ནམ་དུས་དེ་ལ་སླེབས་སོང༌།
དང་པོ་ཡུར་བུའི་འགྲམ་ལ།།
ཆུ་རྩེད་རྩེ་བར་འགྲོ་དུས།།
ཁྱེད་ཀྱིས་བཤོས་པའི་ཆུ་དེ།།
ལུས་པོ་ཡོངས་ལ་སིམ་བྱུང༌།།
གཉིས་པ་གླིང་ཁའི་ནང་ལ།།
སྤྲོ་འཆམ་བྱེད་པར་འགྲོ་དུས།།
ཁྱེད་ཀྱིས་གསུངས་པའི་སྙིང་གཏམ།།
སྙིང་ལ་རི་མོ་བརྐོས་བྱུང༌།།
ད་ཆ་ལོ་ན་སོན་སོང༌།།
ལང་ཚོའི་མེ་ཏོག་བཞད་སོང༌།།
ལས་འཕྲོའི་འབྲས་བུ་སྨིན་པའི།།
ནམ་དུས་དེ་ལ་སླེབས་སོང༌།།
རྩོམ་ཁུངས། ཡར་ཀླུང་གླུ་གསར།