བོད་ལ་བལྟས་པ།


གནམ་སའི་བར་ན་མི་སྐད་རླུང་ལྟར་གཡུག།
ལས་ཀྱི་ལན་ཆགས་ཐོད་པའི་རི་མོར་བྲིས། །
བདེན་པའི་རལ་གྲི་ཨུ་ཚུགས་རྡོ་ལ་ཐོགས། །
སྣང་བརྙན་འཇིགས་པོའི་གྲིབ་མ་ཚུར་ཚུར་རེད། །

ཤ་རུས་གྲུབ་ཁུངས་གནའ་བོའི་ཁྱིམ་ལ་ཟུག །
རིགས་ཀྱི་རྣམ་ཤེས་དུང་ཞེན་ཟབ་མོས་བཅིངས། །
ཡབ་མེས་རིག་གཞུང་རིན་ཐང་ས་རུ་ལྷུང་། །
འགྱུར་ལྡོག་མུན་པའི་རྔམས་ཁ་ཇེ་མཐུག་རེད། །

གངས་རིའི་དབུ་ཞྭ་ཙག་རླུང་རྒོད་པོས་གཙབ། །
རི་བོ་ལྡང་ལའི་སྙིང་ཕུག་འཕྲུལ་གྱིས་བརྟོལ། །
མ་ཕམ་གཡུ་མཚོའི་དག་གཙང་རྫས་ཀྱིས་སྦག །
མཐོ་སྒང་ཨ་མའི་མིག་ཆུ་སྡུག་གིས་ཟགས། །

གྲྭ་ས་སེ་འབྲས་དམ་པའི་གདན་སར་གྲུབ། །
མདོ་སྔགས་རིག་གཞུང་འཆད་སའི་ལྟེ་བར་ངེས། །
ཁྲིམས་དང་ལྟ་བས་བཅུམ་པའི་ཤུལ་ལམ་ན། །
དབུགས་རྒྱུན་ཕྲ་མོའི་རྒྱུ་བ་མ་འགག་ཙམ། །

སྨན་རྩིས་ཁང་སོགས་མཐོ་རིམ་སློབ་གླིང་དག །
རིག་གཞུང་མཚོ་མོ་འཁྱིལ་སའི་ལྡིང་ཁང་རེད། །
གཞན་ཤུགས་ཐེབས་པའི་དེང་གི་ལམ་ཕྱོགས་ན། །
སྐད་ཡིག་སྲོག་རྩ་གཉོམ་པོ་ཆད་ལ་བྲེལ། །

གདོང་དམར་བོད་པའི་སེམས་ཀྱི་དྲོད་ཐིག་དེ། །
ཡབ་མེས་ཤ་ཁྲག་རུས་པས་རིན་གྱིས་བརྩེགས། །
སྙན་གྲགས་གོ་ལའི་ཕྲག་ནས་འཕུར་མྱོང་བའི། །
ཕོ་བྲང་དམར་པོའི་ཕྱི་ནང་སྟོང་བ་རེད། །

ཁམས་ཀྱི་མདོ་ཆེན་གསུམ་སོགས་ཕལ་མོ་ཆེར། །
རིགས་ཀྱི་ལག་རྡང་གྲི་ཡིས་གཏོར་ནས་ཡོད། །
ཀླད་པ་རྙིང་བས་ཤེད་ཤུགས་ཡོད་གྲགས་པས། །
སྔོན་ཐོན་གྲལ་ལ་སྙེག་ཚུལ་དཀའ་རབས་བཤད། །

རྫ་ཆུ་སྔོན་མོའི་འགྲམ་སོགས་ཕན་ཚུན་ན། །
སྐྱེས་ཆེན་དམ་པ་གསེར་གྱི་ཕྲེང་ལྟར་བྱོན། །
མདོ་སྔགས་རིག་གཞུང་འཆད་པའི་ཟླ་མ་རྙེད། །
དེང་གི་རྒྱུད་འཛིན་ཕ་ཤུལ་ཤོར་བར་སྣང་། །

ཨ་མདོ་རྔ་བ་བླ་བྲང་རྨ་ཆུ་སོགས། །
རིགས་ཞེན་ཚོར་བ་ཟབ་མོ་འཕགས་ཐེངས་རེ། །
གཞན་དབང་སྐྱོ་བའི་མཆི་མ་ཁྲོམ་ནས་གཏོར། །
རང་སྲོག་གཞན་ལ་བཙོང་མཁན་དེ་བས་མང་། །

རོང་འབྲོག་འཚོ་བའི་གོམས་གཤིས་མི་འདྲ་ཡང་། །
འབྱོར་བའི་མངའ་ཐང་གསོག་པ་འདྲ་འདྲ་རེད། །
གྲྭ་གྲོང་ལྟ་བའི་འཐེན་ཕྱོགས་མི་གཅིག་ཀྱང་། །
ཤེས་རིག་མཁོ་བའི་འདུ་ཤེས་ཡོད་ཚོད་རེད། །

ཁ་ཚིག་འཇམ་པོའི་གདོང་ལེན་མེད་ཚོད་རེད། །
འདུ་ཤེས་དགེ་སྡུག་འཆོལ་བ་ཡོད་གྲབ་ཡོད། །
མི་གཤིས་རྩུབ་མོའི་ཁོར་ཡུག་མ་འགྱུར་བར། །
གདོད་མའི་གོམས་སྲོལ་འགའ་རེ་ལྷག་ཡོད་འདུག །

དུས་ཀྱི་གོམ་ཁ་རླུང་གིས་བསྟོད་དུས་འདིར། །
སེམས་ཀྱི་འདུ་ཤེས་འཁྲུལ་བས་རྫོབ་པའི་སྐབས། །
རང་དབང་ཚུགས་ཐུབ་ལང་ཕྱོགས་མེད་པའི་སྒང་། །
དབུས་ཁམས་མདོ་གསུམ་སེམས་པས་བསྐོར་ན་བསམ། །
        ༢༠༡༡   ༢    ༡༠  བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ལ་བལྟས་པ།

2012-05-13 བཙན་ཞགས། ཀློག་གྲངས། མཆན ཡོད།


གནམ་སའི་བར་ན་མི་སྐད་རླུང་ལྟར་གཡུག།
ལས་ཀྱི་ལན་ཆགས་ཐོད་པའི་རི་མོར་བྲིས། །
བདེན་པའི་རལ་གྲི་ཨུ་ཚུགས་རྡོ་ལ་ཐོགས། །
སྣང་བརྙན་འཇིགས་པོའི་གྲིབ་མ་ཚུར་ཚུར་རེད། །

ཤ་རུས་གྲུབ་ཁུངས་གནའ་བོའི་ཁྱིམ་ལ་ཟུག །
རིགས་ཀྱི་རྣམ་ཤེས་དུང་ཞེན་ཟབ་མོས་བཅིངས། །
ཡབ་མེས་རིག་གཞུང་རིན་ཐང་ས་རུ་ལྷུང་། །
འགྱུར་ལྡོག་མུན་པའི་རྔམས་ཁ་ཇེ་མཐུག་རེད། །

གངས་རིའི་དབུ་ཞྭ་ཙག་རླུང་རྒོད་པོས་གཙབ། །
རི་བོ་ལྡང་ལའི་སྙིང་ཕུག་འཕྲུལ་གྱིས་བརྟོལ། །
མ་ཕམ་གཡུ་མཚོའི་དག་གཙང་རྫས་ཀྱིས་སྦག །
མཐོ་སྒང་ཨ་མའི་མིག་ཆུ་སྡུག་གིས་ཟགས། །

གྲྭ་ས་སེ་འབྲས་དམ་པའི་གདན་སར་གྲུབ། །
མདོ་སྔགས་རིག་གཞུང་འཆད་སའི་ལྟེ་བར་ངེས། །
ཁྲིམས་དང་ལྟ་བས་བཅུམ་པའི་ཤུལ་ལམ་ན། །
དབུགས་རྒྱུན་ཕྲ་མོའི་རྒྱུ་བ་མ་འགག་ཙམ། །

སྨན་རྩིས་ཁང་སོགས་མཐོ་རིམ་སློབ་གླིང་དག །
རིག་གཞུང་མཚོ་མོ་འཁྱིལ་སའི་ལྡིང་ཁང་རེད། །
གཞན་ཤུགས་ཐེབས་པའི་དེང་གི་ལམ་ཕྱོགས་ན། །
སྐད་ཡིག་སྲོག་རྩ་གཉོམ་པོ་ཆད་ལ་བྲེལ། །

གདོང་དམར་བོད་པའི་སེམས་ཀྱི་དྲོད་ཐིག་དེ། །
ཡབ་མེས་ཤ་ཁྲག་རུས་པས་རིན་གྱིས་བརྩེགས། །
སྙན་གྲགས་གོ་ལའི་ཕྲག་ནས་འཕུར་མྱོང་བའི། །
ཕོ་བྲང་དམར་པོའི་ཕྱི་ནང་སྟོང་བ་རེད། །

ཁམས་ཀྱི་མདོ་ཆེན་གསུམ་སོགས་ཕལ་མོ་ཆེར། །
རིགས་ཀྱི་ལག་རྡང་གྲི་ཡིས་གཏོར་ནས་ཡོད། །
ཀླད་པ་རྙིང་བས་ཤེད་ཤུགས་ཡོད་གྲགས་པས། །
སྔོན་ཐོན་གྲལ་ལ་སྙེག་ཚུལ་དཀའ་རབས་བཤད། །

རྫ་ཆུ་སྔོན་མོའི་འགྲམ་སོགས་ཕན་ཚུན་ན། །
སྐྱེས་ཆེན་དམ་པ་གསེར་གྱི་ཕྲེང་ལྟར་བྱོན། །
མདོ་སྔགས་རིག་གཞུང་འཆད་པའི་ཟླ་མ་རྙེད། །
དེང་གི་རྒྱུད་འཛིན་ཕ་ཤུལ་ཤོར་བར་སྣང་། །

ཨ་མདོ་རྔ་བ་བླ་བྲང་རྨ་ཆུ་སོགས། །
རིགས་ཞེན་ཚོར་བ་ཟབ་མོ་འཕགས་ཐེངས་རེ། །
གཞན་དབང་སྐྱོ་བའི་མཆི་མ་ཁྲོམ་ནས་གཏོར། །
རང་སྲོག་གཞན་ལ་བཙོང་མཁན་དེ་བས་མང་། །

རོང་འབྲོག་འཚོ་བའི་གོམས་གཤིས་མི་འདྲ་ཡང་། །
འབྱོར་བའི་མངའ་ཐང་གསོག་པ་འདྲ་འདྲ་རེད། །
གྲྭ་གྲོང་ལྟ་བའི་འཐེན་ཕྱོགས་མི་གཅིག་ཀྱང་། །
ཤེས་རིག་མཁོ་བའི་འདུ་ཤེས་ཡོད་ཚོད་རེད། །

ཁ་ཚིག་འཇམ་པོའི་གདོང་ལེན་མེད་ཚོད་རེད། །
འདུ་ཤེས་དགེ་སྡུག་འཆོལ་བ་ཡོད་གྲབ་ཡོད། །
མི་གཤིས་རྩུབ་མོའི་ཁོར་ཡུག་མ་འགྱུར་བར། །
གདོད་མའི་གོམས་སྲོལ་འགའ་རེ་ལྷག་ཡོད་འདུག །

དུས་ཀྱི་གོམ་ཁ་རླུང་གིས་བསྟོད་དུས་འདིར། །
སེམས་ཀྱི་འདུ་ཤེས་འཁྲུལ་བས་རྫོབ་པའི་སྐབས། །
རང་དབང་ཚུགས་ཐུབ་ལང་ཕྱོགས་མེད་པའི་སྒང་། །
དབུས་ཁམས་མདོ་གསུམ་སེམས་པས་བསྐོར་ན་བསམ། །
        ༢༠༡༡   ༢    ༡༠  བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།