གངས་ལྷ་མེ་ཏོག་འདམ་གྱིས་འགོས་པ་འདྲ།

གཉལ་ཨ་བཀྲ།༼ལྷ་ས༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-26


འདབ་ཆགས་སྐྱུང་ཁའི་མཆུ་དམར་ལྷན་སྐྱེས་མཆུ།  །
བོད་པའི་བུ་མོའི་མཆུ་དེ་ཅི་འདྲ་རེད།   །
ཤ་གཟན་སྲོག་ཆགས་ཤ་ལ་རྔམས་པ་ཡིས། །
ཁྲག་དམར་འཛར་འཛར་ཟ་བའི་ཁ་བཞིན་ནོ། །

སྤྲ་སྤྲེའུ་སྤུ་སེར་བདག་ཅག་མེས་པོ་རེད། །
བོད་པའི་བུ་མོའི་མགོ་སྐྲ་ཅི་འདྲ་རེད། །
ཕལ་ཆེར་བྲག་སྲིན་རྒྱུད་པ་ཡིན་ནོ་ཞེས།  །
ར་སྤྲོད་བྱེད་ཆེད་མིན་ནམ་ཡང་ན་ཅི།  །

ཡ་ཙེ་རྐང་པ་རིང་ཡང་ཆུ་རྐྱལ་མཁས།  །
བོད་པའི་བུ་མོའི་ལྷམ་དེ་ཅི་འདྲ་རེད།
ལྷམ་གྱི་རྟིང་ཁ་ལའང་འདོམ་གང་ཙམ། །
རྒྱལ་བ་བྱམས་པའི་སྐལ་པར་སྨོན་པ་འདྲ། །

རྟ་བོང་སུག་ལག་ཕྲ་ཡང་བང་རྒྱུག་མཁས།  །
བོད་པའི་བུ་མོའི་སྨད་དེ་ཅི་འདྲ་རེད།   །
དམ་བཅུར་གོས་ཀྱིས་ལུས་བྱད་བཏོན་ན་ཡང༌། །
བོད་པའི་གར་འཆམ་སྐབས་ཀྱི་དུར་བདག་འདྲ། །

མི་རྒོད་ནུ་འབུར་རྒྱས་ཀྱང་སྤུ་ཡིས་བཀབ། །
བོད་པའི་བུ་མོའི་སྟོད་དེ་ཅི་འདྲ་རེད། །
དམ་བཅུར་གོས་ཀྱིས་ལུས་བྱད་བཏོན་ན་ཡང༌། །
གྲོག་མ་ཇི་བཞིན་འབུར་ཙམ་ཕྲ་ཙམ་གདའ། །

སེན་མོའི་འོག་ན་ཁྲག་མདངས་དམར་ལེར་མངོན།  །
བོད་པའི་བུ་མོའི་སེན་མོ་ཅི་འདྲ་རེད།  །
དུར་ཁྲོད་ཚལ་གྱི་རྒོད་པོའི་སྡེར་མ་འདྲ།  །
བྲན་གཡོག་འཇོར་ཤིག་བསད་པའི་སེན་མོ་བཞིན། །

གངས་ལྷ་མེ་ཏོག་དཀར་བས་རང་མདངས་དཀར།  །
གདོང་དམར་བོད་མོའི་དཀར་པོ་ཅི་འདྲ་རེད།  །
དཀར་པོས་ཟུང་ཁྲག་ཟད་པའི་ནད་པ་བཞིན། །
གངས་ལྷ་མེ་ཏོག་འདམ་ནག་འགོས་པ་བཞིན། །
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གངས་ལྷ་མེ་ཏོག་འདམ་གྱིས་འགོས་པ་འདྲ།

2012-05-26 གཉལ་ཨ་བཀྲ།༼ལྷ་ས༽ ཀློག་གྲངས། མཆན ཡོད།


འདབ་ཆགས་སྐྱུང་ཁའི་མཆུ་དམར་ལྷན་སྐྱེས་མཆུ།  །
བོད་པའི་བུ་མོའི་མཆུ་དེ་ཅི་འདྲ་རེད།   །
ཤ་གཟན་སྲོག་ཆགས་ཤ་ལ་རྔམས་པ་ཡིས། །
ཁྲག་དམར་འཛར་འཛར་ཟ་བའི་ཁ་བཞིན་ནོ། །

སྤྲ་སྤྲེའུ་སྤུ་སེར་བདག་ཅག་མེས་པོ་རེད། །
བོད་པའི་བུ་མོའི་མགོ་སྐྲ་ཅི་འདྲ་རེད། །
ཕལ་ཆེར་བྲག་སྲིན་རྒྱུད་པ་ཡིན་ནོ་ཞེས།  །
ར་སྤྲོད་བྱེད་ཆེད་མིན་ནམ་ཡང་ན་ཅི།  །

ཡ་ཙེ་རྐང་པ་རིང་ཡང་ཆུ་རྐྱལ་མཁས།  །
བོད་པའི་བུ་མོའི་ལྷམ་དེ་ཅི་འདྲ་རེད།
ལྷམ་གྱི་རྟིང་ཁ་ལའང་འདོམ་གང་ཙམ། །
རྒྱལ་བ་བྱམས་པའི་སྐལ་པར་སྨོན་པ་འདྲ། །

རྟ་བོང་སུག་ལག་ཕྲ་ཡང་བང་རྒྱུག་མཁས།  །
བོད་པའི་བུ་མོའི་སྨད་དེ་ཅི་འདྲ་རེད།   །
དམ་བཅུར་གོས་ཀྱིས་ལུས་བྱད་བཏོན་ན་ཡང༌། །
བོད་པའི་གར་འཆམ་སྐབས་ཀྱི་དུར་བདག་འདྲ། །

མི་རྒོད་ནུ་འབུར་རྒྱས་ཀྱང་སྤུ་ཡིས་བཀབ། །
བོད་པའི་བུ་མོའི་སྟོད་དེ་ཅི་འདྲ་རེད། །
དམ་བཅུར་གོས་ཀྱིས་ལུས་བྱད་བཏོན་ན་ཡང༌། །
གྲོག་མ་ཇི་བཞིན་འབུར་ཙམ་ཕྲ་ཙམ་གདའ། །

སེན་མོའི་འོག་ན་ཁྲག་མདངས་དམར་ལེར་མངོན།  །
བོད་པའི་བུ་མོའི་སེན་མོ་ཅི་འདྲ་རེད།  །
དུར་ཁྲོད་ཚལ་གྱི་རྒོད་པོའི་སྡེར་མ་འདྲ།  །
བྲན་གཡོག་འཇོར་ཤིག་བསད་པའི་སེན་མོ་བཞིན། །

གངས་ལྷ་མེ་ཏོག་དཀར་བས་རང་མདངས་དཀར།  །
གདོང་དམར་བོད་མོའི་དཀར་པོ་ཅི་འདྲ་རེད།  །
དཀར་པོས་ཟུང་ཁྲག་ཟད་པའི་ནད་པ་བཞིན། །
གངས་ལྷ་མེ་ཏོག་འདམ་ནག་འགོས་པ་བཞིན། །
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།