རང་ལ་དགོད་ཁ་ཤོར་སོང་།

    __རང་གིས་རང་ཁོ་ནར་བྲིས་པ།
དུས་གསུམ་སངས་རྒྱས་ཀུན་གྱི།།
ངོ་བོ་གཅིག་ཏུ་བསྡུས་པ།།
བདག་གི་དྲིན་ཆེན་བླ་མར།།
སྒོ་གསུམ་གུས་པས་ཕྱག་འཚལ།།
རང་རྒྱུད་འདུལ་བའི་ཕྱིར་དུ།།
དབེན་པའི་རི་ཁྲོད་འགྲིམས་ཀྱང་།།
རྣམ་གཡེང་གོམས་ཤུགས་ཆེ་བས།།
རང་རྒྱུད་འདུལ་བར་མ་ནུས།།
སྡུག་གི་སྒོ་མོ་འགོག་ཕྱིར།།
ཆོས་ཀྱི་གྲལ་ཏུ་ཞུགས་ཏེ་།།
ཆོས་པའི་རྣམ་འགྱུར་བསྟན་ཀྱང་།།
ཆོས་ཀྱི་སྙིང་བོ་མ་རྟོགས།།
ཆོས་པའི་གཟུགས་བརྙན་བདག་ལ།།
འདི་ཞེས་ལམ་སྣ་མེད་པས།།
ལྷ་ནི་དགོད་ཁ་འཆོར་ལ།།
རང་ཡང་དགོད་ཁ་འཆོར་སོང་།།
ཟང་ཟིང་གྲོང་ལ་འགྲིམས་དུས།།
མིག་དབང་གཞན་གྱིས་འཕྲོག་སོང་།།
མཚན་མོ་མལ་ནས་ཉལ་ཀྱང་།།
སེམས་འདི་གཞན་ལ་ཤོར་འགྲོ།
མི་རྟག་སྟོང་ཉིད་སྒོམ་དུས།།
གཏི་མུག་གཉིད་ཀྱིས་བྱིང་འགྲོ།
སྒེག་མོའི་ཞལ་རས་སྒོམ་དུས།།
གཉིད་ཀྱི་མུན་པ་སངས་སོང།
མར་གྱུར་སེམས་ཅན་བསྒོམས་བཞིན།།
སེམས་ནས་རང་ཉིད་བསམ་ཡོད།།
གཞན་གཅེས་གཙོར་བཟུང་ཟེར་བཞིན།།
རང་ཉིད་གཅེས་སུ་བཟུང་ཡོད།།
སྡུག་འདི་ལན་ཆགས་ལྕི་བས།།
སྡུག་གི་ངོ་བོ་མ་མཐོང་།།
སང་ཉིན་འཆི་བར་ངེས་ཀྱང་།།
སང་ལོའི་འཆར་གཞི་བཀོད་ཡོད།།
སྐྱིད་ཀྱི་ཕུགས་རེ་བསམ་ནས།།
ལུས་ཕུང་སྡུག་ལ་སྦྱར་སོང་།།
སྡུག་གིས་ཨ་ཐང་ཆད་ཀྱང་།།
སྡུག་གི་རྩ་བ་མ་ཆོད།།
བྱ་བྲལ་རྟུལ་ཞུགས་བཟུང་ཀྱང་།།
འདུ་འཛིའི་བྱ་བས་གཡེངས་སོང་།།
རང་ལ་ལེ་ལན་མེད་པས།།
སེམས་སུ་བྲེད་ཤ་མ་ལངས།།
ཆོས་དྲེད་ཆོས་ཀྱིས་མ་ཐུབ།།
མར་ཀོག་སྣུམ་གྱིས་མ་ཐུབ།།
ཆོས་པའི་གཟུགས་བརྙན་ཙམ་ལས།།
དོན་གྱི་སྙིང་བོས་སྟོང་སོང་།།
རབ་བྱུང་སྣང་བརྙན་བདག་ལ།།
འདི་ཞེས་ཁ་ཕྱོགས་མེད་པས།།
ལྷ་ནི་དགོད་ཁ་འཆོར་ལ།།
རང་ཡང་དགོད་ཁ་འཆོར་སོང་།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་ལ་དགོད་ཁ་ཤོར་སོང་།

2012-05-24 སྙན་བཟང་དགེ་དར། ཀློག་གྲངས། མཆན ཡོད།

    __རང་གིས་རང་ཁོ་ནར་བྲིས་པ།
དུས་གསུམ་སངས་རྒྱས་ཀུན་གྱི།།
ངོ་བོ་གཅིག་ཏུ་བསྡུས་པ།།
བདག་གི་དྲིན་ཆེན་བླ་མར།།
སྒོ་གསུམ་གུས་པས་ཕྱག་འཚལ།།
རང་རྒྱུད་འདུལ་བའི་ཕྱིར་དུ།།
དབེན་པའི་རི་ཁྲོད་འགྲིམས་ཀྱང་།།
རྣམ་གཡེང་གོམས་ཤུགས་ཆེ་བས།།
རང་རྒྱུད་འདུལ་བར་མ་ནུས།།
སྡུག་གི་སྒོ་མོ་འགོག་ཕྱིར།།
ཆོས་ཀྱི་གྲལ་ཏུ་ཞུགས་ཏེ་།།
ཆོས་པའི་རྣམ་འགྱུར་བསྟན་ཀྱང་།།
ཆོས་ཀྱི་སྙིང་བོ་མ་རྟོགས།།
ཆོས་པའི་གཟུགས་བརྙན་བདག་ལ།།
འདི་ཞེས་ལམ་སྣ་མེད་པས།།
ལྷ་ནི་དགོད་ཁ་འཆོར་ལ།།
རང་ཡང་དགོད་ཁ་འཆོར་སོང་།།
ཟང་ཟིང་གྲོང་ལ་འགྲིམས་དུས།།
མིག་དབང་གཞན་གྱིས་འཕྲོག་སོང་།།
མཚན་མོ་མལ་ནས་ཉལ་ཀྱང་།།
སེམས་འདི་གཞན་ལ་ཤོར་འགྲོ།
མི་རྟག་སྟོང་ཉིད་སྒོམ་དུས།།
གཏི་མུག་གཉིད་ཀྱིས་བྱིང་འགྲོ།
སྒེག་མོའི་ཞལ་རས་སྒོམ་དུས།།
གཉིད་ཀྱི་མུན་པ་སངས་སོང།
མར་གྱུར་སེམས་ཅན་བསྒོམས་བཞིན།།
སེམས་ནས་རང་ཉིད་བསམ་ཡོད།།
གཞན་གཅེས་གཙོར་བཟུང་ཟེར་བཞིན།།
རང་ཉིད་གཅེས་སུ་བཟུང་ཡོད།།
སྡུག་འདི་ལན་ཆགས་ལྕི་བས།།
སྡུག་གི་ངོ་བོ་མ་མཐོང་།།
སང་ཉིན་འཆི་བར་ངེས་ཀྱང་།།
སང་ལོའི་འཆར་གཞི་བཀོད་ཡོད།།
སྐྱིད་ཀྱི་ཕུགས་རེ་བསམ་ནས།།
ལུས་ཕུང་སྡུག་ལ་སྦྱར་སོང་།།
སྡུག་གིས་ཨ་ཐང་ཆད་ཀྱང་།།
སྡུག་གི་རྩ་བ་མ་ཆོད།།
བྱ་བྲལ་རྟུལ་ཞུགས་བཟུང་ཀྱང་།།
འདུ་འཛིའི་བྱ་བས་གཡེངས་སོང་།།
རང་ལ་ལེ་ལན་མེད་པས།།
སེམས་སུ་བྲེད་ཤ་མ་ལངས།།
ཆོས་དྲེད་ཆོས་ཀྱིས་མ་ཐུབ།།
མར་ཀོག་སྣུམ་གྱིས་མ་ཐུབ།།
ཆོས་པའི་གཟུགས་བརྙན་ཙམ་ལས།།
དོན་གྱི་སྙིང་བོས་སྟོང་སོང་།།
རབ་བྱུང་སྣང་བརྙན་བདག་ལ།།
འདི་ཞེས་ཁ་ཕྱོགས་མེད་པས།།
ལྷ་ནི་དགོད་ཁ་འཆོར་ལ།།
རང་ཡང་དགོད་ཁ་འཆོར་སོང་།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།