉེན་ཡོད་པའི་གནས་ལུགས་ཕྲན་ཆུང་བདག་གིས་ཀྱང་རྟོགས་མོད། འཇིག་རྟེན་གྱི་ཁྱིམ་པ་མགོ་ནག་ཤི་སྦར་འཐམས་ཏེ་འཆི་དགོས་པའི་རྣམ་པ་ཙམ་ཡང་མ་བྱུང་བ། ཕྲན་གྱི་རྨོ་མོ། ཕ་ཡུལ་བོད་དུ་སྐྱེས་པ། སྐྱེས་གོ་ཆོད་པ་མིན་ནམ། ཕྲན་གྱི་རྨོ་མོས། མ་ཎི་ཡིག་དྲུག་བསགས་པ། བསགས་གོ་ཆོད་པ་མིན་ནམ། 
 
 གང་ལྟར།  སྐད་འཕྲིན་ཚོགས་པ་ལས་རྨོ་མོ་གཤེགས་པའི་བརྡ་མཐོང་བ་ནས་ད་བར།  དྲན་གདུང་དང་ཕངས་སེམས།  ཐེ་ཚོམ་དང་ཡི་ཆད།  སྙིང་རྗེ་དང་འུ་ཐུག་གི་རྡོ་བ་གང་མང་བླུགས་པའི་སླེ་པོ་ལྕི་མོ་གཅིག སུ་ཡིན་འདི་ཡིན་མེད་པ་ཞིག་གིས་ཕྲན་གྱི་སྒལ་ཐོག་ལ་བཀལ་བྱུང་། ཉིན་ཞག་དེ་དག་རིང་། ཁོ་བོས་སླེ་བོ་དེ་སྒལ་བར་ཁུར་ཏེ་ཡང་ནས་བསྐྱར་དུ་བསམ་མནོ་བཏང་བཏང་རྗེས། ཡི་གེའི་ཕྲེང་བ་དེ་དག་ལ་རང་སེམས་གཤའ་མར་བཅོལ་བ་ཡིན། འགབ་བམ་མི་འགབ། འོས་སམ་མི་འོས་ཇི་ལྟར་ཡང་། གློག་ཀླད་ཀྱི་མཐེབ་གཞོང་སྟེང་དུ་ཐིགས་པའི་མཆི་རྡོག་རེ་རེ། ཡི་གེ་རེ་རེའི་རྩ་བར་ཐིམ་པའི་བླ་སྲོག་རེ་རེ་དང་མཚུངས་ལ། བླ་སྲོག་དེ་དག་གིས་རྐྱེན་པས་ཕྲན་དང་རྨོ་མོའི་བར་ལ་རབ་ཟམ་གཞན་ཞིག་རྙེད་པར་གྱུར། སྙིང་གི་ཟེའུ་འབྲུ་རེ་རེ། ཡི་གེ་རེ་རེའི་ཚུལ་གྱིས་གློག་ཀླད་ནང་གཏགས་པའི་དུས་ཚོད་དེ་དག་ཏུ། རྨོ་མོའི་མར་ཁུ་བྱུགས་པའི་བྱད་བཞིན་ཁོ་ན། བྱད་བཞིན་འཛུམ་དང་ལྡན་པ་ཁོ་ན། བྱད་བཞིན་སྙིང་ལ་ཉེ་བ་ཁོ་ན། ཡི་གེའི་ནས་འབྲུ་དེ་ཚོའི་རྒྱབ་ལྗོངས་ཀྱི་དོད་དུ་གློག་ཀླད་ཀྱི་འཆར་ཤེལ་ངོས་ལ་ལྷམ་མེ་ལྷན་ནེ་ལྷང་ངེར་སྣང་འོང་། ཡང་ནས་ཡང་དུ། གུས་པ་མ་སྐྱེས་གོང་གི་བགྲང་བྱ་མང་པོའི་སྔ་རོལ་ལ་གཤེགས་པའི་རྨོ་མོའི་ཨ་ཕ། རྨོ་མོའི་ཨ་ཅག་གི་ཕྲུ་གུར་བརྫུས་ནས་ཕ་ཡུལ་ལ་ལོག་པར་བསམས་ན། རྟེན་འབྲེལ་དེ་རང་འགྲིག་ཡིན་ཚེ། ཕྲན་གྱི་སྐྱེ་བ་འདིའི་རྨོ་མོ། བྱིས་པ་གཅིག་གི་ཚུལ་དུ་ཕ་ཡུལ་གོས་སྔོན་ལ་བྱོན་ཤོག རྨོ་མོ་བསོད་ནམས་བདེ་སྐྱིད། མི་འདྲིས་ཁྱི་འདྲིས་ཡིན་པའི་ཕ་ཡུལ་གོས་སྔོན་ལ་བྱོན་ཤོག
 
           ཏག་ཏག ལྷུག་མ་འདི་འབྲི་གིན་མཚམས་འདིར་སླེབ་དུས།  ཉི་མ་ནུབ་ཁའི་གྲིབ་སོ་ལྕང་ར་ལས་ཤར་ཕྱོགས་སུ་ནུར་བཞིན། ཀ་བ་མེད་པའི་ཕ་ཡུལ་གོས་སྔོན་གྱི་ནམ་མཁར་ལྕགས་བྱ་སྐྱེན་པོ་ཞིག་འུར་སྒྲ་དང་བཅས་འཕུར་ཏེ་འོང་།
 
              “ལེགས་བཤད། གནམ་ལ་བལྟོས་དང་། གནམ་གྲུ”
              “རྨོ་མོ་རང་། སྤྱན་ཐང་པོ་མེད་ཀྱང་། གཟིགས་ཀྱི་འདུག་གས”
   “ཡ་གིར་བལྟོས་དང་། མཐོང་བྱུང་ངས”
              “མཐོང་བྱུང་། རྨོ་མོ། འོ་ན། ཨ་ནེ་གནམ་གྱི་དགུང་ཐང་མ་ལན་གཅིག་གསུང་གནང་ཀས”
     ……. ……. ……
              “ཨ་ནེ་གནམ་གྱི་དགུང་ཐང་མ།
               ཡང་ན་ལྕགས་ཐག་སི་ལིང་ལིང།
               ཡང་ན་བལ་ཐག་འདུར་ལོ་ལོ།
               བུ་མོ་བདུད་མོས་ཟ་ལ་ཁད།
               བདུད་མོ་ལྟོགས་ནས་འཆི་ལ་ཁད། ཅེས་གླུ་བླངས་ཏེ་བྲོས་འགྲོ་སྐབས། དེ་འདྲ་ཞིག་ལ། ཨ་ནེ་གནམ་གྱི་གུང་ཐང་མས་གནམ་གྱི་དཀྱིལ་ནས་ལྕགས་ཐག་གཅིག་སི་ལིང་ལིང་ཟེར་ནས་གཡུགས་པས། བུ་མོས་ལྕགས་ཐག་ལ་འཐམས་ཏེ་གནམ་ལ་འཛེགས་ཕྱིན་་་་་་་”
  
                     ༢༠༢༡ལོའི་ཟླ༢པའི་ཚེས་ལྔར། ཕ་ཡུལ་དུ།

རྩོམ་སྒྲིག་པ། དབང་མོ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བསོད་ནམས་ལེགས་བཤད་ཀྱི་ལྷུག་རྩོམ་གསར་པ། 《ཨ་ནེ་གནམ་གྱི་གུང་ཐང་མ》

2021-10-11 བསོད་ནམས་ལེགས་བཤད།(པེ་ཅིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།