ཀ་རྩོམ་དམར་རྗེན་མ།

བྱ་གཞུང་ལྷ་འབུམ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-11-25

ཀ་ཁའི་སྦྱངས་མཚམས་ནི་བཞག་ནས།།
ཁ་བརྡའི་གླེང་གཞི་ཡང་བསྐྱུར་ནས།།
ག་ལེར་གཞན་སྐད་ཅིག་བསླབས་པའི།།
ང་འདིའི་རང་ཚུགས་དེ་མཚར་བ།།
 
ཅ་ཅོ་འདུ་འཛི་ལ་ཆགས་ནས།།
ཆ་མེད་མི་ལ་རང་འགྲོགས་ནས།།
ཇ་ཆང་བག་མེད་དུ་སྤྱད་པའི།།
ཉ་ཉོག་ང་འདི་ཅིག་རྫོབ་པ།།
 
ཏ་སྒུར་རང་གཤིས་དེ་འཁྱོག་པོ།།
ཐ་ན་ཀུན་ལའང་མ་བསྟུན།།
ད་དུང་རང་ཤེད་རང་ཚ་བའི།།
ན་གཞོན་ང་འདི་ཅིག་ལད་པ།།
 
པ་ལགས་སེམས་གཏམ་དེ་བརྗེད་ནས།།
ཕ་མའི་མིག་བརྫད་ཅིང་བླ་སྒུལ།།
བ་གླང་དུད་འགྲོ་དང་འདྲ་བའི།།
མ་རབས་ང་འདི་ཅིག་བཙོག་པ།།
 
ཙ་ན་སློབ་ལ་ནི་མི་བརྩོན།།
ཚ་གྲང་དཀའ་སྡུག་ཡང་མི་བཟོད།།
ཛ་ལང་སྤྱོད་པ་དེར་གོམས་པའི།།
ཝ་ཕྲུག་ང་འདི་ཅིག་སྡུག་པ།།
 
ཞ་བོའི་རིགས་ལ་ནི་མཚང་དྲུས།།
ཟ་ཉལ་མི་ལ་ནི་ངན་སྨྲས།།
འ་ཆད་ལས་ཀ་དེར་བརྩོན་པའི།།
ཡ་མཚན་ང་འདི་ཅིག་གླེན་པ།།
 
ར་མ་ཕག་ལུག་གི་སྤྱོད་པས།།
ལ་ལའི་ཡིད་སེམས་དེ་བསྲེགས་ཤིང་།།
ཤ་ཚ་སྙིང་རྗེ་ཡང་མེད་པའི།།
ས་མཐའི་ང་འདི་ཅིག་ངན་པ།།
 
ཧ་ཅང་ཀུ་རེ་ནི་མིན་ལ།།
ཨ་བུའི་རང་གཤིས་དེ་མཁྲེག་པོ།།
ཧ་རེ་ཧུ་རེར་ཅིག་བལྟས་ན།།
ཨ་ཨ་ང་རང་ལ་ཅི་བྱུང་།།
                     ༢༠༡༢ལོའི་ཟླ༡༠པའི་ཚེས་༢༠ལ་འཇར་པན་གྱི་རྒྱལ་ས་ཐོའོ་ཁཱོ་རུ་ཤར་མར་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀ་རྩོམ་དམར་རྗེན་མ།

2012-11-25 བྱ་གཞུང་ལྷ་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

ཀ་ཁའི་སྦྱངས་མཚམས་ནི་བཞག་ནས།།
ཁ་བརྡའི་གླེང་གཞི་ཡང་བསྐྱུར་ནས།།
ག་ལེར་གཞན་སྐད་ཅིག་བསླབས་པའི།།
ང་འདིའི་རང་ཚུགས་དེ་མཚར་བ།།
 
ཅ་ཅོ་འདུ་འཛི་ལ་ཆགས་ནས།།
ཆ་མེད་མི་ལ་རང་འགྲོགས་ནས།།
ཇ་ཆང་བག་མེད་དུ་སྤྱད་པའི།།
ཉ་ཉོག་ང་འདི་ཅིག་རྫོབ་པ།།
 
ཏ་སྒུར་རང་གཤིས་དེ་འཁྱོག་པོ།།
ཐ་ན་ཀུན་ལའང་མ་བསྟུན།།
ད་དུང་རང་ཤེད་རང་ཚ་བའི།།
ན་གཞོན་ང་འདི་ཅིག་ལད་པ།།
 
པ་ལགས་སེམས་གཏམ་དེ་བརྗེད་ནས།།
ཕ་མའི་མིག་བརྫད་ཅིང་བླ་སྒུལ།།
བ་གླང་དུད་འགྲོ་དང་འདྲ་བའི།།
མ་རབས་ང་འདི་ཅིག་བཙོག་པ།།
 
ཙ་ན་སློབ་ལ་ནི་མི་བརྩོན།།
ཚ་གྲང་དཀའ་སྡུག་ཡང་མི་བཟོད།།
ཛ་ལང་སྤྱོད་པ་དེར་གོམས་པའི།།
ཝ་ཕྲུག་ང་འདི་ཅིག་སྡུག་པ།།
 
ཞ་བོའི་རིགས་ལ་ནི་མཚང་དྲུས།།
ཟ་ཉལ་མི་ལ་ནི་ངན་སྨྲས།།
འ་ཆད་ལས་ཀ་དེར་བརྩོན་པའི།།
ཡ་མཚན་ང་འདི་ཅིག་གླེན་པ།།
 
ར་མ་ཕག་ལུག་གི་སྤྱོད་པས།།
ལ་ལའི་ཡིད་སེམས་དེ་བསྲེགས་ཤིང་།།
ཤ་ཚ་སྙིང་རྗེ་ཡང་མེད་པའི།།
ས་མཐའི་ང་འདི་ཅིག་ངན་པ།།
 
ཧ་ཅང་ཀུ་རེ་ནི་མིན་ལ།།
ཨ་བུའི་རང་གཤིས་དེ་མཁྲེག་པོ།།
ཧ་རེ་ཧུ་རེར་ཅིག་བལྟས་ན།།
ཨ་ཨ་ང་རང་ལ་ཅི་བྱུང་།།
                     ༢༠༡༢ལོའི་ཟླ༡༠པའི་ཚེས་༢༠ལ་འཇར་པན་གྱི་རྒྱལ་ས་ཐོའོ་ཁཱོ་རུ་ཤར་མར་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།