དེང་རབས་ཀྱི་དཔེ་ཚོགས་ཟེར་བ་སྐོར་ཞིག་བཀླགས་རྗེས་ཀྱི་གཏམ་ཐུང་མགྱོགས་བྲིས་མ།

རང་གི་བླ་རྡུང་བའི་ཐོ་བ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-07-16


རང་སེམས་དར་གྱི་སྐུད་པ་ཕྲ་དྲགས་རུང་།།
རང་བློ་རྒྱ་ཁབ་འདྲ་མོ་གང་བཞག་པའི།།
ལྷ་འདྲེ་གཉིས་ཀྱི་ལྷམ་ཆད་མ་ཉན་པའི།།
དེང་རབས་རྩོམ་དགའི་ཡ་ཁོག་ཡུག་གོ་རེད།།

ཇ་ནེ་ཁ་ཆག་ལྷམ་ཚང་རུལ་བོ་ནས།།
སྔས་འབོལ་ཐེད་པོ་ལྕགས་གོང་གཡའ་མ་སོགས།།
ཅིག་ཅིག་ཆེ་ཚད་ཅིག་ལ་བརྩི་འཇོག་པའི།།
དེང་རབས་རྩོམ་དགའ་ཁྱིམ་ལུད་གསོག་ས་རེད།།

སྡོམ་པ་ཟེར་དུས་འདོམས་ན་ཞེ་སྡང་ཆེ།།
གྲྭ་ལོག་སྟོང་གི་ལྷག་འཕྲོ་ཁྱོད་ཚོ་རེད།།
འདུལ་བ་གླེང་ན་གདོན་འདྲེའི་ངར་ཅན་པོ།།
རྒྱལ་འགོང་འདུས་པའི་ཆོ་འཕྲུལ་ཁྱོད་ཚོ་རེད།།

དེང་རབས་ཟེར་དུས་སྟོན་པ་བརྡུང་སྙིང་ཆེ།།
དམྱལ་བའི་ལྕགས་ཟངས་ནང་ལ་འཕྲོད་ལེ་བོ།།
འཚོ་བ་སྤྲང་ཁུག་འདྲ་མོ་མ་ཁེངས་པར།།
ཧམ་སེམས་མེ་ལྕེས་ཧ་ལམ་འཚིག་བཞག་ཟིག།

དཔྱོད་པ་དགོས་ཞེས་བློ་རིག་ཞར་བཞག་ཟིག།
དོགས་པ་དགོས་ཞེས་དྲན་པ་དོག་འདུག་མོད།།
ཁ་ཤོབ་འཐེན་ན་རི་ཤུབ་བཀོག་སྙམ་སྟེར།།
རུ་ཤུལ་ཐབ་རྡོ་འདི་དག་སྙིང་རེ་རྗེ།།

ཉི་ཚེ་མིག་སྟོང་ཅན་པོས་དཔྱད་ནས་བྲིས།།
ཅིག་ཅིག་མཛའ་མོ་ཅན་ཞིག་བྲིས་ནས་འདུག།
མིག་རྫོད་ཞོགས་དུང་བོང་བུས་བརྐུས་ནས་བྲིས།།
ཨ་ཙི་ཨ་ཙི་གླེན་པའི་ཆོས་དཔོན་འདི།།

ཧྥེང་ལོང་ཁ་ལྕེ་ཅན་པོས་བསྒྲིགས་ནས་བྲིས།།
ཅིག་ཅིག་ཚོན་རིས་མ་ཞིག་ཉན་ནས་འདུག།
མིང་རྫོད་མེ་ལྕེ་རྟོལ་ལུས་བཤུས་ནས་བྲིས།།
ཨོ་ཧོ་ཨོ་ཧོ་བླུན་པོའི་ཁྲིམས་དཔོན་འདི།།

ཡུས་ཅེ་མའོ་ལོ་གཉིས་ཀྱིས་ཉན་ནས་བྲིས།།
ཁུང་ཙི་མུན་ཙི་སོགས་ལ་སྡང་བ་ཆུང་།།
སྒོ་ཤེར་ཚ་མདའ་གཉིས་ཀ་རྨོངས་ནས་བྲིས།།
རང་རེའི་མཁས་ཆེན་སྙིང་ལ་བརྣག་བཞག་ཟིག།

དབྱི་ཐ་ལི་དང་དབྱིན་ཇི་ཧྥ་གོ་ཡི།།
དུས་ཀྱི་ཇག་པའི་རི་ལམ་གཟར་མོ་ནས།།
འདྲ་མཉམ་རང་དབང་རྩད་ནས་དབུལ་ཕྱུག་སྙོམས།།
དྲང་བདེན་གསེར་སྐུད་མ་ཞིག་བརྒྱུས་ནས་འདུག།
སྡེ་བའི་བདེན་པ་ཅུང་ཞིག་བསྟོད་ཆོག་མོད།།

འོ་ཅག་ཤིག་རྒན་མཆན་ནས་ཉལ་དྲགས་ཏེ།།
མཚན་གུང་ཚ་བ་མུན་པ་རྒྱས་དྲགས་ནས།།
ཉལ་ས་དྲོན་པོ་དམྱལ་བའི་སྣང་བ་ཤར།།
ཐར་ལམ་ཟེར་ནས་ཐང་ལ་ལྡིང་བཞག་ཟིག།
མུ་གེའི་བྱེ་ཐང་ཉུལ་བར་ཞེ་རེ་ཁྲེལ།།

ལ་རྒྱ་ཟེར་ནས་ལམ་ནོར་ཐེབས་དྲགས་པའི།།
བླུན་པོའི་རིག་པ་ཀོ་ཁུག་གྱོང་བོ་འདིར།།
ལམ་རིམ་འོད་ཟེར་ཅན་པོས་མཇལ་ཁ་འཇོག།
ཕྱི་མ་ལམ་སྣ་ཟིན་པའི་སྨོན་ལམ་འདེབས།།
ཟོག་ཅིག་ཉན་རུང་ཚོགས་བསགས་ཡོད་པར་སྨོན།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེང་རབས་ཀྱི་དཔེ་ཚོགས་ཟེར་བ་སྐོར་ཞིག་བཀླགས་རྗེས་ཀྱི་གཏམ་ཐུང་མགྱོགས་བྲིས་མ།

2012-07-16 རང་གི་བླ་རྡུང་བའི་ཐོ་བ། ཀློག་གྲངས། མཆན ཡོད།


རང་སེམས་དར་གྱི་སྐུད་པ་ཕྲ་དྲགས་རུང་།།
རང་བློ་རྒྱ་ཁབ་འདྲ་མོ་གང་བཞག་པའི།།
ལྷ་འདྲེ་གཉིས་ཀྱི་ལྷམ་ཆད་མ་ཉན་པའི།།
དེང་རབས་རྩོམ་དགའི་ཡ་ཁོག་ཡུག་གོ་རེད།།

ཇ་ནེ་ཁ་ཆག་ལྷམ་ཚང་རུལ་བོ་ནས།།
སྔས་འབོལ་ཐེད་པོ་ལྕགས་གོང་གཡའ་མ་སོགས།།
ཅིག་ཅིག་ཆེ་ཚད་ཅིག་ལ་བརྩི་འཇོག་པའི།།
དེང་རབས་རྩོམ་དགའ་ཁྱིམ་ལུད་གསོག་ས་རེད།།

སྡོམ་པ་ཟེར་དུས་འདོམས་ན་ཞེ་སྡང་ཆེ།།
གྲྭ་ལོག་སྟོང་གི་ལྷག་འཕྲོ་ཁྱོད་ཚོ་རེད།།
འདུལ་བ་གླེང་ན་གདོན་འདྲེའི་ངར་ཅན་པོ།།
རྒྱལ་འགོང་འདུས་པའི་ཆོ་འཕྲུལ་ཁྱོད་ཚོ་རེད།།

དེང་རབས་ཟེར་དུས་སྟོན་པ་བརྡུང་སྙིང་ཆེ།།
དམྱལ་བའི་ལྕགས་ཟངས་ནང་ལ་འཕྲོད་ལེ་བོ།།
འཚོ་བ་སྤྲང་ཁུག་འདྲ་མོ་མ་ཁེངས་པར།།
ཧམ་སེམས་མེ་ལྕེས་ཧ་ལམ་འཚིག་བཞག་ཟིག།

དཔྱོད་པ་དགོས་ཞེས་བློ་རིག་ཞར་བཞག་ཟིག།
དོགས་པ་དགོས་ཞེས་དྲན་པ་དོག་འདུག་མོད།།
ཁ་ཤོབ་འཐེན་ན་རི་ཤུབ་བཀོག་སྙམ་སྟེར།།
རུ་ཤུལ་ཐབ་རྡོ་འདི་དག་སྙིང་རེ་རྗེ།།

ཉི་ཚེ་མིག་སྟོང་ཅན་པོས་དཔྱད་ནས་བྲིས།།
ཅིག་ཅིག་མཛའ་མོ་ཅན་ཞིག་བྲིས་ནས་འདུག།
མིག་རྫོད་ཞོགས་དུང་བོང་བུས་བརྐུས་ནས་བྲིས།།
ཨ་ཙི་ཨ་ཙི་གླེན་པའི་ཆོས་དཔོན་འདི།།

ཧྥེང་ལོང་ཁ་ལྕེ་ཅན་པོས་བསྒྲིགས་ནས་བྲིས།།
ཅིག་ཅིག་ཚོན་རིས་མ་ཞིག་ཉན་ནས་འདུག།
མིང་རྫོད་མེ་ལྕེ་རྟོལ་ལུས་བཤུས་ནས་བྲིས།།
ཨོ་ཧོ་ཨོ་ཧོ་བླུན་པོའི་ཁྲིམས་དཔོན་འདི།།

ཡུས་ཅེ་མའོ་ལོ་གཉིས་ཀྱིས་ཉན་ནས་བྲིས།།
ཁུང་ཙི་མུན་ཙི་སོགས་ལ་སྡང་བ་ཆུང་།།
སྒོ་ཤེར་ཚ་མདའ་གཉིས་ཀ་རྨོངས་ནས་བྲིས།།
རང་རེའི་མཁས་ཆེན་སྙིང་ལ་བརྣག་བཞག་ཟིག།

དབྱི་ཐ་ལི་དང་དབྱིན་ཇི་ཧྥ་གོ་ཡི།།
དུས་ཀྱི་ཇག་པའི་རི་ལམ་གཟར་མོ་ནས།།
འདྲ་མཉམ་རང་དབང་རྩད་ནས་དབུལ་ཕྱུག་སྙོམས།།
དྲང་བདེན་གསེར་སྐུད་མ་ཞིག་བརྒྱུས་ནས་འདུག།
སྡེ་བའི་བདེན་པ་ཅུང་ཞིག་བསྟོད་ཆོག་མོད།།

འོ་ཅག་ཤིག་རྒན་མཆན་ནས་ཉལ་དྲགས་ཏེ།།
མཚན་གུང་ཚ་བ་མུན་པ་རྒྱས་དྲགས་ནས།།
ཉལ་ས་དྲོན་པོ་དམྱལ་བའི་སྣང་བ་ཤར།།
ཐར་ལམ་ཟེར་ནས་ཐང་ལ་ལྡིང་བཞག་ཟིག།
མུ་གེའི་བྱེ་ཐང་ཉུལ་བར་ཞེ་རེ་ཁྲེལ།།

ལ་རྒྱ་ཟེར་ནས་ལམ་ནོར་ཐེབས་དྲགས་པའི།།
བླུན་པོའི་རིག་པ་ཀོ་ཁུག་གྱོང་བོ་འདིར།།
ལམ་རིམ་འོད་ཟེར་ཅན་པོས་མཇལ་ཁ་འཇོག།
ཕྱི་མ་ལམ་སྣ་ཟིན་པའི་སྨོན་ལམ་འདེབས།།
ཟོག་ཅིག་ཉན་རུང་ཚོགས་བསགས་ཡོད་པར་སྨོན།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།